ཉི་ཧོང་གི་དབུ་བློན་ྋགོང་ས་མཆོག་དང་མཇལ་འདོད་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༡པའི་ཚེས་༢ཉིན་སྤེལ། ཉི་ཧོང་གི་དབུ་བློན་ཡུའུ་ཁའོ་ཧ་ཊོ་ཡ་མ་མཆོག་གིས་ཡུལ་དེ་གར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཡང་བསྐྱར་མཇལ་འདོད་ཀྱི་རེ་འདུན་ཆེ་བའི་བརྡ་འཕྲིན་ཞིག་བསྐུར་ཡོད་འདུག

ཁའོ་ཧ་ཊོ་ཡ་མ་མཆོག་གིས་ད་ལོའི་ཕྱི་ཟླ་༩པའི་ནང་དབུ་བློན་གྱི་ལས་ཁུར་བཞེས་ཡོད་ཅིང༌། སྐབས་དེར་ཁོང་གིས་དབུ་བློན་འོས་བསྡུའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་པརྋགོང་ས་མཆོག་གིས་རྟེན་འབྲེལ་ཞུ་ཡིག་ཅིག་བསྐུར་ཡོད་འདུག གཞན་ཡང་ཕྱི་ལོ༢༠༠༧ལོའི་ཟླ་༡༡པའི་ནང༌། ཧ་ཊོ་ཡ་མ་མཆོག་གིས་ཉི་ཧོང་གི་མང་གཙོ་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་ཁུར་གནང་སྐབས་ྋགོང་ས་མཆོག་དང་མཇལ་ཡོད་པ་མ་ཟད། བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་ལ་ཁོང་གིས་རྒྱབ་སྐྱོར་ཚད་མེད་གནང་གིན་ཡོད་ལུགས་གསལ་བརྗོད་གནང་ཡོད་འདུག

དེ་ཡང་༸གོང་ས་མཆོག་གིས་ཉི་ཧོང་གི་མང་གཙོ་སྲིད་དོན་ཚོགས་པའི་ཚོགས་མི་དག་གིས་སྣེ་ཁྲིད་པའི་ཉི་ཧོང་གི་གྲོས་ཚོགས་འཐུས་ཁག་གཅིག་ལ་ཊོག་ཡོ་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་ཏུ་མཇལ་གནང་སྐབས། གྲོས་ཚོགས་འཐུས་མི་དེ་དག་གིས་ཉི་ཧོང་གི་དབུ་བློན་མཆོག་གི་བརྡ་འཕྲིན་དེ་མགོན་པོ་གང་ཉིད་ལ་སྙན་འབུལ་ཞུས་ཡོད་པ་དང༌། མགོན་པོ་གང་ཉིད་ཀྱིས་དབུ་བློན་མཆོག་གིས་བརྡ་འཕྲིན་བསྐུར་བར་དགའ་བོའི་ཐུགས་རྗེ་ཆེ་ཞུས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།