༧གོང་ས་མཆོག་ནཱ་སིག་ཀུམ་བྷ་དུས་ཆེན་ཐོག་ཆིབས་སྒྱུར་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༨།༣༡ཉིན་སྤེལ། ༧གོང་ས་མཆོག་འདུ་འཛོམས་ཆེན་མོ་སྟེ། ནཱ་སིག་ཀུམ་བྷ་དུས་ཆེན་ཐོག་ཆིབས་སྒྱུར་བསྐྱངས་ཡོད་འདུག

ད་རིང་ཕྱི་ཚེས་༣༡ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ Maharashtra མ་ཧཱ་རཤ་ཊ་མངའ་སྡེའི་ནཱ་སིག་ཅེས་པའི་གྲོང་ཁྱེར་ནང་ཧིན་དུའི་ཆོས་ལུགས་ཀྱི་འདུ་འཛོམས་ཆེན་མོ་སྟེ། ནཱ་སིག་ཀུམ་བྷ་ Nasik kumbh དུས་ཆེན་ཐོག་ཆིབས་སྒྱུར་བསྐྱངས་ཡོད་འདུག

དེ་ཡང་རྒྱ་གར་གྱི་གྲོང་ཁྱེར་ཨི་ལཱ་བཱཌ་དང་། Allahabad ཨུཇ་འཇེན། Ujjain དེ་བཞིན་ཧཱ་རི་ཌ་ཝར། Haridwar ནཱ་སིག Nasik བཅས་སུ་ལོ་གསུམ་རེའི་མཚམས་གྲོང་ཁྱེར་དེ་གསུམ་ནང་ལོ་ལྟར་འཚོགས་བཞིན་པའི་ཧིན་དུའི་ཆོས་ལུགས་ཀྱི་དུས་ཆེན་ཀུམ་བྷ་མེ་ལ་ kumbh Mela ཞེས་པ་འདུ་འཛོམས་ཆེན་པོ་རེ་ཚོགས་སྲོལ་ཡོད་པ་ལྟར། འདི་ལོའི་དུས་ཆེན་འདི་བཞིན་ཟླ་འདིའི་ཚེས་ ༡༤ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༩ ཟླ་དཀྱིལ་བར་ཚོགས་རྒྱུ་ཡིན་པ་དང་། དུས་ཆེན་འདིའི་ཐོག་ཧིན་དུའི་བླ་ཆེན་སོགས་ཆོས་ཕྱོགས་ཀྱི་མི་སྣ་སྟོང་ཕྲག་མང་པོ་དང་རྒྱ་གར་བ་དད་ལྡན་མང་ཚོགས་འབུམ་ཕྲག་མང་པོ་བཅར་གྱི་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་དང་མངའ་སྡེའི་དཔོན་རིགས་མཐོ་གྲས་མང་པོ་ཞིག་ཀྱང་དུས་ཆེན་འདིར་ཕེབས་སྲོལ་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།