བལ་གཞུང་ས་མཚམས་ཀྱི་རྙོག་དྲ་ནི་རྩ་ཁྲིམས་ཤིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༠༡ཉིན་སྤེལ། བལ་གཞུང་གིས་ལོ་མང་པོའི་རིང་བཟོས་པའི་རྩ་ཁྲིམས་ཞིག་ལག་བསྟར་བྱས་ཡོད་འདུག འོན་ཀྱང་བལ་བོའི་མི་སེར་མང་པོ་ཞིག་དེ་ལ་འདོད་མོས་མེད་པ་དང་། ལྷག་པར་དུ་རྒྱ་གར་ས་མཚམས་སུ་ཡོད་པའི་ཡུལ་མི་དག་གིས་དམིགས་བསལ་ངོ་རྒོལ་བྱས་ཡོད་འདུག

ཨ་རི་ན་ཡོད་པའི་དུས་བབས་Timeདྲ་ལམ་དུ་བལ་ཡུལ་ས་མཚམས་ཀྱི་རྙོག་དྲའི་སྐོར་གྱི་གསར་འགྱུར་ཞིག་འདས་ཟླའི་ཚེས་༢༠ཉིན་སྤེལ་ཡོད་པ་ལྟར་ན། བལ་གཞུང་གིས་ལོ་མང་པོའི་རིང་བཟོས་པའི་རྩ་ཁྲིམས་ཞིག་ལག་བསྟར་བྱས་ཡོད་འདུག འོན་ཀྱང་བལ་བོའི་མི་སེར་མང་པོ་ཞིག་དེ་ལ་འདོད་མོས་མེད་པ་དང་། ལྷག་པར་དུ་རྒྱ་གར་ས་མཚམས་སུ་ཡོད་པའི་ཡུལ་མི་དག་གིས་དམིགས་བསལ་ངོ་རྒོལ་བྱས་ཡོད་འདུག

དེ་མིན་བལ་ཡུལ་གཞུང་གིས་འགྲེལ་བརྗོད་ལྟར་ན། རྒྱ་གར་གཞུང་ཡང་བལ་ཡུལ་གྱི་རྩ་ཁྲིམས་དེར་འདོད་མོས་མེད་པ་དང་། རྩ་ཁྲིམས་དེ་བལ་ཡུལ་མི་མང་ལ་ཁྱབ་མཉམ་མིན་པ་དང་བལ་ཡུལ་ས་མཚམས་ཀྱི་མི་སེར་དག་གི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སོགས་རྒྱ་གར་དང་འདྲ་བོ་ཆགས་ཡོད། བལ་ཡུལ་རྒྱལ་ཁབ་ཀྱི་ཅ་དངོས་མང་ཆེ་ཤོས་ཏེ་རྒྱ་གར་ནས་ཚོང་འདྲེན་བྱེད་ཀྱི་ཡོད་པས། ད་ལྟའི་རྩ་ཁྲིམས་ནང་དེ་དག་འགོག་དགོས་པའི་རྐྱེན་ཀྱིས་མི་མང་གིས་ཁ་ལག་ཡང་བཟོ་མ་ཐུབ་པའི་དཀའ་ངལ་ཡོད་པ་རེད་འདུག

ཡིན་ནའང་། རྒྱ་གར་གྱིས་བཤད་པ་ལྟར་ན། ང་ཚོའི་ངོས་ནས་བལ་ཡུལ་གྱི་རྩ་ཁྲིམས་གསར་བར་འདོད་མོས་མེད་མོད། འོན་ཀྱང་ཚོང་འདྲེན་གྱི་ལམ་ཁ་འགག་པ་དེ་ནི་བལ་ཡུལ་གྱི་ས་མཚམས་མི་མང་གིས་བལ་གཞུང་ལ་ངོ་རྒོལ་བྱས་ཏེ་འགག་པར་འགྲེལ་བརྗོད་བྱས་འདུག

ངོ་རྒོལ་འདིའི་སྐབས་སུ་མི་༤༠ལྷག་གསད་ཡོད་པ་དང་། ད་ལྟ་བལ་ཡུལ་དུ་མི་མང་གིས་རླངས་སྣུམ་ཉོ་མི་མཆོག་པ་དང་། དམག་མི་དང་ཛ་དྲག་གི་གནས་ཚུལ་ལ་མ་གཏོགས་རླངས་སྣུམ་བཙོང་མི་མཆོག་པའི་གནས་སྟངས་ཆགས་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།