རྒྱ་གཞུང་གིས་ྋགོང་ས་མཆོག་ལ་སྙོན་འཛུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༤ཉིན་སྤེལ།
ས་མཚམས་རྩོད་རྙོག་ཅན་རྒྱ་གར་བྱང་ཕྱོགས་ཨ་རུ་རྣལ་ཅལ་དུ་འབྱུང་འགྱུར་༧གོང་ས་མཆོག་ཐེངས་བཞི་པའི་ཆིབས་བསྒྱུར་ མཛད་འཕྲིན་བསྐྱང་འཆར་དེར་རྒྱ་ནག་གཞུང་གིས་པེ་ཅིང་གཞུང་དང་ལྡི་ལི་གཞུང་གཉིས་དབར་གྱི་འབྲེལ་ལམ་ལ་དོག་ཕོག་བཏང་ཡོད་སྐོར་སྐྱོན་འཛུགས་བྱས་ཡོད་འདུག

དེ་ཡང་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མའ་ཀྲོའོ་ཞུན་གྱིས་སྔ་བཞིན་༧གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་ཞིག་དང། གང་ཉིད་ཀྱིས་རྟགས་ཏུ་རྫུན་ཤོད་ཀྱི་ཡོད་པ། གཞན་ཡང་རྒྱ་ནག་གཞུང་དང་རྒྱལ་ཁབ་གཞན་དབར་གྱི་འབྲེལ་ལམ་ལ་རྟགས་ཏུ་གནོད་སྐྱོན་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད་ཅེས་བསྐྱར་ཟློས་བྱས་ཡོད་འདུག་པ་དང། ཡང་ཁོང་གིས་ཏཱ་ལའི་བླ་མས་རྒྱ་ནག་དང་རྒྱལ་ཁབ་གཞན་དབར་གྱི་འབྲེལ་ལམ་ལ་དོག་ཕོག་གཏོང་བའི་གཡོ་འཕྲུལ་དེ་ནི་སྐབས་དོན་དང་འབྲེལ་བའི་གྲུབ་འབྲས་གང་ཡང་མེད་པ་ང་ལ་གདེང་ཚོད་ཡོད་ཅེས་བཤད་ཡོད་འདུག
ཟླ་འདིའི་ཚེས་༨ཉིན་༧གོང་ས་མཆོག་ཨ་རུ་རྣམ་ཅལ་མངའ་སྡེ་རུ་ཕེབས་འཆར་དེས་དབང་གིས། རྒྱ་ནག་གཞུང་གིས་ཨ་རུ་རྣམ་ཅལ་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༩༠༠༠༠ཙམ་བོད་རང་གི་ཡུལ་ལྗོངས་དང་མངའ་ཁོང་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་རུ་རྣལ་ཅལ་དུ་ཕེབས་འཆར་དེར་རྒྱ་ནག་གཞུང་གི་ངོས་ལེན་མི་བྱེད་པ་དེར་དེ་རྒྱ་གར་གྱི་སྲིད་བློན་མའེ་མོ་ཧིན་སིན་གྱིས་༧གོང་ས་མཆོག་ནི་རྒྱ་གར་བཀུར་བ་འོས་པའི་སྐུ་མགྲོན་གལ་ཆེན་ཞིག་རེད་ཅེས་དང༌། ཡང་ཁོང་གིས་ང་ཚོས་བོད་མི་སྐྱབས་བཅོལ་རྣམས་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་བཅུག་རྒྱུ་མིན་ཞེས་བཤད་ཡོད་འདུག

དེ་རྗེས་རྒྱ་གར་ཕྱི་སྲིད་དྲུང་ཆེ་ནེ་རུ་ཕའ་ན་རོའོ་ལགས་ཀྱིས།རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོག་ཕོག་བྱུང་མེད་ཚུལ་དང་ས་མཚམས་རྩོད་རྙོག་ཐད་ཀྱི་གནད་དོན་རིགས་སེལ་བར་ཆུ་ཚོད་ངེས་ཅན་དགོས་ཚུལ་གསར་འགོད་པར་འགྲེལ་བརྗོད་གནང་དོན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།