གཟའ་མིག་དམར་སྟེང་དུ་སྡིག་སྲིན་འདུག་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༠༩ཚེས༡༧ཉིན་སྤེལ། ཟླ༩པའི་ཚེས༡༦ཉིན་གསར་ལམ་ཁག་དུ་ཐོན་པ་གཞིགས་ན། 《ཨ་རིའི་མཁའ་སྐྱོད་ཁང་ནེ་ས་》(NASA)ཞེས་པའི་མཁའ་སྐྱོད་འཕུར་གྲུས་བླངས་པའི་སྐར་མ་མིག་དམར་གྱི་པར་མི་མང་གི་སྤྱན་ལམ་དུ་བསྟར།

གཟའ་མིག་དམར་སྟེང་དུ་སྡིག་སྲིན་གྱི་པར།༢༠༡༥ལོའི་ཟླ་༠༩ཚེས༡༧ཉིན་སྤེལ། ཟླ༩པའི་ཚེས༡༦ཉིན་གསར་ལམ་ཁག་དུ་ཐོན་པ་གཞིགས་ན། 《ཨ་རིའི་མཁའ་སྐྱོད་ཁང་ནེ་ས་》(NASA)ཞེས་པའི་མཁའ་སྐྱོད་འཕུར་གྲུས་བླངས་པའི་སྐར་མ་མིག་དམར་གྱི་པར་མི་མང་གི་སྤྱན་ལམ་དུ་བསྟར། ཨ་རིའི་མཁའ་སྐྱོད་ཁང་(NASA)གིས་བླངས་པའི་སྐར་མ་མིག་དམར་གྱི་འདྲ་པར་ཐོག་སྡིག་སྲིན་གྱི་གཟུགས་དབྱིབས་བབ་ཡོད་པ་མ་ཟད་སྡིག་སྲིན་གྱི་གཟུགས་གཞི་ཤིན་ཏུ་ཆེ།

 དེ་ཡང་《ངོ་རྟགས་མ་ཆོད་པའི་ཕུར་དངོས་སམ་》(UFO)ཟེར་བར་ཆེད་མཁས་པས་འདྲ་པར་ཐོག་ཏུ་བབ་པའི་སྡིག་སྲིན་གྱི་གཟུགས་དབྱིབས་དེ་ལས་སྐར་མ་མིག་དམར་གྱི་སྟེང་དུ་ཚེ་སྲོག་གསོན་ཡོད་པ་རིགས་འདེད་བྱེད་ཐུབ་ཟེར།

འོན་ཀྱང་དེའི་སྐོར་བདེན་པ་ར་འཕྲོད་པའི་ཞིབ་ཕྲའི་གནས་ཚུལ་དང་པར་དེའི་འབྱུང་ཁུངས་དངོས་སོགས་ཀྱི་སྐོར་གང་ཡང་གསལ་ཁ་ལྡན་པ་ཞིག་ཐོན་མི་འདུག

གང་ལྟར་ཡང་ཟླ༩པའི་ཚེས༡༦ཉིན་ཐེ་ཝན་དུ་ཡོད་པའི《ངོ་རྟགས་མ་ཆོད་པའི་ཕུར་དངོས་ཉིན་རེའི་གསར་འགྱུར་》གྱི་ཇུས་སྒྲིག་པ་ཧྭེ་ལིན་ཟེར་བས་དྲ་ངོས་སུ་སྐར་མ་མིག་དམར་གྱི་འདྲ་པར་ཐོག་སྡིག་སྲིན་གྱི་དབྱིབས་བབ་ཡོད་དང༌། UFOཡི་ཆེད་མཁས་པས་པར་དེ་གཞིར་བཟུང་ནས་སྐར་མ་མིག་དམར་ཐོག་ཚེ་སྲོག་གསོན་ཡོད་པའི་སྡོམ་ཚིག་བཀོད་པ་མཐོང་འཕྲལ། ཧྭ་ལིན་རང་ཉིད་ཀྱིས་ཀྱང་པར་གཞན་པའི་ཐོག་ནས་དེ་ལྟ་བུ་མཐོང་མྱོང་བ་དང༌། སྤྱིལ་བུ་ལྟ་བུའི་གཟུགས་དབྱིབས་ཡོད་པའང་མཐོང་མྱོང་ཟེར།

ཁོས་སྤྱིལ་བུ་དེའི་ནང་དུ་གོ་ལ་གཞན་པའི་མི་འཚོ་སྡོད་བྱས་ཡོད་པའང་སྲིད་ཅེས་ཟེར། དེར་མ་ཟད་ཁོས་སྐར་མ་མིག་དམར་གྱི་སྟེང་དུ་ཚེ་སྲོག་གསོན་ཡོད་པ་ཁོ་ཐག་ཡིན་ཞེས་བཤད་འདུག

འོན་ཀྱང་མི་མང་པོས་གནས་ཚུལ་འདི་གོ་ཡོང་དུས་ངོ་མཚར་བའི་གནས་ཤིག་ཏུ་འཛིན་མོད། དེ་ནི་ངོ་མཚར་དུ་འཛིན་དགོས་དོན་མེད་པའི་དངོས་དོན་ཞིག་ཡིན། མིའི་རིགས་ཀྱིས་བྱིས་པ་ཆུང་དུས་ནས་གོ་ལ་གཞན་པར་ཚེ་སྲོག་གཞན་ཞིག་མི་གནས་པར་སློབ་གསོ་རྒྱག་བཞིན་པས། ང་ཚོ་ལ་ཡང་དེ་ལྟ་བུའི་ངོས་འཛིན་སྟངས་དང་བསམ་བློའི་འཁོར་ཕྱོགས་བྱུང་བ་རེད། ཅེས་བཤད་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།