ཆོས་ངོ་རྟོགས་བྱམས་བརྩེ་ལ་ཟེར་བ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༠༧ཉིན་སྤེལ། དེང་གི་ཆར་འཛམ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་བཅུ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ལྷག་ལ་ཆོས་དད་མེད་པ་དང་།  ཆོས་བཏང་སྙོམས་བྱས་ནས་བཞག་མཁན། ཆོས་ལ་ངོ་རྒོལ་བྱེད་མཁན་ཡོད་རེད། འོན་ཀྱང་ཆོས་ངོ་རྟོགས་བྱམས་བརྩེ་ལ་ཟེར་བ་རེད།

དེ་ཡང་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ཅིག་གི་དད་ལྡན་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟརགོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༠༠པའི་ཐོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། རྒྱལ་ཁབ་ཁག་༦༨ནས་ཕྱི་རྒྱལ་བ་༡༠༧༤དང་། གྲྭ་བཙུན་༡༢༦༢རྒྱ་གར་བ་༣༨༠དྷ་སའི་ཉེ་འཁོར་གྱི་མི་མང་༡༧༧༠ གདན་ཞུའི་ཆོས་ཞུ་བ་༨༠༠ཡོད་པའི་ནང་ནས་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་མི་གྲངས་༡༠་བཅས་ཁྱོན་མི་གྲངས་སྟོང་ཚོ་ལྔ་ལྷག་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་༡༠པ་དང༌། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཀྱི་གསུང་ཆོས་དབུ་འཛུགས་གནང་སོང་།༧གོང་ས་མཆོག་གིས་བཀའ་སློབ་སྩལ་བཞིན་པ། 

གསུང་ཆོས་སྐབས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་གནང་དོན། ཡུལ་གྲུ་ཁག་མི་འདྲ་བ་ཁ་ཤས་ནས་ཕེབས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་དྲངས་ཚོས་དོན་གཉེར་ཆེན་པོས་འདི་ལ་ཕེབས་པར་དགའ་བསུ་ཡོད། ད་ཐེངས་ཁུལ་སོ་སོར་ཉིན་གཉིས་གསུམ་གྱི་ཆོས་འགྲེལ་དེ་མི་དགོས་པའི་ཐོག་ཚང་མ་དུས་གཅིག་ཏུ་ཉིན་བཞིའི་རིང་ཆོས་འགྲེལ་བྱེད་རྒྱུའི་དེ་ཁྱེད་རང་ཚོ་ཚང་མས་མོས་མཐུན་གནང་བར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ནང་ཆོས་ལ་སློབ་གཉེར་གནང་དགོས་པའི་སྐོར་ལ་གསུང་དོན། སྤྱིར་སངས་རྒྱས་པའི་ཆོས་དེ་བསམ་བློ་གཏོང་རྒྱུ་ཡིན་པ་ལས་བྱིན་རླབས་ཞུ་རྒྱུ་གང་ཡང་མ་རེད། གཙོ་བོ་དེ་བྱིན་རླབས་ནང་ལ་ཡོད་དགོས་པ་ལས་ཕྱི་ལ་ཡོང་རྒྱུ་མེད་པ་རེད།སོ་སོ་རང་ངོས་ནས་སངས་རྒྱས་པའི་ཆོས་དེ་ཤེས་པའི་ཐོག་ནས་བསམ་བློར་སྦྱོང་བརྡར་བྱས་ནས་བློ་མ་དུལ་བ་དུལ་བ་བྱེད་རྒྱུ། སེམས་མ་ཞི་བ་ཞི་བར་བྱས་པའི་ཐོག་ཆོས་རིག་པའི་རྣམ་འབྱེད་ཀྱི་གཅིགདང་། བྱམས་བརྩེའི་བློ་བཟང་པོའི་ཡོན་ཏན་གཉིས་པོ་གོང་ནས་གོང་དུ་སྤེལ་ནས་རང་འཕུང་བར་བྱེད་པའི་བློ་ཡི་སྐྱོན་དེ་དག་རིམ་བཞིན་སེལ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པ་དེ་རེད། དེ་འདྲ་བའི་ཉམས་ལེན་བྱེད་པར་སྔོན་ལ་ཉམས་ལེན་བྱེད་སྟངས་དེ་ཤེས་དགོས་པ་རེད། ཤེས་པ་ལ་ཐོས་དགོས་པ་རེད། དེར་བརྟེན་དེ་རིང་ང་ཚོ་འདི་རུ་འཛོམས་པ་དེ་བྱིན་རླབས་ཞུ་བ་མིན་པར་སློབ་སྦྱོང་ཡིན་བསམ་པའི་འདུ་ཤེས་ཡིན་དགོས།

