དབྱིན་ཇིའི་གྲོས་ཚོགས་འོག་མའི་ནང་བོད་དོན་གླེང་སློང་བྱུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༧ཉིན་སྤེལ། ཉེ་ལམ་དབྱིན་ཇིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་རྒྱ་ནག་གཞུང་གི་གདན་འབོད་ལྟར་བོད་ནང་དུ་ལྟ་སྐོར་དུ་ཕྱིན་ཡོད་པ་དང༌། ཟླ་འདིའི་ཚེས་༡༢ཉིན་ཁོ་ཚོ་ཕྱིར་ཨིན་ལན་ཌིར་ལོག་སྟེ་ཡུལ་དེའི་གྲོང་ཁྱེར་ལོན་ཌོན་ནང་གི་དབྱིན་ཇིའི་གྲོས་ཚོགས་ཐོགས་ཁང་ཆེན་མོ་ནང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་བཅས་གོང་འཕེལ་གཏོང་རྒྱུའི་ཐད་སྐུལ་འདེད་བཏང་བར་བསྔགས་བརྗོད་ཀྱི་སྙན་ཞུ་ཞིག་སྤེལ་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ། དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་སྙན་ཞུའི་ནང་ཉེ་བའི་ལོའི་ཚུན་དུ་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་བསྐྱོར་འོག  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས།  རིག་གནས་བཅས་གོང་འཕེལ་གཏོང་རྒྱུའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང༌།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡག་ཏུ་ཤུགས་ཆེ་ཕྱིན་ཡོད།  ཀྲུང་གོ་སྲིད་གཞུང་གིས་ད་དུང་བོད་ལྗོངས་ས་ཁུལ་གྱི་སློབ་གསོའི་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།  ད་ལྟ་བོད་དུ་སློབ་ཆུང་༨༨༤དང་སྤྱིར་བཏང་སློབ་འབྲིང་༡༡༧འབྲིང་རིམ་ཆེད་ལས་དང་ལས་རིགས་སློབ་གྲ་༡༠དེ་བཞིན་བོད་ལྗོངས་སློབ་ཆེན་ཚུད་པའི་སློབ་གྲ་ཆེ་ཁག་དྲུག་བཅས་ཡོད་ཅེས་འཁོད་ཡོད་པ་དང༌།  སྙན་ཞུའི་ནང༌།  བོད་དུ་ད་ལྟ་རིགས་མི་འདྲ་བའི་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཁག་༡༧༠༠ལྷག་ཙམ་ཡོད་པ་དེའི་ཐོག་ནས་བོད་མི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ལ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་གང་ལེགས་མཚོན་གྱི་ཡོད་པ་རེད།  ཀྲུང་གོའི་རྩ་ཁྲིམས་ནང་ཀྲུང་གོའི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པའི་གཏན་འབེབ་བྱས་ཡོད།  དེ་མིན་དུ།  ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཤོག་སྒོར་དུང་ཕྱུར་བདུན་བཏང་ནས་དགོན་སྡེ་དང་དེ་མིན་གྱི་ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་ཁག་ལ་ཉམས་གསོ་བྱས་ཡོད་པ་རེད་ཅེས་དང༌།

སྙན་ཞུའི་ནང་ད་དུང་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ལེགས་བཅོས་གཏོང་རྒྱུའི་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཡང་བྱས་ཡོད་པ་རེད། ཅེས་གནས་ཚུལ་སྤེལ་ཡོད་པ་མ་ཟད། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་བོད་རང་སྐྱོང་ལྗོངས་ལ་འཚམས་འདྲིར་ཕེབས་ཏེ་ཀྲུང་གོའི་དཔོན་རིགས་དང་བོད་རིག་པ་མཁས་ཅན་དབར་བོད་ཀྱི་ད་ལྟའི་གནས་བབ་དང་འགྲོ་བ་མིའི་ཐོབ་ཐང༌།  ཆོས་དད་རང་མོས་སོགས་ཀྱི་ཐད་བཞུགས་མོལ་གནང་བ་རེད། ཅེས་གསལ་བསྒྲགས་གནང་ཡོད་འདུག

འོན་ཏེ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་གྷི་རེ་ལགས་ཀྱིས་དབྱིན་ཇིའི་གྲོས་ཚོགས་སུ་འདི་ལྟར་གསུངས་ཡོད་དོན། ང་རང་གི་ལྟ་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མགྱོགས་མྱུར་ངང་ཏཱ་ལའི་བླ་མ་དང་གདུང་དང་གདུང་ཐུག་པའམ་ཡང་ན་བར་འདུམ་རྒྱལ་ཁབ་གསུམ་པ་བརྒྱུད་ཞི་མོལ་གནང་དགོས་ཤིང༌། དེ་ལྟར་བྱས་ཚེ་ཏཱ་ལའི་བླ་མའི་གོ་ས་དང་བྱེད་སྒོས་རང་དབང་གི་འཛམ་གླིང་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་གི་མ་རེད། ཅེས་དང༌། ང་ཚོ་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཚོ་དང་ལྷན་དུ་གླེང་སློང་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སྐོར་གྱི་གནད་དོན་རིགས་ནི་གནས་ལུགས་རྒྱུ་མཚན་མེད་པའི་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ལྟ་སྣང་དུ་འཁྲུལ་མི་རུང༌། ང་ཚོའང་ཨ་རི་དང་ཡོ་རོབ་གྲོས་མཐུན་ཚོགས་དང་མཚུངས་པར་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ཏཱ་ལའི་བླ་མ་མཆོག་གིས་གསལ་ཁྱབ་གནང་བ་བཞིན་བོད་ལ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་རང་སྲིད་རང་སྐྱོང་གི་གནས་བབས་ཤིག་རག་འོས། ཞེས་གསུངས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
༧གོང་ས་སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་ཞབས་པད་སྲིད་མཐའི་བར་དུ་བརྟན་
པར་ཤོག
དཀོན་མཆོག་མཁྱེན་ད་གནས་ཚུལ་བཟང་པོ་འདུག ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲིན་ཁོ་ན་རེད། སྐྱབས་སུ་མཆི། སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ལི་ལྗོངས་གངས་ཕྲུག



བརྗོད་གཞི་གཞན་ཁག་ལ་གཟིགས།