དབྱིན་ཡུལ་དུ་ཤུགས་ལྡན་ཚོགས་པར་ངོ་རྒོལ་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༢༡ཉིན་སྤེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་ཕྱི་རྒྱལ་བ་ཁག་ཅིག་མཉམ་ཞུགས་ཐོག་ཤུགས་ལྡན་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་འདུག

སྤྱི་ལོ་༢༠༡༥་ཟླ་༩་ཚེས་༡༨ཉིན་དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་དགེ་བཤེས་རྫུན་མ་སྐལ་བཟང་རྒྱལ་མཚོ་ཟེར་བའི་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་སྒོ་འགྲམ་དུ་འཛམ་གླིང་བོད་མའི་བདེན་དོན་དྭངས་བླངས་ལས་འགུལ་ཚོགས་པའི་གོ་སྒྲིག་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་ཕྱི་རྒྱལ་བ་ཁག་ཅིག་མཉམ་ཞུགས་ཐོག་ཤུགས་ལྡན་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་འདུག

ལྷ་སྲས་བསོད་ནམས་ཀྱིས་དབྱིན་ལན་གྱི་རྒྱལ་ས་ལོན་ཊོན་ནས་འདི་ག་གསར་ཁང་དུ་གནས་མཁོ་སྤྲོད་གནང་དོན། ཕྱི་ཚེས་ ༡༨ ཉིན། ཨིན་ལན་དུ་གནས་གཞི་བྱས་པའི་དགེ་བཤེས་བརྫུན་མ་སྐལ་བཟང་རྒྱ་མཚོའི་བདག་ཏུ་བཟུང་བའི་ཆོས་ཚོགས་བཀའ་གདམས་པ་གསར་མའི་ཆོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་པར་ཕྱིན་པ་རེད། ཚོས་ཚོགས་དེ་ནི་བོད་བརྒྱུད་ནང་བསྟན་གྱི་མཚན་དང་དོ་རྒྱལ་ཁ་ལ་ཁྱེར་ནས་རྒྱ་ནག་གཞུང་གི་བཀོད་མངགས་ལྟར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་མངོན་སུམ་འཛེམས་མེད་ཀྱིས་ངོ་རྒོལ་བྱེད་མཁན་དག་གི་ལྟེ་བ་ལྟ་བུ་རེད།

འདི་ལྟར་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་སྤྱིར་ནང་པའི་བསྟན་པ་དང་། ལྷག་དོན་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ཁ་ལ་ཁྱེར་ནས་ཨིན་ཇི་མི་མང་ལ་མགོ་སྐོར་གཏོང་བཞིན་པ་ཐེར་འདོན་དང་། དེ་བཞིན་དུ་དོལ་རྒྱལ་དང་དོར་ཚོགས་ཟེར་བ་དེ་ཚོས་ཡང་སྙིང་གང་འདྲ་ཞིག་ཡིན་པ་མང་ཚོགས་ལ་གསལ་སྟོན་བྱེད་ཆེད་དུ་ལས་འགུལ་དེ་སྤེལ་བ་རེད།

ངོ་རྒོལ་བྱེད་སྐབས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའམ་བཀའ་གདམས་པ་གསར་མ་ཞེས་པའི་ཚོགས་པ་སུ་ཡིན་རུང་དེ་རིང་ནས་བཟུང་། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་མྱུར་དུ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་པ་ཡིན། གཡས་གཡོན་དུ་ཡོད་པའི་མང་ཚོགས་ཀྱིས་དོལ་ཚོགས་ཀྱི་སྐོར་གསལ་བཤད་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་མཁན་མང་པོ་བྱུང་སོང་།

སྔོན་མ་དོལ་ཚོགས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་ལ་མཚན་སྨད་ཞུ་བ་དེ་ཨིན་ཇིའི་ཡུལ་འདི་ནས་མགོ་བཙུགས་པ་ཡིན་ཙང་། ད་ལན་བདེན་དོན་དང་བླངས་ལས་འགུལ་ཁང་གིས་དེ་ལ་ངོ་རྒོལ་བྱེད་པའི་ལས་འགུལ་དེ་ཨིན་ཡུལ་ས་གནས་LONDON MORDEN ཞེས་བའི་ས་གནས་འདི་ནས་མགོ་བཙུགས་པ་ཡིན།

ཇི་སྲིད་ཁོ་ཚོས་བྱ་ངན་དེ་དག་འཚམས་འཇོགས་མ་བྱས་པར་དུ་ང་ཚོས་ངོ་རྒོལ་དེ་ནམ་ཡང་འཚམས་འཇོག་གི་མིན་ཞེས་བསྒྲགས་གཏམ་སྤེལ་ནས་ལས་འགུལ་དེ་རྒྱལ་ཁའི་ངང་གྲུབ་སོང་བའི་གནས་ཚུལ་དུ།

ངོ་རྒོལ་སྐབས་ལས་འགུལ་བའི་འབོད་ཚིག་གཤམ་གསལ་ལྟར།
1) Drop the Baseless Charges, Against the Dalai Lama.
 ༧ཏཱ་ལའི་བླ་མ་མཆོག་ལ། གཞི་མེད་ཉེས་འཛུགས་མ་བྱེད།

 2) Dholgyal Worship, Devil Worship.
 དོལ་རྒྱལ་བསྟེན་གསོལ། གདོན་འདྲེ་བསྟེན་གསོལ།

3) Dholgyal Followers, Tools of China.
 དོལ་རྒྱལ་གྱི་རྗེས་འབྲང་། རྒྱ་ནག་གི་ལག་ཆ།

 4) False Kadampa, Bogus Religion.
བཀའ་གདམས་རྫུན་མ། ཆོས་ལུགས་རྫུན་མ།

 5) NKT. Cult. Cult. Cult.
ཨེན་ཀེ་ཊི། ཆོས་ལོག། ཆོས་ལོག། ཆོས་ལོག།

ཕྱི་ལོ་༢༠༡༥ ལོའི་ ༩ ཚེས་ ༡༨ ཉིན་ལྷ་སྲས་བསོད་ནམས་ཀྱིས་དབྱིན་ལན་གྱི་རྒྱལ་ས་ལོན་ཊོན་ནས། 

བཅར་འདྲི་ཞུ་ས།  འཁར་འཕགས།  


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།