བལ་ཡུལ་གྱི་སེམས་ཅན་དམར་མཆོད་མཚམས་འཇོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༧།༣༠ཉིན་སྤེལ། ལྷ་མཆོད་བྱེད་སྐབས་སེམས་ཅན་དམར་མཆོད་ཕུལ་ནས་མཆོད་འབུལ་བྱེ་རྒྱུ་མ་ཡིན་པར་ཐབས་ལམ་གཞན་གྱི་ཐོག་ནས་མཆོད་འབུལ་བྱེད་རྒྱུ་ཡོད་པ་རེད།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། ད་ལོ་ནས་བཟུང་བལ་ཡུལ་གྱིས་སེམས་ཅན་དམར་མཆོད་ཕུལ་བའི་ཆོས་ལུགས་དེ་མཚམས་འཇོག་བྱེད་རྒྱུ་ཡིན་འདུག

སེམས་ཅན་དམར་མཆོད་ཕུལ་ནས་མཆོད་འབུལ་བྱེད་པ་ནི་བལ་པོའི་ཕ་མེས་ཀྱི་ཆོས་ལུགས་ཤིག་ཡིན་པ་སྟེ། ལོ་ངོ་གསུམ་བརྒྱའི་སྔོན་ནས་འགོ་འཛུགས་བྱས་པ་ཞིག་རེད་འདུག དེ་ཡང་བལ་ཡུལ་གྱི་གྷ་ཊི་ཧི་མལ་Gadhimaiལྷ་ཁང་དུ་ལོ་ལྔ་རེའི་རྗེས་ལ་ལྷ་མཆོད་བྱེད་སྐབས་སེམས་ཅན་སྟོང་ཚོ་མང་པོ་སྲོག་གཅོད་ཀྱི་ཡོད་པར་བརྟེན། ཕྱི་ལོ་༢༠༠༩ ལོར་དམར་མཆོད་དུས་སྟོན་སྐབས་བལ་ཡུལ་གྱི་གྷ་ཊི་ཧི་མལ་Gadhimaiལྷ་ཁང་དུ་ར་དང༌། བྱ། མ་ཧེ་བཅས་ཁྱོན་བསྡོམས་སེམས་ཅན་སྟོང་ཕྲག་ལྔ་བརྒྱ་ལྷག་དམར་མཆོད་ཕུལ་ཡོད་འདུག ལྷ་ཁང་དེ་ནི་རྒྱ་བལ་གཉིས་ཀྱི་ས་མཚམས་སྟེ་བྷེ་ཧར་Biharདང་ཐག་ཉེ་པོ་ཡོད་འདུག

འཛམ་གླིང་སེམས་ཅན་བྱམས་སྐྱོང་ཚོགས་པ་ནས་བལ་ཡུལ་གཞུང་ལ་ལོ་ལྟར་སེམས་ཅན་དམར་མཆོད་ཕུལ་མཚམས་འཇོག་དགོས་པའི་སྐོར་ལ་རེ་ཞུ་ཐེངས་མང་བྱས་པར་བརྟེན། གྷི་ཊི་ཧི་མལ་ཐེབས་རྩ་ཚོགས་པའི་ཚོགས་གཙོས་བརྗོད་པར་ལྟར་ན་རྗེས་ལོ་ནས་བཟུང་གྷ་ཊི་ཧི་མལ་Gadhimaiདུས་ཆེན་སྐབས་སེམས་ཅན་དམར་མཆོད་ཕུལ་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག
 
དམར་མཆོད་ཚོགས་གཙོས་བརྗོད་དོན། ལུགས་སྲོལ་དེ་ཧ་ཅང་གི་རྙིང་པ་ཞིག་ཡིན་པར་བརྟེན་བཀག་སྡོམ་བྱེད་རྒྱུ་ལས་བསླ་པོ་མིན་པར་གསལ་བསྒྲགས་བྱས་འདུག འོན་ཀྱང་ལོ་ལྔ་རེ་རེའི་མཚམས་སུ་སེམས་ཅན་དམར་མཆོད་ཀྱི་མཆོད་འབུལ་ཐེངས་མ་རེ་འཚོགས་ཀྱི་ཡོད་པར་བརྟེན་ ༢༠༡༤ལོའི་དམར་མཆོད་དུས་སྟོན་དེ་ཚར་བ་ནས་བཟུང་ལོ་ལྔའི་རིང་གི་གོ་སྐབས་དེ་རྒྱུད་ནས་བཀག་སྡོམ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

དེ་ཡང་ལྷ་མཆོད་བྱེད་སྐབས་སེམས་ཅན་དམར་མཆོད་ཕུལ་ནས་མཆོད་འབུལ་བྱེད་རྒྱུ་མ་ཡིན་པར་ཐབས་ལམ་གཞན་གྱི་ཐོག་ནས་ལྷ་ལ་མཆོད་འབུལ་བྱེད་རྒྱུ་ཡོད་པའི་གོ་རྟོགས་སྤེལ་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། ཟླ་བ་ཕུར་བུས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།