ཨོ་རུ་སུས་གནམ་ཐོག་ནས་སཱི་རི་ཡའི་དྲག་སྤྱོད་པར་གཏོར་རྒོལ་བྱས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༠ཚེས་༡༠ཉིན་སྤེལ། ཨོ་རུ་སུས་རང་གི་མནའ་འབྲེལ་ཡུལ་གྲུ་སཱི་རི་ཡའི་གཞུང་གིས་འབོད་སྐུལ་ལྟར་གནམ་ཐོག་ནས་སཱི་རི་ཡའི་འཇིགས་སྐུལ་དྲག་སྤྱོད་པའི་རྟེན་གཞི་༦༠ལ་གཏོར་རྒོལ་བྱས་ཏེ་འཇིགས་སྐུལ་༣༠༠སྐོར་ཞིག་བསད་ཡོད་པའི་གནས་ཚུལ་ཐོན་འདུག

ཨོ་རུ་སུའི་གནམ་ཐོག་ནས་དམག་འཐབ་བྱེད་བཞིན་པ་དང་མཇུག་འབྲས།དེ་ཡང་ར་ཤི་ཡའམ་(Russia)ཨོ་རུ་སུའི་རྒྱལ་ས་མོ་སི་ཀོ་(Moscow)ནས་ཡུལ་དེའི་བདེ་སྲུང་བློན་ཆེན་སེར་ཇེ་ཤོ་གྷུ་(Sergei Shoigu)ལགས་ཀྱིས་ཟླ་༡༠ཚེས་༩ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་གསུངས་དོན། འདས་པའི་ཚོུད་༢༤རིང་སཱི་རི་ཡའི་(Syria)འཇིགས་སྐུལ་དྲག་སྤྱོད་པའི་རྟེན་གཞི་༦༠ལ་གནམ་ཐོག་ནས་ཐད་འཕུར་གནམ་གྲུས་གཏོར་རྒོལ་བྱས་ཏེ་ཁ་ཆེའི་མངའ་ཁུལ་རྒྱལ་ཁབ་Islamic Stateཅེས་པའི་འཇིགས་སྐུལ་དྲག་ཚོགས་ཁག་གི་མི་༣༠༠སྐོར་ཞིག་བསད་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཨོ་རུ་སུས་གནམ་ཐོག་གཏོར་རྒོལ་བྱས་ནས་ད་བར་ཉིན་༡༠ལྷག་ཕྱིན་ཡོད་པ་དང༌། དེ་ཡང་ཉེ་དུས་སྲིད་འཛིན་བྷ་ཤར་ཨལ་ཨ་སཱ་ཌིའི་(Bashar al-Assad)སྣེ་འཁྲིད་པའི་སཱི་རི་ཡའི་སྲིད་དབང་གཅིག་སྡུད་གཞུང་དང་ཨོ་རུ་སུའི་གཞུང་དབར་གྲོས་མོལ་ཞིག་བྱས་རྗེས་བྱུང་བ་ཞིག་ཡིན་པ་རེད།

ཡང་འདས་པའི་ཉིན་༡༠ནང་འཇིགས་སྐུལ་དྲག་སྤྱོད་པར་གནམ་ཐོག་ནས་དམག་འཐབ་ཀྱི་གནས་སྟངས་སྐོར་དྲིས་སྐབས་བཤད་དོན། ཉིན་༡༠རིང་གི་སྐོར་བཤད་ན། ཉིན་རེར་དྲག་སྤྱོད་པའི་རྟེན་གཞི་༡༠སྐོར་ཞིག་ལ་གཏོར་རྒོལ་བྱས་ཡོད་ཅེས་དང༌། དེ་རྗེས་རིམ་པས་གཏོར་རྒོལ་ལས་གཞི་རྒྱ་ཆེ་རུ་བཏང་བ་དེ་འཇིགས་སྐུལ་དྲག་སྤྱོད་དེ་ཚོ་བསྐྱར་དུ་མཉམ་འདུས་ཡོང་རྒྱུར་འགོག་ཐབས་ཤིག་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག

གནམ་དམག་གི་ཐད་འཕུར་གནམ་གྲུས་མཚོན་ཆ་བེད་སྤྱོད་གང་གཏོང་གི་ཡོད་མེད་ཐད་བཤད་དོན། འདས་པའི་ཚོུད་༢༤རིང་གི་དམག་འཐབ་སྐབས་སུ་ཐད་འཕུར་གནམ་གྲུ་(SU-34, SU-24M and SU-25CM)རྟགས་ཅན་ནས་ཐེངས་༦༧ཙམ་གཏོར་རྒོལ་གྱི་ལས་སུ་ཞུགས་པ་དང༌། སྐབས་དེར་ལྗིད་ཚད་(3,500 kg)གཅོག་པའི་ཐད་འཕུར་གནམ་གྲུ་(Mig-29 jets)རྟགས་ཅན་གྱིས་(KAB-500)ཞེས་པ་ཉེན་སྲུང་ཡོད་པའི་དེང་རབས་གསར་གཏོད་ཅན་གྱི་འབར་མདེལ་ཡང་བེད་སྤྱོད་བཏང་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག

