དགོངས་ཚུལ།

པཱ་ཀེ་སི་ཐན་དུ་འབར་རྫས་ཀྱི་དོན་རྐྱེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཟླ་༡༡པའི་ཚེས་༡རེས་གཟའ་ཟླ་བ་ཉིན་པཱ་ཀེ་སི་ཐན་གྱི་གྲོང་ཁྱེར་རྒུ་རུམ་དུ་ཤའ་ལིས་མར་ཞེས་པའི་མགྲོན་ཁང་སྐར་བཞི་རྟགས་ཅན་ཞིག་གི་འགྲམ་དུ་མི་མང་རྣམས་དངུལ་ཁང་གི་སྒོ་འགྲམ་དུ་གླ་ཕོག་སྒུག་བཞིན་པའི་སྐབས། འཇིག་སྐུལ་རིང་ལུགས་པ་ཞིག་གིས་སྦག་སྦག་ཞིག་གཞོན་ནས་རང་སྲོག་བློས་བཏང་གིས་མི་ཚོགས་ཀྱི་ཁྲོད་དུ་རྒྱུག་ཡོང་ནས་འབར་རྫས་བརྒྱབ་པས་རྐྱེན་གྱིས་མི་༢༠ཙམ་བསད་ཡོད་འདུག དེས་རྐྱེན་པས་པཱ་ཀེ་སི་ཐན་གྱི་ནུབ་བྱང་མཚམས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་རྣམས་ཕྱིར་འཐེན་བྱས་ཡོད་འདུག་ལ། ར་རྒྱ་ཤིས་ཨ་ལིས་ཞེས་པའི་ས་གནས་ཁྲོམ་རྭའི་དོན་དམ་པས་ང་ཚོ་ཐོག་བརྩེགས་གཉིས་པའི་ནང་བསྡད་ཡོད་སྐབས། ཁང་པའི་ཐོག་བརྩེགས་དེ་ས་ཡོམ་ཆེན་པོ་ཞིག་བརྒྱབ་པ་ལྟར་བུ་གཡོ་འགུལ་ཞིག་བཏང་བྱུང༌། ང་ཚོ་ཕྱི་ལོག་ཏུ་ཡོང་ནས་ལྟ་དུས་མི་རོ་དང་མིའི་གཟུགས་པོའི་ཆ་ཤས་གང་སར་གཡུག་འདུག་ཞེས་ཧྤ་རན་སིའི་གསར་འགོད་པ་ཞིག་ལ་འགྲེལ་བརྗོད་བྱས་ཡོད་འདུུག དེ་ཡང་ཊ་ལིས་བན་དྲག་སྤྱོད་པས་ཨ་ལི་ཁ་ཏ་དང་མཉམ་འབྲེལ་ཐོག་ཉེ་བའི་ཟླ་གཅིག་གི་ནང་ཚུད་པཱ་ཀེ་སི་ཐན་དུ་ཉུང་མཐར་ཡང་མི་༣༠༠ལྷག་ཙམ་བསད་ཡོད་འདུག་པ་དང༌། པཱ་ཀེ་སི་ཐན་གྱི་ཆེས་མཐོའི་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་པ་ཞིག་གིས་འཇིག་སྐུལ་རིང་ལུགས་པ་དེས་སྦག་སྦག་ཞིག་གཞོན་ནས་མི་མང་རྣམས་དངུལ་ཁང་གི་སྒོ་རྩར་གླ་ཕོག་སྒུག་བཞིན་པའི་སྐབས་འབར་རྫས་གས་གཏོར་བྱས་པ་དང༌། ང་ཚོས་འཇིག་སྐུལ་བྱེད་མཁན་དེའི་ཕུང་པོའི་ཆ་ཤས་དེ་འདྲ་བརྙེད་བྱུང་ཞེས་དང༌། ཡང་ཁོང་གིས་ཉུང་མཐར་ཡང་མི་༢༠བསད་འདུག་པ་དང༌། མི་༢༠ཙམ་རྨས་སྐྱོན་བཏང་འདུག་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་འདུག གཞན་ཡང་ཟླ་བ་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པཱ་ཀེ་སི་ཐན་གྱི་ནུབ་བྱང་མཚམས་སུ་མི་མང་ས་ཡ་༢ཙམ་ལ་ཟས་གོས་རོགས་སྐྱོབས་འཆར་གཞི་དེ་ཡང་བདེ་འཇག་གྱིས་རྐྱེན་པས་སྒོ་བརྒྱབ་ཡོད་འདུག དེ་ཡང་པཱ་ཀེ་སི་ཐན་དུ་ཉིན་ལྟར་གསར་འགྱུར་ཚགས་ཤོག་དང་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ཊ་ལིས་བན་ནི་པཱ་ཀེ་སི་ཐན་དུ་ཆེས་གདུག་རྩུབ་ཆེ་ཤོས་ཀྱི་འཇིག་སྐུལ་དྲག་སྤྱོད་པ་ཞིག་ཡིན་པ་དང༌། ཁོང་ཚོས་འདས་པའི་ལོ་ངོ་གཉིས་རིང་ཁྱོན་མི་༢༤༠༠ལྷག་བསད་ཡོད་པ་རེད་ཅེས་དང༌། ཁོང་ཚོ་ནི་ལྷ་དང་གང་ལ་ཡང་མི་བརྩི་མཁན་མི་ངན་སྡུག་ཅག་ཞིག་ཡིན་པས། མི་དེ་ཚོ་ལ་ངེས་པར་དུ་ཉེས་ཆད་གཅོད་དགོས་པ་དང༌། ཁོང་ཚོ་ནི་འགྲོ་བ་མིའི་རིགས་རྣམས་སྲོག་གཅོད་མཁན་ཞིག་ཡིན་པས་ཁོང་ཚོ་རྩ་མེད་གཏོང་ཆེད་ཚང་མས་པཱ་ཀེ་སི་ཐན་གཞུང་ལ་རོགས་སྐྱོ་བྱེད་དགོས་ཞེས་རྟགས་ཏུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ཡིས་ཕབ་བསྒྱུར་ཞུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།