མེ་འཁོར་དང་རླངས་འཁོར་གདོང་ཐུག་གི་དོན་རྐྱེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༡པའི་ཚེས་༢ཉིན་སྤེལ། ཟླ་འདིའི་ཚེས་༡ཉིན་གྱི་ཕྱི་དྲོར། རྒྱ་གར་བྱང་ཕྱོགས་ཨ་ཊིར་མངའ་སྡེའི་གྷོང་དྷ་ས་ཁུལ་དུ་འགྲུལ་སྐྱེལ་མེ་འཁོར་ཞིག་སྐྱེལ་འདྲེན་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་སྟེ། འགྲུལ་སྐྱོད་པ་༡༤རྐྱེན་ལམ་དུ་བརྫངས་ཡོད་ཐོག གཞན་༢༥ལ་རྨས་སྐྱོན་བཟོས་ཡོད་པ་དང༌། མེ་འཁོར་ལྕགས་ལམ་གྱི་དོ་དམ་ལས་བྱེད་མི་སྣས་ཐེངས་འདྀའི་དོན་རྐྱེན་རྟོག་ཞིབ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

རྒྱ་གར་ནང་རླངས་འཁོར་ཕན་ཚུན་ནམ་རླངས་འཁོར་དང་མེ་འཁོར་གདོང་ཐུག་རྒྱག་པའི་དོན་རྐྱེན་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་ལ། དེ་ཡང་འཚང་ཁ་ཤིག་ཤིག་ཆེ་བའི་འགྲུལ་སྐྱེལ་མེ་འཁོར་ཞིག་བྱེ་མ་སྐྱེལ་འདྲེན་བྱེད་བཞིན་པའི་རླངས་འཁོར་ཞིག་དང་གདུང་ཐུག་བརྒྱབ་དུས། མེ་འཁོར་གྱི་ཀླད་ན་བསྡད་ཡོད་པའི་འགྲུལ་བསྐྱོད་པ་༡༡དེ་མ་ཐག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། གཞན་གསུམ་སྨན་ཁང་དུ་མྱུར་སྐྱོབ་བྱེད་སྐབས་སུ་གྲོངས་ཡོད་འདུག

ཟླ་སྔོན་མའི་ནང༌། རྒྱ་གར་བྱང་ཕྱོགས་ཀྱི་མའ་དྷི་ར་གྲོང་ཁྱེར་ཉེ་འདབས་སུ་འགྲུལ་སྐྱེལ་མེ་འཁོར་གཉིས་གདུང་ཐུག་བརྒྱབ་སྟེ་མི་༢༢རྐྱེན་ལམ་དུ་བཏང་ཡོད་འདུག་ལ། གཞི་རྒྱ་ཆེ་བའི་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་སྐྱེལ་འགྲུལ་མ་ལག་ནང་འགྲུལ་སྐྱེལ་མེ་འཁོར་༩༠༠༠ཡོད་ཅིང་ཉིན་རེར་འགྲུལ་བ་ས་ཡ༡༨ལྷག་སྐྱེལ་འདྲེན་བྱེད་ཀྱིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།