རྒྱ་ནག་གཞུང་གི་འཆར་ལྡན་བུ་བཙའི་སྲིད་ཇུས་གསར་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༡།༡༢ ཉིན་སྤེལ། རྒྱ་གཞུང་གིས་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱས་པར་གཞིགས་ན།  བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་རྒྱ་ནག་གཞུང་གི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་སྲིད་ཇུས་དེ་མཇུག་རྫོགས་ནས་ཁྱིམ་ཚང་གཅིག་ལ་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་གཏན་འབེབ་བྱས་ཡོད་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༡༠་ཚེས་༢༩ཉིན་རྒྱ་ནག་དམར་ཤོག་ཚོགས་པས་གསལ་བསྒྲགས་སྤེལ་དོན། སྤྱི་ལོ་༡༩༧༩ལོར་སྲོལ་བཏོད་པའི་བྱིས་པ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་དེ་(གཞུང་གི་ངོས་ནས་འཆར་གཞི་ལྡན་པའི་ཁྱིམ་ཚང་ཞེས་འབོད་ཀྱི་ཡོད་འདུག་) སྲིད་ཇུས་དེ་ནི་མི་འབོར་གྱི་གྲངས་ཚད་ཚོད་འཛིན་བྱེད་ཅིག་ཡིན་པས་དེས་རྒྱ་ནག་གི་དབུལ་ཕོངས་གྲངས་ཚད་ཉུང་རུ་བཏང་ཡོད་འདུག་ལ། སྲིད་ཇུས་དེ་ནི་སྲ་བརྟན་ངང་དམ་དྲགས་བྱས་པའི་སྲིད་ཇུས་ཤིག་མིན་པར་དམིགས་བསལ་གྱི་སྲིད་ཇུས་ཤིག་རེད་འདུག

༢༠༠༧ལོར་རྒྱ་ནག་གི་མི་གྲངས་རྒྱ་ཆ་༣༦ཡས་མས་ལ་བྱིས་པ་གཅིག་ལས་སྐྱེས་མི་ཆོག་པའི་སྒྲིག་ཁྲིམས་དམ་པོ་ཡོད་ནའང་རྒྱ་ཆ་༥༣ལ་གལ་སྲིད་བྱིས་པ་དང་པོ་དེ་བུ་མོ་ཞིག་ཡིན་ན་བྱིས་པ་གཉིས་པ་སྐྱེ་ཆོག་པའི་ཆོག་ཆན་ཐོབ་ཀྱི་ཡོད་འདུག བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་གསར་བ་འདི་ནི། འབྱུང་འགྱུར་རྒྱ་ནག་གི་ཚད་གཞི་དམའ་བའི་སྐྱེས་ནུས་ཀྱི་གྲངས་ཚད་ལས་འཕར་སྣོན་བྱས་པ་ཞིག་ཡིན་པས། སྲིད་ཇུས་གསར་བ་དེས་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་དང་རྒྱ་ནག་རྒན་པའི་སྤྱི་ཚོགས་སུ་གྱུར་པར་ཚོད་འཛིན་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད་འདུག

༢༠༡༢ལོར་རྒྱ་ནག་གི་ངལ་རྩོལ་བའི་གྲངས་ཀ་ས་ཡ་༩༤༠སྒང་ལ་སླེབས་ཡོད་ན་ཡང་༢༠༡༤ལོར་ངལ་རྩོལ་བའི་གྲངས་ཚད་ས་ཡ་༩༣༠མར་ཆགས་ཡོད་པས། ༢༠༢༠་ལོར་ངལ་རྩོལ་བའི་གྲངས་ཚད་ས་ཡ༢༠མར་ཆགས་ཀྱི་ཡོད་པའི་རེ་བ་བྱེད་ཀྱིན་ཡོད་འདུག ཧྥི་ཀིན་Pekingགཙུག་ལག་སློབ་གྲྭའི་སྔོན་དཔགས་བྱེད་མཁན་ཚོས་བཤད་པ་ལྟར་ན། ལོ་རེར་ཆ་སྙོམས་བྱིས་པ་ས་ཡ་༢།༥ལས་མང་བ་སྐྱེ་ཡི་ཡོད་པས། མ་འོངས་པར་ལས་ཞུགས་པ་མང་དུ་འགྲོ་བ་མ་ཟད། ལོ་རེར་འགྲོ་གྲོན་དེ་ཡང་ཨ་སྒོར་བྱེ་བ་༡༡།༨མང་དུ་འགྲོ་བར་བཤད་ཀྱི་ཡོད་འདུག

གསར་འགྱུར་འདི་བསྒྲགས་རྗེས། རྒྱལ་སྤྱིའི་བྱིས་པའི་ཅ་དངོས་བཟོ་གྲྭ་མང་པོ་ཆ་སྙོམས་ཀྱིས་རྒྱ་ཆ་བཅུ་ཡར་ཕར་ཡོད་པ་མ་ཟད། སྲིད་ཇུས་གསར་བ་དེས་བཟའ་ཚང་ས་ཡ༡༠༠་ལྷག་ལ ཤུགས་རྐྱེན་ཡང་ཐེབས་ཡོད་པར་བརྗོད་ཀྱི་ཡོད་འདུག

གསར་འགོད་པ། ཨ་བུ་ཚེ་བརྟན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།