ཆོས་དད་རང་དབང་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༠༤ཉིན་སྤེལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ David Saperstein དྲ་ཝིཌ་སཱ་པེར་སེ་ཊཎ་མཆོག་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པ་དང་སྦྲགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་དྲ་ཝིཌ་སཱ་པེར་སེ་ཊཎ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༨ བར་ཉིན་གྲངས་བརྒྱད་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། Shijiazhuang, Shanghai, Hangzhou གྲོང་ཁྱེར་ཧྲི་ཅ་གྲང་། ཧྲང་ཧཱེ། ཧང་ཀྲུག དེ་བཞིན་ཧོང་ཀོང་བཅས་ནང་གཟིགས་སྐོར་དུ་ཕེབས་སྐབས་ཁོང་གིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ཆོས་དད་རང་དབང་ཐོག་དམ་བསྒྲགས་ཆེ་བའི་སྲིད་བྱུས་འཛིན་བཞིན་པ་དེར་ཨ་རིས་སེམས་འཚབ་ཡོད་ལུགས་སོགས་གནད་དོན་མང་པོ་ཞིག་གི་སྐོར་རྒྱ་གཞུང་དཔོན་རིགས་ཚོ་དང་ལྷན་གླེང་སློང་ཤུགས་ཆེ་གནང་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་བྱས་པ་དང་། དེ་འབྲེལ་འབྲས་བུ་ལྡོག་ཕྱོགས་སུ་འགྱུར་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དེར་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཡང་བཏོན་ཡོད་ཅེས་གསུངས་འདུག

དེ་བཞིན་ཁོང་གིས་དེང་སྐབས་ཙི་ཇིང་ Zhejiang ཞིང་ཆེན་ནང་ཡེ་ཤུའི་ལྷ་ཁང་གཏོར་བཤིག་གཏོང་བཞིན་པའི་ལས་འགུལ་དང་དེབ་སྐྱེལ་མ་བྱས་པའི་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ལ་བསུན་གཙེར་བརྡབ་གསིག་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་བཏོན་གནང་འདུག་པ་མ་ཟད། ཁོང་དང་རྒྱ་གཞུང་གི་དཔོན་རིགས་ཁག་མཇལ་འཕྲད་སྐབས་ཁོང་གིས་བརྗོད་དོན། རྒྱ་ནག་ནང་ཆོས་ཚོགས་ཇེ་མང་དུ་འགྲོ་བཞིན་པ་དེ་དག་ནི། བཟང་ཕྱོགས་ཀྱི་ཡར་རྒྱས་ཤིག་ཡིན། ཆོས་ཚོགས་ཁག་གིས་སྤྱི་ཚོགས་ཞབས་ཞུ་གང་ལེགས་གནང་བཞིན་པ་དེར་བསྔགས་བརྗོད་ཀྱང་གནང་ཡོད་འདུག་པ་བཅས་སོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།