ཆོས་ལུགས་མཐུན་སྒྲིལ་སྐོར་ལ་གསུང་དོན། དེང་གི་ཆར་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གསོད་རེས་མང་པོ་གཏོང་མཁན་ཡོད་རེད། གཙོ་བོ་དཔལ་འབྱོར་དང་ཆབ་སྲིད་ཀྱི་དོན་དུ་ཡིན་ཡང་ཆོས་དད་མི་འདྲ་བའི་རྒྱུ་མཚན་ཡང་ཆགས་ཀྱི་ཡོད་རེད། ང་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་དྲངས་པ་ཞིག་ཆགས་ཀྱི་ཡོད་རེད། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་དེ་དག་ཁས་བླངས་པའི་ཐོག་ནས་ཆོས་བརྒྱུད་ཚང་མར་བརྩི་བཀུར་བྱེད་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག

འཛམ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་བཅུ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ལྷག་ལ་ཆོས་དད་མེད་པ་རེད། ཆོས་བཏང་སྙོམས་བྱས་ནས་བཞཆོས་ཞུ་བ་ཚོས་གསུང་ཆོས་ཞུ་བཞིན་པ།ག་མཁན་དང་ཆོས་ལ་ངོ་རྒོལ་བྱེད་མཁན་ཡོད་རེད། ཆོས་ངོ་རྟོགས་བྱམས་བརྩེ་ལ་ཟེར་བ་རེད། དྷར་མཱ་ཟེར་བ་དེ། སྡུག་བསྔལ་དང་འཇིགས་པ་ལས་སྐྱོབ་པ་ཞིག་བཤད་ཀྱི་ཡོད་རེད། བྱམས་བརྩེས་སེམས་མ་སྐྱིད་པ་དེ་བཟས་ཡོང་གི་འདུག་གཱ ཆོས་ཟེར་བའི་དོན་དག་ངོ་མ་བྱམས་བརྩེ་ཟེར་བ་དེ་རེད་འདུག མི་སུ་འདྲ་ཞིག་ཡིན་རུང་བྱམས་བརྩེ་ལ་ངོ་རྒོལ་བྱེད་ཤེས་ཀྱི་མ་རེད། ཆོས་ཀྱི་ངོ་རྟོགས་དེ་མ་ཤེས་པར་ལམ་ལུགས་སྲོལ་གྱི་ཐོག་ཆོས་ལུགས་ཁག་གི་སྒྲིག་སྲོལ་དེ་དག་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་ནས་ཡོང་བ་ཡིན་དུས་དེའི་གནས་སྟངས་དེ་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་འོག་ནས་བྱུང་ཡོད་པའི་ཆོས་བརྒྱུད་ཚོའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་feudal systemལམ་ལུགས་དང་འདྲ་བོ་རེད།

རྒྱ་གར་རང་བཙན་ཐོབ་ནས་རྩ་ཁྲིམས་བཟོ་བའི་སྐབས་དེར་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པའི་ཡུལ་གྲུ་ཞིག་ཆགས་ཡོད་རེད། ཆོས་ལུགས་ཚང་མར་གུས་བཀུར་དང་། རང་རང་གི་ཆོས་ལ་དད་པ་བྱེད་པ་དེ་བཟོས་ཡོད་པ་རེད། གཞན་ཡང་རྒྱ་གར་གྱི་Secular ethicsནང་། ཆོས་དད་མེད་མཁན་ཚོ་ལ་གུས་བརྩི་བྱེད་དགོས་ཀྱི་ཡོད་པ་རེད་དེ་རླབས་ཆེན་པོ་ཞིག་རེད་འདུག ལོ་ངོ་གསུམ་སྟོང་མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་པའི་མུ་ཏིག་རྒྱང་འཕེན་པ་ཆོས་ཁས་མི་ལེན་མཁན་དེར་གུས་བརྩི་བྱེད་ཀྱི་ཡོད་པ་རེད།

