དགོངས་ཚུལ།

ཧུའུ་ཅིང་ཐའོ་ལ་འདྲི་རྒྱུའི་སྲིད་འཛིན་ཨོ་བྷ་མའི་དྲི་བ་ཁག་བཅུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༡༣ཉིན་སྤེལ། རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་ཐེངས་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་གཟིགས་སྐོར་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་འདྲི་རྒྱུའི་དྲི་བ་ཁག་བཅུ་བཟོས་ཡོད་པ་རེད། ཁོང་ཚོས་གལ་སྲིད་ཨོ་བྷ་མས་དྲི་བ་ཁག་འདི་དག་འདྲི་རྗེས་རྒྱ་ནག་གི་དབང་འཛིན་པ་ཚོས་ལན་འདེབས་དང་མ་འོངས་པར་ཁོང་ཚོས་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང་ལ་སོགས་པའི་གནས་སྟངས་ཁག་ཡར་རྒྱས་སུ་ཡོང་བ་དང་། ལག་ལེན་དུ་ཁེལ་བ་བྱེད་དགོས་ཀྱི་ཡོད་ཅེས་བཤད་ཡོད་འདུག

༡ དེ་ཡང་དྲི་བ་དང་པོའི་ནང་རྒྱ་ནག་གཞུང་གིས་ཨ་རིའི་དྲ་རྒྱ་བརྒྱུད་ལམ།(Twitter and Facebook) གཉིས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དང་།

༢ རྒྱ་ནག་དབང་འཛིན་པ་ཚོས་བོད་དང་ཤིན་ཅང་གི་རླུང་འཕྲིན་བརྒྱུད་ལམ་ཁག་དང༌།    དེ་བཞིན་དཔེར་ན། ཨ་རིའི་རླུང་འཕྲིན་དང༌།  ཨི་ཤེ་ཡའི་རང་དབང་རླུང་འཕྲིན་སོགས་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན།

༣ རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པའི་རྩོམ་པ་དང་གསར་འགོད་པ་ལུའུ་ཞོ་སྤོབ་དང༌།  ཧུའུ་རྒྱ། ཧྲི་ཐའོ། དེ་བཞིན་ཆིང་ཁྲུང་ཧིད་སོགས་ཀྱིས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད་པར། ཁོང་ཚོས་ཞི་བདེའི་ཐོག་ནས་བསམ་ཚུལ་སྤེལ་བར་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན།

༤ ཨ་རིས་གཙོས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་ཆོག་མཆན་མེད་དུས་བོད་ནང་དུ་འགྲོ་བསྐྱོད་བྱེད་མི་ཐུབ་པའི་རྒྱུ་མཚན།

༥ དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་དུ་བོད་མི་ཚོར་བཅའ་འདྲི་བྱས་པ་ཁོ་ན་ཙམ་ལ་ངོ་ལོག་པའི་ཉེས་པ་འགེལ་རྩིས་བྱེད་དགོས་པའི་རྒྱུ་མཚན།

༦  ཨ་རིའི་གསར་འགྱུར་བརྒྱུད་ལམ་གཙོས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་

ཁ་ཐུག་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚོང་འབྲེལ་བྱེད་ཆོག་གི་མེད་པའི་རྒྱུ་མཚན།

༧ རྒྱ་ནག་གཞུང་གིས་དུས་རྒྱུན་རྒྱལ་སྤྱིའི་གསར་འགྱུར་གནས་ཚུལ་ཁག་ལ་ཞིབ་བཤེར་དང་དེ་བཞིན་དབྱི་རན་གྱི་རྡུལ་ཕྲན་ལས་གཞིའི་སྐོར་གྱི་གནས་ཚུལ་ཁག་ལ་ཁྱབ་བསྒྲགས་རྫུན་མ་སྤེལ་དགོས་པའི་རྒྱུ་མཚན།

༨ བྱང་ཀོ་རིའི་ས་མཚམས་ཁུལ་དུ་གསར་འགོད་པས་རང་དབང་གི་ཐོག་ནས་གནས་ཚུལ་མཁོ་སྒྱུབ་བྱེད་པར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན།

༩ ཤིན་ཅང་ཁུལ་དུ་འབྲེལ་གཏུག་བརྒྱུད་ལམ་ཡོར་ཆས་དཔེར་ན། དྲ་རྒྱ་དང་ཁ་དཔར་སོགས་ཟླ་བ་བཞིའི་རིང་བཀག་འགོག་བྱས་ཡོད་པས་མ་ཚད་དེ་དག་ལ་སོ་ལྟ་དང་ཉན་སྲུང་བྱེད་དགོས་པའི་རྒྱུ་མཚན།

༡༠ དེ་བཞིན་རྒྱ་ནག་གཞུང་གིས་གསར་འགོད་པ་དང་རྩོམ་སྒྲིག་པ་རྣམས་ལ་རྟོག་ཞིབ་དང༌། ལྷག་པར་དུ་ཚོང་ལས་དང་ལྐོག་ཟ་རུལ་སུང་ཁག་གི་གནས་ཚུལ་རྣམས་འགེབ་ཐབས་བྱེད་དགོས་པའི་རྒྱུ་མཚན་བཅས་དྲི་བ་ཁག་བཅུ་བཟོས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།