ཁ་ནཱ་ཌས་རྒྱ་ནག་ལ་གཙང་རླུང་བཙོང་རྒྱུའི་འགོ་བཙུགས་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༢༡ཉིན་སྤེལ། གཙང་རླུང་ནང་འདྲེན་བྱེད་པ་དེ། རྒྱ་ནག་གི་དུ་ཞགས་དཀའ་ངལ་སེལ་བར་གལ་ཆེན་པོ་ཡིན་ནམ།

ཨ་རིའི་གསར་ཁང་སེ་ཨེན་ཨེན CNN ནང་ལ་འཁོད་པའི་གནས་ཚུལ་ལ་གཞིགས་ན། ཁ་ནཱ་ཏྲའི་ནང་གངས་ཤུད་རྩེད་ས་ཞིག་ཏུ་གཙང་རླུང་གི་དམ་བུ་ཉོ་མཁན་རྒྱ་རིགས་ཧ་ཅང་མང་པོ་ཡོད་པར་བཤད་འདུག ཐོག་མར་གཙང་རླུང་ལྕགས་ཀྲིན་ ༥༠༠ བྷན་ཧྥི་(Banff) རཱོ་ཁུའེ་མའོན་ཊན་ (Rocky mountain town) གྲོང་རྡལ་ནང་ནས་རླུང་གཙང་མ་བརྒྱང་ཏེ། ཟླ་སྔོན་མའི་བདུན་ཕྲག་གཉིས་ཀྱི་རིང་རྒྱ་ནག་ལ་བཙོང་ཡོད་འདུག

རྒྱ་ནག་གི་ཚོང་ཟོག་སྐྱེལ་འདྲེན་འགན་འཛིན་ཧ་རིས་སིན་ (Harrison) གིས་བཤད་པ་ལྟར་ན། ད་ལྟ་ང་ཚོས་རྗེས་སུ་ཡོང་རྒྱུའི་ཚོང་འགྲུལ་པ་ཕལ་ཆེར་ ༡༠༠༠ ཡས་མས་ཤིག་གི་མངགས་ཉོ་མང་པོ་སྒྲུབ་བཞིན་ཡོད། གཙང་རླུང་དམ་བུ་དེ་ལྕགས་ཀྲིན་གྱི་ཆེ་ཆུང་ལྟར་ཨ་སྒོར་ ༡༤ དང་ ༢༠ ལ་བཙོང་གི་ཡོད།

ཡང་ནས་བསྐྱར་དུ་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་དུ། དུ་ཞགས་ཀྱིས་གཡོགས་ཀྱི་ཡོད་ལ། ལྷག་པར་དུ་དགུན་ཁ་གྲང་ངར་ཆེ་བའི་སྐབས་སུ་ཁྱིམ་ཚང་དང་གློག་གི་བཟོ་གྲྭར་རྡོ་སོལ་སྦར་བས་དུ་ཞགས་ཧ་ཅང་མང་པོ་འབྱུང་གི་ཡོད།
 
བདུན་ཕྲག་སྔོན་མའི་ནང༌། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རླུང་གི་སྤུས་ཀ་ཞན་པ་ལ་བརྟེན་ནས་སློབ་གྲྭ་ཁ་ཤས་ཀྱི་སྒོ་རྒྱག་པ་དང་རླང་འཁོར་འགྲིམ་འགྲུལ་ཉུང་རུ་གཏོང་བ་སོགས་རྒྱ་ནག་གི་ལོ་རྒྱུས་སྟེང་སྔོན་ཆད་བྱུང་མ་མྱོང་བའི་ཉེན་ཁ་ཅན་གྱི་གནད་དོན་ཛ་དྲག་ཅན་ཞིག་བྱུང་ཡོད་འདུག

གཙང་རླུང་ཚོང་མཁན་གྱི་འགོ་གཙོ་མཱོ་སེས་སི་ལཱམ་(Moses  Lam གྱིས་བཤད་པ་ལྟར་ན། ལོ་སྔོན་མའི་ནང་ཁོང་གིས་གཙང་རླུང་ཁུག་མའི་ནང་དུ་བརྒྱང་སྟེ་ཨིས་བྷེས (eBay) དྲ་ཚིགས་རྒྱུད་ནས་ཚོང་སྐབས་ཁོང་གིས་བརྒྱ་ཆ ༩༩ ཚོང་ཐུབ་ཡོད་པས་ཁོ་ལ་ད་ལྟའི་གཙང་རླུང་གི་དམ་བུ་བཙོང་རྒྱུའི་བསམ་ཚུལ་དེ་རག་པ་ཡིན་པར་བརྗོད་ཡོད།

དང་པོ་ཁོ་ཚོས་ཚོད་ལྟའི་ཚུལ་དུ་རླུང་བཙོང་བ་བརྟེན་ནས་རྗེས་སུ་གཙང་རླུང་གི་དམ་བུ་བཙོང་རྒྱུ་གཏན་ཁེལ་བྱས་པ་རེད།