འཛམ་གླིང་གི་དཔལ་འབྱོར་ལ་ཆ་བཞག་ན་ཡང་། ཉེ་ཆར་རྒྱ་ནག་ལ་དཔལ་འབྱོར་གྱི་ཉམས་ཆགས་འགྲོ་ཡི་ཡོད་དུས་འཛམ་གླིང་གང་སར་འགུལ་སྐྱོད་ཐེབས་ཀྱི་ཡོད་པ་རེད། འཛམ་གླིང་གི་གནས་སྟངས་ཚང་མ་ཕན་ཚུན་རྟེན་ནས་ཡོད་པ་ཞིག་དངོས་ཡོད་གནས་ཚུལ་རེད། དེ་འདྲ་བའི་གནས་སྟངས་འོག་ནས་ང་ཚོ་དང་ཁྱོད་ཚོའི་བདེ་སྡུག་འབྲེལ་མེད་དོན་རྐྱེན་རྩ་བ་ཉིད་ནས་མ་རེད། Secular ethicsཟེར་བ་དེ་དཔེ་གལ་ཆེན་པོ་རེད་འདུག  

དེ་རིང་འདི་རུ་ཡོད་པའི་ཆོས་གྲོགས་ཚོས་དེ་དགོངས་པ་བཞེས་ནས་རང་སོ་སོའི་ལུང་པའི་ནང་ཆོས་དད་ཡོད་མཁན་དང་མེད་མཁན་ཚང་མར་མི་གཅིག་འགྱུར་གྱི་འདུ་ཤེས་དང་བྱམས་བརྩེའི་ཚོར་བ་ཡོང་དགོས་རྒྱུར་འབད་བརྩོན་གནང་དགོས་པ་དེ་ཚང་མའི་ལས་འགན་རེད་དྲན་གྱི་ཡོད། ངོས་ལ་ཆ་བཞག་ན་ཡང་མ་འཆི་བར་དེ་བྱེད་རྒྱུ་ཡིན། འཛམ་བུ་གླིང་གི་མིའི་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བ་བྱེད་རྒྱུ་དང་། དེ་ཡང་གཙོ་བོ་ཤེས་ཡོན་གྱི་ཐོག་ནས་ཤུགས་རྒྱབ་དགོས་པ་དེ་གལ་ཆེན་རེད་ཅེས་བཀའ་སློབ་སྩལ་གནང་སོང་།

གསར་འགོད་པས་རྒྱ་སྐད་གསུང་སྒྱུར་བ་འཇམ་དབྱངས་རིན་ཆེན་ལགས་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་གསུང་དོན།  ༧གོང་ས་མཆོག་གིས་ནང་ཆོས་སྦྱོང་བར་རིག་པའི་ཐོག་ནས་དཔྱད་པ་གཏོང་བ་ལས་དད་པའི་ཐོག་ནས་ངོས་ལེན་བྱེད་རྒྱུ་མེད་པ་རེད། གཞན་ཡང་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་རེད་ཅེས་ཡང་ཡང་བཀའ་སློབ་སྩལ་གནང་སོང་།  གཉིས་པ། ཆོས་ལུགས་རིས་མེད་དང་། ཆོས་ལུགས་མཐུན་སྒྲིལ་སྐོར་ལ་གསུངས་སོང་ལ་ཆོས་ལུགས་དང་མ་འབྲེལ་བར་མིའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་དགོས་པ་དེ་གལ་ཆེན་པོ་དང་། ལྷག་པར་དུ་བདེན་བཞི་ཆོས་འཁོར་རིམ་པ་གསུམ་གྱི་རྣམ་གཞག་དང་བསྟུན་ཏེ། རང་ངོས་ནས་ཆོས་ཉམས་ལེན་བྱེད་དགོས་སྟངས་དེའི་སྐོར་གསུངས་གནང་སོང་ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།