རྒྱ་ནག་ནང་གསར་འགོད་རང་དབང་དམ་དྲག་ཤུགས་ཆེར་ཕྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༢༩ཉིན་སྤེལ། དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་བལྟ་ཞིབ་ཚོགས་པ་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས། ཕྱི་ཟླ་༡༠པའི་ཚེས་༡ཉིན་ནི་རྒྱལ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༦༠འཁོར་བའི་དུས་སྟོན་དང་འཁེལ་པའི་སྐབས་འདིར། རྒྱ་གཞུང་གིས་དྲ་ཐོག་གསར་འགྱུར་བཀག་སྡོམ་གྱིས་གཙོས་པའི་ཕྱི་རྒྱལ་གསར་འགོད་པར་བརྙས་བཙུར་བྱེད་འགོ་ཤུགས་སྣོན་བྱས་ཡོད་པ་དང༌། ཕྱི་རྒྱལ་གསར་འགོད་པ་གསུམ་ལ་རྒྱའི་ཉེན་རྟོག་དམག་མིས་དྲག་རྡུང་བྱས་པ་ནི་ངོས་ལེན་བྱ་ཐབས་བྲལ་པའི་དོན་རྐྱེན་ཞིག་རེད། ཅེས་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

དེ་ཡང་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་མ་ལག་གིས་རྒྱ་ནག་ནང་གི་དྲ་རྒྱའི་བརྒྱུད་ལམ་ཁག་བཀག་སྡོམ་དམ་དྲག་བྱས་ཏེ་རྒྱ་ནག་ས་ཁུལ་གྱི་ཕྱི་རྒྱལ་བཅའ་སྡོད་པ་ཚུད་པའི་དྲ་རྒྱ་བཀོད་སྤྱོད་མཁན་རྣམས་ཀྱིས་དྲ་ཐོག་གི་གསར་འགྱུར་གནས་ཚུལ་བལྟ་ཀློག་བྱེད་མི་ཐུབ་པ་བཟོས་ཡོད་པ་དང༌། རྒྱལ་ནག་གི་རྒྱལ་བཙུགས་དུས་སྟོན་གྱི་སྔ་ནུབ་ཏུ་རྒྱ་ནག་ནང་གི་གློག་རྡུལ་ལྕགས་རི་དེ་རྒྱ་ནག་གཞུང་གི་ཟིན་ཐོ་ནང་ཆེས་མཁྲེགས་ཤོས་དེ་ཆགས་ཡོད་འདུག ཅེས་བརྗོད་ཡོད་འདུག

ད་ལོའི་ཕྱི་ཟླ་༧པའི་ནང་ཤར་ཊི་ཀུ་སི་ཐན་ནང་ངོ་རྒོལ་ཟིང་འཁྲུག་བྱུང་རྗེས། རྒྱ་གཞུང་གིས་ཡུལ་དེའི་ཡུ་གུར་སྐད་ཡིག་གི་དྲ་ཚིགས་ཁག་བལྟ་སྔོག་བྱེད་མི་ཐུབ་པའམ་ཡང་ན་དྲ་ཚིགས་ཀྱི་ནང་དོན་ཁག་གསར་འཇུག་བྱེད་དུ་བཅུག་མེད་ཁར། ཡུལ་དེར་ཟླ་གསུམ་རིང་ལ་དྲ་རྒྱའི་རྒྱུད་ལམ་བཀག་ནས་ཡུལ་མི་རྣམས་ཀྱིས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གི་གནས་ཚུལ་རྐྱང་ལས་གཞན་ཅི་ཡང་མཐོང་ཐོས་བྱེད་མི་ཐུབ་པ་བཟོས་ཡོད་འདུག

དེ་བཞིན་ཉེ་བའི་མདུན་ཕྲག་སྔོན་མའི་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་སོག་པོ་གྷིར་ལྷན་ཚོགས་ཀྱི་དྲ་ཚིགས་དང༌། སོག་པོ་མི་དམངས་ཀྱི་གླེང་མོལ་དྲ་ཚིགས། སོག་པོ་མི་རིགས་ཀྱི་དྲ་ཚིགས་གསུམ་ཕྱི་རྒྱལ་ཁ་བྲལ་པ་དང་ངན་འབྲེལ་ཡོད་པའི་ཉེས་འཛུགས་འོག་སྒོ་བརྒྱབ་ཏུ་བཅུག་ཡོད་ཐོག བོད་ཡིག་དྲ་ཚིགས་དང་གླེང་རྟགས་ཁག་བཅུ་ཕྲག་ཅིག་ཀྱང་བཀག་སྡོམ་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༨ཉིན། རྒྱ་ནག་གི་མགྲོན་ཁང་ཞིག་ནང་གནས་སྡོད་བྱས་ཡོད་པའི་ཉི་ཧོང་གི་གསར་འགོད་པ་གསུམ་ལ་དམག་ཆས་གྱོན་མེད་པའི་རྒྱའི་དམག་མིས་རྡུང་རྡེག་དྲག་པོ་བཏང་ཡོད་པ་མ་ཟད། ཁོ་ཚོའི་གློག་ཀླད་སྒྲིག་ཆས་རྣམས་གཏོར་བཅོམ་བཏང་ཡོད་འདུག གཞན་ཡང་རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པར་རྒྱ་ནག་གི་རྒྱལ་བཙུགས་དུས་སྟོན་གྱི་གྲ་སྒྲིག་ལས་འགུལ་དག་བརྙན་ཕབ་་ལེན་པའམ་པར་རྒྱག་པ་སོགས་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁོ་རེ་ད་རྒྱ་རྒན་ཚོའི་སྡུག་ཚོད་མ་འཛིན་ན།
ཉིན་ཞིག་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་མང་པོའི་ཉེན་བརྡ་སླེབས་རིན། ཆོས་གྲོགས་ཚོའི་ཉན་བཞིན་བཞུགས་ཨ། གངས་རིའི་བུ་རྒོད།



བརྗོད་གཞི་གཞན་ཁག་ལ་གཟིགས།