༧གོང་ས་མཆོག་གིས་འབྲས་ལྗོངས་སུ་འཚམས་འཕྲིན་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ཟླ་༡༡ཚེས་༧ཉིན་སྤེལ། ཁ་སང་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་སུ་བོད་ཀྱི་ཐེངས་དང་པོའི་དུས་ཆེན་མཛད་སྒོ་དེ་འགོ་འཛུགས་བྱས་ཡོད་འདུག་ལ། དུས་ཆེན་དེའི་སྐབས་སུ་༧གོང་ས་མཆོག་གིས་རྒྱབ་སྐྱོར་གྱི་མཚམས་འཕྲིན་ཞིག་གནང་ཡོད་འདུག

འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་དུ་བོད་མའི་གཞིས་ཆགས་ཀྱི་འགོ་འཛིན་སྐུ་ཞབས་དོན་གྲུབ་རྡོ་རྗེ་ལགས་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་དོན། བོད་དང་འབྲས་ལྗོངས་དབར་ལོ་རྒྱུས་དང་ཆོས་ལུགས་རིག་གཞུང་བཅས་ཀྱི་འབྲེལ་བ་ཉེ་པོ་དང་གལ་ཆེན་པོ་ཡིན་པ་དང༌། སྤྱིར་འབྲས་ལྗོངས་སུ་ཆོས་ལུགས་མང་པོ་ཞིག་སྲོལ་རྒྱུན་དུ་དལ་སྲོལ་ཡོད་ཀྱང༌། ནང་ཆོས་འདི་ནི་འབྲས་ལྗོངས་ཀྱི་སྲོལ་རྒྱུན་ཆོས་ལུགས་ཅིག་དང་དེ་ནི་འབྲས་ལྗོངས་པ་རྣམས་ཀྱི་ཁྱད་ཆོས་སམ་ངོ་བོའི་འབྱུང་རྩ་གཙོ་བོ་ཞིག་ཡིན་པ་རེད་ཅེས་གསུངས་ཡོད་འདུག

ནང་ཆོས་འདི་ནི་ང་ཚོས་སྤོབས་པ་སྐྱེད་འོས་པའི་ཕ་གཞིས་ཀྱི་ནོར་སྐལ་ལྟ་བུ་ཞིག་ཡིན་པ་དང༌། དེར་བརྒྱུད་འཛིན་དང་ལག་ལེན་བྱེད་མཁན་རྣམས་ཀྱི་བསམ་བློ་ལ་བྱམས་སྙིང་རྗེ་དང༌། ཞི་བདེ། འཚེ་བ་མེད་པ་བཅས་ཀྱི་ནུས་པ་གོང་མཐོ་ཏུ་གཏོང་ངེས་རེད།  དེ་འདྲ་ཡིན་དུས། ཕ་གཞིས་ཀྱི་ནོར་སྐལ་དེ་ལས་ཁེ་ཕན་དང་སྲུང་སྐྱོབས་བྱེད་པ་ལ་གཙོ་བོ་ཤེས་ཡོན་སློབ་སྦྱོང་གི་ལམ་ལུགས་ནི་འབད་བརྩོན་དང་མཉམ་རུབ་བྱེད་པ་པོ་གཙོ་བོ་དེ་ཆགས་ཡོད་པ་རེད་ཅེས་གསུངས་ཡོད་འདུག

མཛད་སྒོ་དེའི་གོ་སྒྲིག་བྱེད་མཁན་ནི་འབྲས་ལྗོངས་བོད་མིའི་ཚོགས་སྡེ་ཁག་དང་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གསུམ་བཅས་ཡིན་འདུག

གང་ཉིད་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་དུས། འབྲས་ལྗོངས་ཀྱི་མངའ་སྡེའི་འགྲིམས་འགྲུལ་བློན་ཆེན་སྐུ་ཞབས་ཋི་ཋི་བྷུ་ཊིའ་མཆོག་གིས་འབྲས་ལྗོངས་སུ་བོད་མིའི་ཚོགས་སྡེ་ཡིས་མཛད་སྒོ་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེར་བསྔགས་བརྗོད་དང༌། ཧ་ཅང་ཕྱུག་པོ་ཡིན་པའི་བོད་པའི་རིག་གཞུང་དེ་གཅེས་སྐྱོང་བྱེད་དགོས་པ་ནི་གལ་ཆེན་ཞིག་ཡིན་ལུགས་གསུང་བཤད་གནང་ཡོད་འདུག

ཡང་ཁོང་གིས་བོད་དང་འབྲས་ལྗོངས་དབར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དམ་ཟབ་འཛུགས་རྒྱུ་དང༌། འབྲས་ལྗོངས་ཀྱི་གྲྭ་ཕྲུག་དེ་ཚོས་བོད་ཀྱི་བླ་མ་ཚོའི་མདུན་ནས་ནང་ཆོས་ཀྱི་ཕྱོགས་ནས་སློབ་སྦྱོང་དང་ལེགས་ཆ་ལེན་དགོས་པ་མང་པོ་ཞིག་ཡོད་པ་རེད་ཅེས་གསུངས་ཡོད་འདུག མཛད་སྒོ་འདི་ནི་ཟླ་འདིའི་ཚེས་༦ནས་༡༠བར་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།