རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དྷུ་ཀ་ལམ་སྐུ་གཤེགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༧།༢༨ཉིན་སྤེལ། ཁ་སང་ཕྱི་ཚེས་༢༧ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དྷུ་ཀ་ལམ་Abdul Kalamསྐུ་གཤིགས་ཡོད་པའི་གནས་ཚུལ་བྱུང་འདུག

དེ་ཡང་ཁ་སང་ཕྱི་ཚེས་༢༧ཉིན་གྱི་གཟའ་ཟླ་བའི་ཞོགས་པ་ཨབ་དྷུ་ཀ་ལམ་མཆོག་གིས་རྒྱ་གར་ཤི་ལོང་མཐོ་སློབ་(Indian Institute of Management-Shillong)ནང་གཏམ་བཤད་གནང་སྐབས་གློ་བུར་དུ་འགྱེལ་ནས་སྐུ་གཤེགས་ཡོད་འདུག ཁོང་ནི་༢༠༠༢ནས་༢༠༠༧བར་རྒྱ་གར་གྱི་སྲིད་འཛིན་གནང་མྱོང་ཡོད་པ་མ་ཟད།  རྒྱ་གར་གྱི་དམག་མིའི་མཚོན་ཆའི་ཐད་ཡར་རྒྱས་ཤུགས་ཆེན་བཏང་ཡོད་པ་རེད་འདུག་ལ་སྲིད་འཛིན་ལོ་ལྔ་ཚར་རྗེས་རྒྱ་གར་གྲོང་གསེབ་ཁག་གི་སློབ་གྲྭར་ཐེངས་མང་བསྐྱོད་ནས་དུས་རབས་འདིར་ཤེས་ཡོན་ཧ་ཅང་གི་གལ་ཆེན་ཡིན་པའི་བཀའ་སློབ་ཡང་རབ་དང་རིམ་པ་གནང་མྱོང་ཡོད་འདུག གཞན་ཡང་ཁོང་གིས་བྱ་དགའ་ཐེངས་མང་བླངས་་མྱོང་ཡོད་ན་ཡང་ཆེས་སྙན་གྲགས་ཆེ་བའི་བྱ་དགའ་Bharat Ratna འམ་civil honorགྱི་བྱ་དགའ་ཐོབ་མྱོང་ཡོད་པ་རེད་འདུག

༧གོང་ས་མཆོག་གིས་གསུང་དོན། ངོས་ནས་ཁ་ས་དགོང་མོ་སྲིད་འཛིན་ཟུར་པ་ཨབ་དྷུ་ཀུ་ལམ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གོ་ཐོས་བྱུང་བར་ཧ་ཅང་གིས་སེམས་པ་སྐྱོ་བོ་བྱུང་།  དེར་བརྟེན་ཁོང་གི་ནང་མིས་གཙོས་པའི་རྒྱ་གར་མི་མང་ཚང་མ་མཉམ་དུ་གདུང་སེམས་མཉམ་སྐྱེས་ཞུ་རྒྱུ་ཡིན། ཁོང་ནི་མི་སེམས་བཟང་ཅན་ཞིག་རེད་ལ་ཚན་རིག་པ་ཞིག་ཀྱང་རེད། ངོས་ཁོང་དང་མཉམ་དུ་ཐེངས་མང་མཇལ་རྒྱུའི་གོ་སྐབས་བྱུང་། མང་ཆེ་བ་ཚན་རིག་དང་། ཆོས་ལུགས། ཤེས་ཡོན་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བར་ཁོང་གིས་ཀྱང་མཉེས་པོ་གནང་གི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

རྒྱ་གར་གྱི་སྲིད་འཛིན་མུ་དྷི་Modiཡིས་གསུང་དོན། དེ་རིང་རྒྱ་གར་གྱི་མི་སྣ་རླབས་ཆེན་ཞིག་བརླགས་སོང་བ་རེད། ཁོང་གིས་རྒྱ་གར་མི་མང་ཐེར་འབུམ་གཅིག་ལྷག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད་ལ་རྒྱ་གར་མང་གཙོའི་རྒྱལ་ཁབ་གྱི་ནུས་པ་གོང་ཐོར་སྤེལ་ཐུབ་ཡོད་མ་ཟད་ན་གཞོན་ཚོར་བློ་སྟོབས་ཀྱི་ལམ་བུ་ཞིག་ཀྱང་གཏོད་ཡོད་ཅེས་གསུངས་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།