རྒྱ་གཞུང་གིས་ྋགོང་ས་མཆོག་ལ་སྙོན་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༣༠ཉིན་སྤེལ། རྒྱ་ནག་གི་ཉིན་རེ་ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཏུ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་སྔར་ལོའི་པེ་ཅིང་ཨོ་རྩོད་འགྲན་ཚོགས་ལ་རྒོལ་བའི་ལྷ་སའི་ཟིང་འཁྲུག་ཆེན་མོ་དེ། ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་དང་ལྐོག་ཇུས་འོག་བྱུང་བར་ཁུངས་སྐྱེལ་དག་འབུད་བྱེད་པའི་བདེན་དཔང་ཆ་ཚང་རྒྱ་གཞུང་ལ་ཡོད་ཚུལ་གྱི་གནས་སྤེལ་ཡོད་འདུག

དེ་ཡང་ཟླ་སྔོན་མའི་ཚེས་༢༢ཉིན། འཇར་མན་གྱི་༼མདོ་གནད་༽ཞེས་པའི་དུས་དེབ་ཀྱི་གསར་འགོད་པས་ཀྲུའུ་ཝེ་ཆོན་ལ་བོད་དང་ཏཱ་ལའི་བླ་མའི་སྐོར་གྱི་དྲི་བ་བཏོན་ཡོད་ཅིང༌། སྐབས་དེར་ཀྲུའུ་ཝེ་ཆོན་གྱིས། སྔར་ལོར་བོད་ནང་དུ་ཟིང་འཁྲུག་བྱུང་མ་ཐག ཏཱ་ལའི་བླ་མས་ཟིང་འཁྲུག་ནང་མཉམ་ཞུགས་བྱས་པའི་ཁྲིམས་འགལ་ཉེས་ཅན་རིགས་འགེབས་སྲུང་བྱེད་པའི་གཏམ་བཤད་འགའ་ཤས་སྤེལ་སོང་ལ། ནུབ་ཕྱོགས་རྒྱལ་ཁབ་འགས་ཏཱ་ལའི་བླ་མར་བོད་རང་བཙན་རྩོད་ལེན་བྱེད་དགོས་པའི་སྐུལ་འདེད་ཀྱང་བྱེད་ཀྱིན་འདུག ཅེས་དང༌། གཞན་ཡང་བོད་ཀྱི་གཞོན་ནུ་ཚོགས་པ་ཞེས་པའི་འཇིགས་སྐུལ་དྲག་སྤྱོད་པས་བོད་ཀྱི་སྤྱི་ཚོགས་གཏོར་བཤིག་གཏོང་སླད་འཆར་གཞི་ལྡན་པའི་དྲག་སྤྱོད་ལས་འགུལ་རབ་དང་རིམ་པ་སྤེལ་སོང༌། ཞེས་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་སྔར་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོ་དེ་ྋགོང་ས་མཆོག་གིས་ངན་སྐུལ་གནང་ཚུལ་གྱི་སྙོན་འཛུགས་བྱས་ཡོད་ཀྱང༌། སྙོན་འཛུགས་དེའི་ཁུངས་མཐར་བསྐྱེལ་བྱེད་པར་རྒྱ་གཞུང་ལ་བདེན་དཔང་གསལ་བོ་ཅི་ཡང་མི་ཡོད་མི་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།