༧སྐུའི་གྱ་སྟོན་འཛམ་གླིང་དུ་མཆེད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༧།༡༠ཉིན་སྤེལ།  ད་ལོའི་༧གོང་ས་མཆོག་དགུང་གྲངས་༨༠ཕེབས་པའི༧སྐུའི་གྱ་སྟོན་ནི། རང་རིགས་བོད་ཕྱི་ནང་གཙོས་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཆེ་ཁག་སོ་སོ་ནས་སྲུང་བརྩི་གཟབ་རྒྱས་གནང་བའི་སྐོར་གྱི་དུས་ཚོད་དང་ས་གནས། ཡུལ་མིང་། འདུ་འཛོམས་ཀྱི་མི་གྲངས་སོགས་ཕྱོགས་བསྡུས་རན་ཙམ་བྱས་པ་གཤམ་གསལ་ཏུ།

  ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ དང་བོད་ཟླ་ ༥ ཚེས་ ༥ བོད་ལུགས་སྐུའི་འཁྲུངས་སྐར་ཉིན་དབུས་བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་མཐུན་མོང་ནས་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

  ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་མདོ་སྨད་ཆོལ་ཁས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་༸སྐུའི་གྱ་སྟོན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག

  ཕྱི་ལོ་༢༠༡༥ཟླ་༦ཚེས་༢༨ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་༧སྐུའི་འཁྲུངས་སྐར་ལ། དབྱིན་ལན་ཊི་ནང་ཡོད་པའི་གྷི་ལ་སི་ཊོན་བྷེ་རེ་ལ་ཐག་ཉེ་བའི་པལ་ཊོན་ཁུལ་དུ། གྷི་ལ་སི་ཊོན་བྷེ་རེ་(Glastonbury Festival)ཡི་དུས་སྟོན་མཛད་སྒོའི་ཐོག  མི་ཉིས་འབུམ་སུམ་སྟོང་ལྷག་བརྒལ་བས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག

༤   ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣ ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་༧སྐུའི་འཁྲུངས་སྐར་ལ། ཨ་རིར་བརྟེན་གཞི་བྱས་པའི་ཊེག་སེ་སི་མངའ་སྡེ་(Teaxs)ཡི་ངྷ་ལ་སི་(Dallas)གྲོང་ཁྱེར་གྱི་སྲིད་འཛིན་བྷུ་ཤུ་ལྟེ་གན(George W. Bush Presidential Center)ས་སུ་༧སྐུའི་འཁྲུངས་སྐར་དེ་མི་གྲངས་ཉིས་ཁྲི་ལྔ་སྟོང་ཙམ་གྱིས་གཟབ་རྒྱས་སུ་རོལ་འདུག

  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣ ཉིན། ཁལ་མུཀ་ཀྱི་རྒྱལ་ས་ཨི་ལི་སི་ཊར་རྟེན་གཞི་བྱས་པའི་ Basangov State Drama Theatre ཞེས་པའི་འཁྲབ་སྟོན་ཁང་དུ་༸སྐུའི་གྱ་སྟོན་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག

  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༥ ཉིན་ཐེ་ཝན་ནང་མཆོད་འབུལ་སྨོན་ལམ་དང་སྐུ་པར་འགྲེམས་སྟོན། རོལ་དབྱངས་འདུ་འཛོམས། ཤེས་ཡོན་བྱ་དགའ་སོགས་ཕུལ་བའི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༠ ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐེ་ཝན་ནང་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་ ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག ༸སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོར་ཐེ་ཝན་དུ་གནས་སྡོད་བོད་རིགས་ཀྱིས་གཙོས་བོད་བརྒྱུད་ནང་བསྟན་དང་རྒྱའི་ཆོས་ཚོགས་བཅས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་འདུ་འཛོམས་བྱས་འདུག

  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༤ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཨོ་ཀུ་ར་ Hotel Okura གསོལ་མགྲོན་ཁང་དུ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་དང་སྦྲགས་དགའ་སྟོན་གྱི་མཛད་སྒོ་འཚོགས་ཡོད་འདུག


༨  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༥ ཉིན་ཨ་རིའི་ California མངའ་སྡེ་ Anaheimགྲོང་ཁྱེར་ནང་དུ། ༸གོང་ས་མཆོག་དབུ་བཞུགས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་གནད་ཡོད་མི་སྣ་དང་མང་ཚོགས་ཆིག་ཁྲི་བརྒྱད་སྟོང་ལྷག་ལྷན་འཛོམས་ཐོག ༸སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག

༩  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་གྱི་མཛད་སྒོ་དེ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་རྒྱལ་ཁབ་ཁལ་མུཀ་དང་། བྷུ་རི་ཡ་ཏི། ཐུ་ཝ་སོགས་ཀྱི་ནང་ ༸སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་འདུག

༡༠  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དང་སྟབས་བསྟུན། ཡུ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་༸གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་འདུག

༡༡  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ དང་། བོད་རྒྱལ་ལོ་ ༢༡༤༢ རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་བོད་ཟླ་ ༥ ཚེས་ ༢༠ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བཞུགས་སྒར་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག

༡༢ 
ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་༦ ཉིན་སྦེལ་ལྗམ་ཆོས་རིག་འཛིན་སྐྱོང་ཁང་གིས་༸རྒྱལ་བ་རིན་པོ་ཆེའི་ ༸སྐུའི་འཁྲུངས་སྐར་སྲུང་རྩི་དང་། སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་བཙུགས་ནས་ལོ་༧ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་འདུག


གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།