ལྡི་ལི་ས་གནས་བུད་མེད་ཀྱིས་རྒྱ་གར་སྲིད་བློན་དང་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༨།༣༡ཉིན་སྤེལ། ཟླ་འདིའི་ཕྱི་ཚེས་༢༩ཉིན་རྒྱ་གར་གྱི་དུས་ཆེན་རག་ཤཱ་བྷེན་དྷ་Raksha Bandhanཞེས་པའི་ཉིན་མོ་དེ་ཁེལ་བའི་སྐབས་དང་བསྟུན་ནས་ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་དཔོན་རིག་ཁག་ལ་ཐུག་འཕྲད་བྱུ་རྒྱུའི་གོ་སྐབས་བྱུང་འདུག

ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ལྷ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་དོན།  ཟླ་འདིའི་ཕྱི་ཚེས་༢༩ཉིན་རྒྱ་གར་གྱི་དུས་ཆེན་རག་ཤཱ་བྷེན་དྷ་Raksha Bandhanཞེས་པའི་སྐབས་དང་བསྟུན་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་Modiམཆོག་དངལྡི་ལི་ས་གནས་བུད་མེད་ཀྱིས་རྒྱ་གར་སྲིད་བློན་དང་མཇལ་འཕྲད། ་། རྒྱ་གར་གྱི་ནང་སྲིད་བློན་ཆེན་རཱ་ཅི་ནཱདྷ་སཱཡེ་Raj Nath Singhམཆོག་ནང་སྲིད་བློན་ཆེན་གཞོན་པ་ཀུ་རན་རི་ཇུ་karenRijijuམཆོག  རྒྱ་གར་གྱི་སྲིད་བློན་ཟུར་པ་ཨཌི་ཝནནི་L.K Advanni བཅས་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་སོང་།

གཞན་ཡང་ད་དུང་ཁོ་མོས་མུ་མཐུད་གསུང་དོན། སྲིད་བློན་མོ་དྷི་Modiམཆོག་ལ་རག་ཤཱ་བྷེན་དྷ་Raksha Bandhanསྐུད་པ་བསྡམས་རྒྱུའི་ཐད་ལ་ཆོག་ཆེན་ཞུ་རྒྱུ་བྱུང་མ་སོང་། འདི་གའི་འབྲེལ་ཡོད་མི་སྣས་ཐོག་མར་ཐུག་འཕྲད་བྱེད་ཆོག་པའི་ཡིག་ཆ་དགོས་པའི་རྙོག་གྲ་བཤད་ན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་ཆས་དང་། བོད་མི་རིགས་ལ་རྩིས་ནས་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་དེ་ལས་སླ་པོར་སྤྲད་གནང་བྱུང་།

མ་གཞི་བྱས་ན་ང་ཚོའི་བང་རིམ་མཐའ་མ་དེ་ལ་ཡིན་ཡང་། དང་ཐོག་མཇལ་འཕྲད་བྱེད་དུ་བཅུག་གནང་བྱུང་། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྲིད་བློན་མོ་དྷི་Modiམཆོག་ལ་བོད་དོན་ཐད་རྒྱབ་བསྐྱོར་གནང་རྒྱུར་ཡར་ཞུ་བྱེད་ཐུབ་བྱུང་། འོན་ཀྱང་མར་ལྗགས་ལན་དམིགས་བསལ་གང་མ་གནང་ཡང་སྤྲོ་སེམས་ཁོལ་པོས་འཚམས་འདྲི་ཞུས་བྱུང་། དེར་བརྟེན་རྣམ་འགྱུར་ལེགས་པོ་སྟོན་གནང་བ་དེས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༡༢༠༡༥༢༠༥༦
དཔལ་གུང་ཟླ་བ།
སྐུ་ཉིད་ཀྱི་གསར་འགྱུར་སྤེལ་སྐབས་ངེས་པར་དུ་ངེས་དགོས་པ་ཞིག་ལ། དབྱིན་ཇི་དང་ཧིན་དྷུ་གང་ཞིག་གི་བརྡ་ཆད་འབྲི་སྐབས་ངེས་པར་དུ་རང་རེའི་བོད་སྐད་ཐོག་ནས་སྒྲ་ཐད་བསྒྱུར་བྱ་ཐུབ་ན་ཧ་ཅང་བཟང་། དེ་མིན་དབྱིན་ཡིག་དང་ཧིན་དྷུ་མི་ཤེས་མཁན་རྣམས་མགོ་རྨོངས་བཅུག་པ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།