རྒྱ་གར་ནང་ཆུ་ལོག་གི་གནོད་འཚེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༣ཉིན་སྤེལ། ཆུ་ལོག་གི་གནོད་འཚེ་ཡིས་རྐྱེན་པས་རྒྱ་གར་གྱི་མི་མང་འབུམ་གཉིས་༢།༡༤༠༠༠ལྷག་གི་སྡོད་ཁང་ཞིག་རལ་དུ་ཕྱིན་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༥ལོར་རྒྱ་གར་གྱི་ས་ཆ་བྷེན་གྷོལ་དང་། Bengal ཨོ་དྷི་ཤ་Odisha མ་ནི་པུར་Manipurབཅས་ཀྱི་ནང་ཆར་ཤོད་འབབས་ཚད་ཆེ་བའི་རྐྱེན་གྱིས་ས་ཆ་དེ་དག་ལ་ཆུ་ལོག་བརྒྱབ་ནས་མི་མང་ལ་དཀའ་ངལ་འཕྲད་ཡོད་པ་དང་། ལྷག་པར་དུ་རྒྱ་གར་ཤར་ཕྱོགས་རྒྱུད་ཀྱི་མངའ་སྡེ་བྷེན་གྷོལ་Bengalནུབ་རྒྱུད་དུ་རླུང་འཚུབ་དྲག་པོ་བརྒྱབ་ནས་མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང་།  གཞན་ཡང་མ་ནི་པུར་Manipurཕྱོགས་སུ་རི་ཐོག་ནས་ས་ཉིལ་ནས་མི་༢༠ལྷག་རྐྱེན་ལམ་དུ་ཤོར་ཡོད་འདུག
 
ལོ་འདིའི་ཆུ་ལོག་གི་གནོད་འཚེ་ཡིས་རྐྱེན་པས་རྒྱ་གར་གྱི་མི་མང་འབུམ་གཉིས་ལྷག་གི་སྡོད་ཁྱིམ་ཞིག་རལ་དུ་ཕྱིན་པར་བརྟེན་རྒྱ་གར་གཞུང་ནས་གནས་སྐབས་རིང་འཚོ་གནས་བྱེད་སའི་གུར་ཁང་བཟོས་ནས་དེ་རུ་གནས་སྤོས་བྱེད་བཞིན་ཡོད་འདུག གཞན་ཡང་ད་དུང་ཆར་པ་མུ་མཐུད་འབབས་ཀྱི་ཡོད་པར་བརྟེན་མི་མང་ཚོར་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག སྤྱིར་ལོ་ལྟར་རྒྱ་གར་ནང་ཟླ་བ་དྲུག་པ་ནས་དགུ་པ་བར་ཆར་པ་འབབས་ཚད་བརྒྱ་ཆ་༨༠ཡིན་འདུག

གསར་འགོད་པ། ཟླ་བ་ཕུར་བུས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།