རྒྱ་ནག་གིས་མུ་མཐུད་གསར་འགོད་རང་དབང་གི་ཐོག་ཆེས་དམ་དྲག

07february0092ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། རྒྱ་ནག་གིས་ཨོ་ལིམ་ཕིག་འཚོགས་ནས་ཟླ་༦ཙམ་སོང་ནའང་གསར་འགོད་རང་དབང་གི་ཐོག་དེ་སྔོན་དམ་བཅའ་བྱས་ཡོད་པ་ཁག་གཏན་ནས་ལང་ལེན་དུ་ཁེལ་མེད་པ་དང༌། ད་དུང་བོད་དང་ཤན་ཇང་ཁུལ་དུ་གསར་འགོད་རང་དབང་ཐོག་དམ་དྲག་བྱེད་རྒྱུར་མུ་མཐུད་ཤུགས་ཇེ་ཆེར་བཏང་ཡོད་པ་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་སླར་ཡང་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ། བོད་དོན་དང་འབྲེལ་བའི་གསར་འགྱུར་དྲ་རྒྱ་དང་དེ་བཞིན་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱ་བརྒྱ་ཚོ་མང་པོ་བཀག་འདོམས་བྱས་ཡོད་པ་རེད།

སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་བ་དང་གསར་འགོད་པ། ཟིན་བྲིས་དྲ་བའི་རྩོམ་འབྲི་བ་སོགས་ཧ་ཅང་མང་པོ་ཞིག་མུ་མཐུད་འཛིན་བཟུང་དང་བཀག་ཉར། མནར་གཅོད་ཆེན་པོའི་འོག་བཙོན་འཇུག་བྱེད་བཞིན་ཡོད་པ། ༢༠༠༨ལོའི་ཟླ་༡༢པའི་ནང་བོད་མི་༥ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་གཏོང་བྱས་པའི་ཉེས་མིང་འོག་མི་ལོ་༡༥ནས་ཚེ་བཙོན་བར་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ནི་དེ་སྔོན་རྔ་པ་ཀིརྟི་དགོན་པའི་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་དུ་སློབ་གཉེར་གནང་མྱོང་ཡོད་ལ་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་ལ་རྩོམ་ཡིག་ཁ་ཤས་ཀྱང་སྤེལ་མྱོང་ཡོད་པ་ཙམ་མ་ཟད། དགོན་པ་ནས་འདོན་སྤེལ་བྱེད་བཞིན་པའི་བྱབྱགངས་རྩེའི་མེ་ཏོག་བྱབྱཅེས་པའི་རྩོམ་སྒྲིག་གི་ཚོགས་མི་ཡང་ཡིན་པ་རེད། དེ་བཞིན་ད་དུང་ཧ་ཅང་མང་པོ་ཞིག་བཙན་བྱོལ་མི་དང་ཕྱི་རྒྱལ་གསར་འགོད་པ་སོགས་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་མཁོ་སྤྲོད་གནང་བའི་ཉེས་མིང་འོག་མནར་དང་འཛིན་བཟུང༌། བཙོན་འཇུག་བཀག་ཉར་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ནི་འཛམ་གླིང་དུ་གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་ལ་བརྩི་སྲུང་མི་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།