ཁོ་པས་མུ་མཐུད་བཤད་དོན། སཱི་རི་ཡའི་Syriaརཱ་ཁ་མཁའ་སྡེ་(Raqqa province)ཞེས་པར་ཡོད་པའི་ལི་ཝ་ཨལ་ཧག་དྲག་སྤྱོད་པའི་(Liwa al-Haqq militant group)ཤོག་ཁག་གི་རྟེན་གཞི་གཙོ་བོ་ཞིག་རྩ་གཏོར་བྱས་ཡོད་ཅེས་དང༌།  དྲག་སྤྱོད་པའི་དམག་དཔོན་མཐོ་གྲས་༢དང་དྲག་སྤྱད་པ་༢༠༠ཡས་མས་བསད་ཡོད་ཚུལ་ནན་བརྗོད་བྱས་འདུག

འོན་ཀྱང་ནུབ་ཕྱོགས་ཡུལ་གྲུ་ཁག་དང་ཨ་རི་ཨོ་བྷ་མ་གཞུང་གིས་དམག་འཐབ་ཀྱི་དོན་རྐྱེན་འདིར་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་བཞིན་ཡོད་ཅིང༌། ཨོ་རུ་སུའི་སྲིད་འཛིན་ལཱ་དྷི་མིར་པུ་ཊིན་(Vladimir Putin)གྱིས་སཱི་རི་ཡར་གནམ་ཐོག་ནས་དམག་འཐབ་བྱེད་བཞིན་པ་དེ་ནི་ཁ་ཆེ་མངའ་ཁུལ་རྒྱལ་ཁབ་(Islamic State)ཀྱི་འཇིགས་སྐུལ་དྲག་སྤྱོད་པར་གཏོར་རྒོལ་བཏང་བ་ཞིག་མིན་པར་ཡུལ་དེའི་ཕྱོགས་འགལ་ཚོགས་པ་རྩ་མེད་གཏོང་བའི་ཐབས་ཇུས་ཀྱི་དམག་འཐབ་ཅིག་ཡིན་པར་ངོས་འཛིན་བྱས་པ་མ་ཟད། གནམ་འཐབ་དེས་འཇིགས་སྐུལ་དྲག་སྤྱོད་པར་རམ་འདེགས་ལྟ་བུ་ཆགས་ཚུལ་གྱིས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད། དེ་ནི་ལི་ཝ་ཨལ་ཧག་ཤོག་ཁག་ནི་ཁ་ཆེ་མངའ་ཁུལ་རྒྱལ་ཁབ་ཟེར་བར་འབྲེལ་བ་མེད་པས་ཡིན་པ་རེད།

གསར་ལམ་ཁག་ཏུ་སྤེལ་བར་གཞིགས་ན། ཨོ་རུ་སུ་དང་ཨ་རིའི་དབར་གྱི་རྙོག་གླེང་དེ་ནི་ཨ་རི་དང་ཨ་རིའི་མཐུན་གྲོགས་ཡུལ་གྲུ་ཚོས་ཕར་རྒོལ་བྱེད་ས་དེ་ཁ་ཆེ་མངའ་ཁུལ་རྒྱལ་ཁབ་ཅེས་པ་དེ་ཡིན་པ་དང༌། ཨོ་རུ་སུས་དེ་འདྲའི་དབྱེ་བ་མ་ཕྱེས་པར་སཱི་རི་ཡའི་གཞུང་ངམ་སྲིད་འཛིན་བྷ་ཤར་གྱིས་བརྩི་བའི་འཇིགས་སྐུལ་བ་རྣམས་ལ་གཏོར་རྒོལ་གཏོང་གི་ཡོད་པ་རེད།

འོན་ཀྱང་ཨོ་རུ་སུའི་བདེ་སྲུང་མི་སྣས་བཤད་པ་གསར་ལམ་ཁག་གིས་ལུང་འདྲེན་བྱས་པར་གཞིགས་ན། ཐེངས་འདིའི་ཨོ་རུ་སུའི་དམག་འཐབ་སྐབས་སུ་སཱི་རི་ཡའི་གྲོང་ཁྱེད་ཆེ་ཤོས་ཨ་ལེ་པོ་(Aleppo)ཞེས་པ་དང་་ཐག་ཉེ་ས་དེ་སྔོན་བཙོན་ཁང་ཞིག་ཡོད་སར་ཆགས་པའི་ཨ་ཡི་སི་(IS)འམ་ཡང་ན(Islamic State)ཞེས་པའི་དམག་གི་རྟེན་གཞི་ཆེན་པོ་ཞིག་རྩ་གཏོར་དང་དྲག་སྤྱོད་པའི་དམག་མི་༡༠༠སྐོར་བསད་ཡོད་པ། དེ་བཞིན་ལཱ་ཏ་ཀི་ཡ་དང་ཨི་ཌི་ལིབ་མངའ་ཁུལ་(Latakia and Idlib provinces)གཉིས་སུ་དམག་སྦྱོང་གི་རྟེན་གཞི་འགའ་ཤས་ཤིག་བཅས་གནམ་ཐོག་ནས་གཏོར་བཅོམས་བཏང་ཚུལ་སྤེལ་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)

བདེ་སྲུང་བློན་ཆེན་སེར་ཇེ་ཤོ་གྷུ་(Sergei Shoigu) actually his name originated from tibetan word ཆོས༌སྐུ༌ chos sku (dharma kaya), i.e. he is from Tuva, Buddhist region of Russia




བརྗོད་གཞི་གཞན་ཁག་ལ་གཟིགས།