ནན་སེ་ཕཱི་ལོ་སེའི་བོད་སྐྱོད་དང་རྒྱ་གཞུང་གི་གཡོ་བྱུས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༡།༢༠ ཉིན་སྤེལ། རྒྱ་ནག་གཞུང་གིས་དངོས་ཡོད་རྣམས་ནག་བསུབ་ཏུ་བཏང་ཡོད་པས། ཨ་རིའི་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་མཁན་ཚོས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དེ་མཐོང་ཡོད་ཀྱི་མ་རེད་བསམ།

ཉེ་ལམ་ལྷ་ས་རང་ནས་རྒྱ་གར་དུ་འབྱོར་བའི་ཡུལ་མི་ཞིག་གིས་འདི་གསར་ཁང་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁ་ཤས་ཤིག་ལྷ་སར་གཟིགས་སྐོར་དུ་ཕེབས་པའི་སྐོར་ལ་བཅར་འདྲི་ཞུས་དོན།
Nancy Pelosi ནན་སེ་ཕཱི་ལོ་སེ་ཡིས་སྣེ་ཁྲིད་བྱས་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁ་ཤས་བོད་ནང་དུ་གཟིགས་སྐོར་ལ་ཕེབས་པ་ནི་གཏམ་བཟང་ཞིག་རེད།
ནན་སེ་ཕཱི་ལོ་སེ་མོ་རང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་ཡོད་མཁན་ཞིག་དང་། རྒྱུན་ཏུ་བོད་པའི་རྩ་དོན་ལ་དངོས་ཤུགས་རྒྱུད་གསུམ་གྱིས་རྒྱབ་སྐྱོར་ཚད་མེད་བྱེད་མཁན་ཞིག་རེད། ད་ཐེངས་ཁོ་མོ་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་དང་ལྷན། བོད་ནང་ལ་ལྟ་སྐོར་དུ་ཕེབས་ཐུབ་པའི་གོ་སྐབས་ཆེན་པོ་ཞིག་ཐོབ་པ་ནི་ཧ་ཅང་གིས་དགའ་འོས་པ་ཞིག་ཡིན་ནའང་།
ཁྲམ་པ་དང་གཡོ་སྒྱུ་ལ་བྱང་པའི་རྒྱ་ནག་གཞུང་གིས་དངོས་ཡོད་རྣམས་ནག་བསུབ་ཏུ་བཏང་ཡོད་པས། ཁོ་མོ་དང་གཟིགས་སྐོར་དུ་ཕེབས་མཁན་ཚོས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དེ་མཐོང་ཡོད་ཀྱི་མ་རེད་བསམ། 

ཨ་རིའི་གཞུང་འབྲེལ་གཟིགས་སྐོར་བ་ཚོ་ལྷ་སར་མ་ཕེབས་པའི་སྔོན་ནས་རྒྱ་ནག་གཞུང་གིས་ལྷ་སའི་ཕྱོགས་ཡོངས་ཀྱི་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་རེ་རེའི་མི་བཅུ་རེ་དང་། སྒོ་ར་རེ་རའི་ནང་དུ་མི་དྲུག་དྲུག་ངེས་པར་དུ་འགྲེམས་འཇོགབྱེད་དགོས་ཞེས་བཀའ་བཏང་ཡོད་འདུག

ཨ་རིའི་གཞུང་འབྲེལ་བ་ཚོ་ལྷ་སར་ཕེབས་པའི་ཉིན་མོར། སྡེ་ཁག་སོ་སོས་མི་བསྡུས་ནས་སྐོར་ར་རྒྱག་ཏུ་བཅུག་ཡོད་པ་མ་ཟད། མི་ཁ་ཤས་ལ་སྒོར་མོ་སྤྲད་ནས་ཆོས་ལུགས་ཀྱི་བྱེད་སྒོ་ལ་ཞུགས་ཏུ་བཅུག་ཡོད་པ་རེད། འདི་ལྟར་བྱེད་དགོས་པ་ནི་གཟིགས་སྐོར་བ་ཚོའི་མིག་འདུན་དུ། བོད་མི་མང་ཚོགས་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པའི་རྣམ་འགྱུར་རྫུན་མ་ཞིག་འཁྲབ་སྟོན་བྱས་ཡོད་པ་རེད།

ད་དུང་དགོན་པ་ཁག་ཏུ་གྲྭ་བ་ཚོ་ཚོགས་ལ་ཚོགས་ཏུ་བཅུག་པ་མ་ཟད། ལྷ་སའི་གཙུག་ལག་ཁང་གི་གཡས་གཡོན་དུ་ཡོད་པའི་བདེ་འཇགས་ཁང་ཞིབ་བཤེར་ས་ཚུགས་མང་པོར་གུར་རྒྱབ་སྟེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་ཡོད་པས། ཨ་རིའི་བལྟ་སྐོར་བ་ཚོས་བོད་མི་རྣམས་རང་དབང་གིས་ཆོས་ལུགས་ཀྱི་བྱེད་སྒོ་དག་ལ་ཞུགས་པ་མཐོང་ཡོད་པ་ལས་རྒྱ་གཞུང་གིས་གཡོ་སྒྱུས་གཟིགས་སྐོར་བ་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་དེ་མཐོང་ཐུབ་མེད་པར་བརྗོད་སོང་བ་བཅས།

གསར་འགོད་པ། ཨ་བུ་ཚེ་བརྟན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།