གཞན་ཡང་ཨེ་ཌ་མོན་ཏྲོན (Edmonton) ན་རྟེན་གཞི་བྱས་ཡོད་པའི་འགོ་གཙོ་ལཱམ་གྱིས་བརྗོད་དོན། ང་བདུན་ཕྲག་གཉིས་ཀྱི་ནང་དུ་ཐེངས་གཅིག་རེ་བྷན་ཧྥི་ལ་སོང་ནས་ཆུ་ཚོད་བཅུའི་རིང་རླུང་གི་དམ་བུ་བརྒྱང་གི་ཡོད།
 
དམ་བུ་ནང་དུ་གཙང་རླུང་བརྒྱང་རྒྱུར་ཆུ་ཚོད་ངེས་ཅན་ཞིག་འགྲོ་ཡི་འདུག རྒྱུ་མཚན་དམ་བུ་ཚང་མ་ལག་ནང་དུ་འཛིན་རྒྱུའི་དམ་བུ་ཡིན་པ་དང༌། ང་ཚོས་གང་ཐུབ་ཀྱིས་རླུང་གཙང་མ་བརྒྱང་གི་ཡོད། སྣུམ་དང་སོལ་རླངས་གི་འཕྲུལ་ཆས་སོགས་རྒྱུད་ནས་རླུང་བརྒྱང་བ་མ་ཡིན་པར་གཙུང་རླུང་གི་དམ་བུའི་རླུང་དེ་གཙང་མ་ཆགས་རྒྱུར་འབད་རྩོན་བྱེད་ཀྱི་ཡོད།

ཁ་ན་ཌའི་ནང་དུ་གཙོ་བོ་ཐོན་གསར་ཡིན་པའི་ངོས་ན་བཙོང་གི་ཡོད་པ་འགོ་གཙོ་ལཱམ་གྱིས་བཤད་ཡོད་ནའང་རྒྱ་རིགས་མང་པོས་དེ་ནི་རྒྱ་ནག་ནང་གི་ཁ་རླུང་འབག་ཙོག་གི་དཀའ་ངལ་སེལ་བྱེད་ངོ་མ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

ང་ཚོའི་གཙང་རླུང་དེ་བྱང་ཨ་མི་རི་ཁའི་ནང་དུ་བཙོང་བར་ཆོག་མཆན་ཞུ་དགོས་ཀྱང་རྒྱ་ནག་ནང་གི་གནས་སྟངས་ནི། དེ་ལས་ལོགས་སུ་ཡིན་པར་བརྗོད་ཡོད་འདུག

ལས་རིགས་སྣེ་མང་ཆེད་ལས་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེ་མོ་བཱེ་ལེ་སུ་ལོང (Wallace Leung) གིས་ཨ་རིའི་གསར་ཁང་CNN ལ་བཤད་རྒྱུར། གཙང་རླུང་གི་དམ་བུ་ཉོ་རྒྱུ་དེ་ནི་རྒྱ་ནག་གི་མཁའ་རླུང་འབག་བཙོག་གི་དཀའ་ངལ་སེལ་བའི་ཐབས་ལམ་མ་ཡིན་པར། ཐབས་ལམ་ངོ་མ་དེ་ནི་ང་ཚོས་མཐོང་མི་ཐུབ་པའི་རླུང་ནང་གི་གནོད་ཚབས་ཅན་དག་གཙང་མ་བཟོ་རྒྱུ་དེ་ཡིན་པར་རྒྱ་ནག་གི་འབག་བཙོག་ཁྲོད་གྱོན་པའི་ཁ་ཐུམ་གྱི་སྐོར་ལ་ཞིབ་འཇུག་བྱསཏེ་འགྲེལ་བརྗོད་གནང་འདུག

དེ་ཡང་གཙང་རླུང་གི་དམ་བུ་བཙོང་མཁན་གྱི་འགོ་གཙོ་ལཱམ་གྱིས་བཤད་དོན། གཙང་རླུང་དམ་བུ་གཅིག་གིས་ཕན་ཐོགས་ཀྱི་མ་རེད། ང་ཚོས་དེའི་སྐོར་ལ་གཟབ་གཟབ་བྱ་རྒྱུ་ཡིན། འོན་ཀྱང་ང་ཚོའི་བཟོ་གྲྭས་གཙང་རླུང་གི་དམ་བུའི་ཐོན་རྫས་འབོར་ཆེན་བཏོན་རྒྱུ་ཡིན། གལ་སྲིད་རྒྱ་ནག་མི་མང་གིས་ཟས་དང་ཆུ་སོགས་ནང་འདྲེན་བྱེད་ཆོག་ན་གཙང་རླུང་ཉོ་བའི་ཐོབ་ཐང་ཁོ་ཚོར་ཅི་ལ་མེད་དམ་ཅེས་བརྗོད་ཡོད་འདུག

གསར་འགོད་པ།         ཚེ་རིང་ནོར་བུ་དང་ཚེ་བརྟན་བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།