སྐུའི་འཁྲུངས་སྐར་རོལ་བར་གཞུང་གི་ཆོག་མཆན་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༧།༠༨ཉིན་སྤེལ། བལ་ཡུལ་རྒྱལ་ཁབ་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རོལ་བར་དམ་དྲག་ཙུང་ཙམ་བྱུང་འདུག

བལ་ཡུལ་གནས་བཞུགས་ཐུབ་བསྟན་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། ཉེ་ལམ་བལ་ཡུལ་རྒྱལ་ཁབ་ཏུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་པར་བལ་ཡུལ་གཞུང་འབྲེལ་གྱིས་ཆོག་མཆན་གནང་ཡོད་ཀྱང་། བཀག་འགོག་གང་ལ་གང་འཚམས་བྱས་འདུག་པ་མ་གཏོགས་དམ་དྲག་ཆེན་པོ་བྱས་མི་འདུག གཞུང་ལམ་སྒང་ལ་འགྲོ་མཁན་དང་ལྷག་པར་དུ་གྲྭ་བཙུན་ལ་བཀག་འགོག་བྱེད་ཀྱིན་པ་ང་རང་གིས་དངོས་སུ་གནས་ཚུལ་ཁ་ཤས་ཤིག་མཐོང་སོང་།

སྤྱི་ཡོངས་ཀྱི་ཆ་ནས་མཛད་སྒོ་གྲ་རྒྱས་པོ་བྱས་ཡོད་པ་དང་། མི་ཧ་ཅང་མང་པོ་འདུ་འཛོམས་མཉམ་ཞུགས་བྱེད་ཐུབ་འདུག ཉེན་རྟོགས་པས་གཞུང་ལམ་གྱི་སུམ་མདོ་རྣམས་སུ་བཀག་འགོག་ཅུང་ཙམ་རེ་བྱས་ཏེ། གྲྭ་བཙུན་ཁ་ཤས་ཤིག་སྲང་ལམ་ཁག་ཅིག་ནས་འགྲོ་དགོས་པ་ཆགས་པ་རེད། ཡིན་ཡང་། ནམ་རྒྱུན་དང་བསྡུར་ན། ཛ་དྲག་ཆེན་པོ་མི་འདུག

སྔོན་མ་ཡིན་ན། ཞོགས་པ་ནས་བཀག་གཉེར་བྱས་ཏེ་དགོང་མོ་ཆུ་ཚོད་ལྔ་བ་ཞིག་ལ་གློད་གྲོལ་བཏང་འཇོག་གི་རེད། ད་ལྟ་ནི་ངས་ཧ་གོ་ཚོད་ལྟར་ན། བཀག་གཉེར་འཛིན་བཟུང་བྱས་པའི་གནས་ཚུལ་མི་འདུག

ཡིན་ཡང་། ཅུང་ཙམ་བཀག་པའི་གནས་ཚུལ་འདྲ་བྱུང་ཡོད་པ་དེ་ནི། ཕྱོགས་གཅིག་ནས་ཀུན་འདུས་འཁྲུངས་སྐར་རོལ་བར་བལ་ཡུལ་གཞུང་གིས་ཆོག་མཆན་ཐོབ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བཀག་འགོག་གི་རྣམ་འགྱུར་ཙམ་མ་བསྟན་པ་ཡིན་ན། རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཀྱི་ཡོད་ས་རེད་འདུག

ཅུང་ཙམ་དཀའ་ལས་ཤིག་བྱུང་བ་ནི། གྲྭ་བཙུན་རྣམས་དང་གཟབ་སྤྲོས་ཤུགས་ཆེན་པོ་བྱས་ནས་འགྲོ་མཁན་ཚོར་དཀའ་ལས་ཅུང་ཙམ་ཕྲད་ཡོད་པ་རེད། ང་རང་ཡང་བཞི་མདོ་ཞིག་ཏུ་བཀག་སོང་བ་དང་། ངའི་རྗེས་སུ་གྲྭ་བཙུན་དང་འཕྲུལ་རྟ་བཞོན་མཁན་དེ་ཚོ་ཡང་བཀག་སོང་། དེ་ནས་ཉེན་རྟོགས་པ་མཉམ་དུ་ཁ་རྩོད་རྒྱབ་ནས་ཆུ་ཚོད་གཅིག་ལྷག་འགོར་རྗེས། ཕར་ཁུག་གྱོག་ཅིག་ལ་སོང་ནས་གྲྭ་ཆས་ཕུད་ཅིང་སྐྱ་ཆས་གྱོན་སྟེ་དག་ག་རང་སྔར་གྱི་བཞི་མདོ་དེ་ནས་སོང་བ་ཡིན།

༧གོང་ས་མཆོག་གི་ད་རེས་ཀྱི་འཁྲུངས་སྐར་ནི། བལ་ཡུལ་རྒྱལ་ཁབ་ནང་གི་ཀཐི་མཎ་ཌི་གཙོས་ས་ཁུལ་མང་པོ་ཞིག་ལ་གཟབ་རྒྱས་ངང་ཚོགས་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།