ཨ་རིའི་བོད་འབྲེལ་སྙན་ཐོ་ལ་རྒྱ་གཞུང་གིས་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༢༩ཉིན་སྤེལ། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་རྒྱ་ནག་ཚན་ཁག་གིས་རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་ཐད་སྐྱོན་བརྗོད་ཀྱི་སྙན་ཐོ་ཞིག་བཏོན་ཡོད་པ་དང༌། རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཨ་རིའི་ཕྱོགས་ཀྱི་བོད་འབྲེལ་སྙན་ཐོ་དེ་ནི་ཕྱོགས་རིས་ཀྱི་དྲི་མས་སྦགས་པ་ཞིག་ཡིན་ཚུལ་གྱི་བརྡ་ལན་སྤྲད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༧ཉིན། རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཁྲའོ་ཞུས་ཀྱིས་ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་སྡེ་ཚན་གྱི་རྒྱ་ནག་ཨུ་ཡོན་ཚན་ཁག་གིས་བོད་འབྲེལ་གནད་དོན་གྱི་དམིགས་བསལ་སྙན་ཐོག་ཞིག་སྤེལ་བའི་སྐོར་ལ་ཁ་རྡུང་ངོ་རྒོལ་བྱས་ཡོད་དོན། བོད་ལྗོངས་ཀྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་ཤིང༌། ཨ་རིའི་ཨུ་ཡོན་ཚོགས་པ་ཞེས་པའི་སྙན་ཞུ་དེའི་ནང་དངོས་ཡོད་གནས་ཚུལ་སྣང་མེད་དུ་གཡུག་ཅིང་དཀར་ནག་གོ་ལྡོག་པ་དང༌། ཕྱོགས་རིས་ཀྱི་དྲི་མས་སྦགས་ཡོད་པ་རེད། ང་ཚོས་ཨུ་ཡོན་ཚོགས་པ་དེས་བོད་འབྲེལ་གནད་དོན་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུ་དང༌། ཀྲུང་གོ་དང་ཨ་རིའི་འབྲེལ་བར་གནོད་སྐྱོན་མི་བཟོ་བའི་སྐུལ་མ་བཏང་བ་ཡིན། ཞེས་བརྗོད་ཡོད་འདུག 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།