སྡ་འགྱུར་གི་ཆོས་སྡེ་ཆེན་པོ་གྲུབ་དབང་རྫོགས་ཆེན་དགོན་པ་ཞེས་ལོ་རྒྱུས་ཀྱི་མཚན་སྙན་འཛམ་གླིང་ལ་ཡོངས་ལ་གྲགས།

སྔོན་བྱོན་གསར་རྙིང་མཁས་གྲུབ་སྐྱེས་ཆེན་བརྒྱ་ཕྲག་མང་པོའི་འབྱུང་གནས། སྡ་འགྱུར་གི་ཆོས་སྡེ་ཆེན་པོ་གྲུབ་དབང་རྫོགས་ཆེན་དགོན་པ་ཞེས་ལོ་རྒྱུས་ཀྱི་མཚན་སྙན་འཛམ་གླིང་ལ་ཡོངས་ལ་གྲགས་ཞིང་། སྔ་ཕྱིར་་བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་མཛད་རྗེས་རླབས་ཆེན་དུ་མ་བཞག་ཡོད་པ་དང་། བྱེ་བྲག་དུས་རབས་སྔ་མ་རྣམས་སུ་སྔ་འགྱུར་རྙིང་མ་དང་། དཔལ་ལྡན་ས་སྐྱ། འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ལ། མིང་དོན་མཚུངས་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་་བརྒྱ་དང་བཅོ་བརྒྱད་གསར་འཛུགས་ཀྱི་ཐུབ་པའི་མཐུན་རྐྱེན་གནང་མཛད་མྱོང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་ལྟ་ཡང་རྫོགས་ཆེན་ཤྲཱི་སིངྷ་བཤད་གྲྭ་ལ་མཁན་ཆེན་ཁྲི་བ་ཨོ་རྒྱན་རིག་འཛིན་སོགས་ཀྱིས་སྔར་བཞིན་འཆད་ཉན་མཛད་བཞིན་ཡོད་པར་ཐོས་པས་རྗེས་སུ་ཡི་རང་ཡོད། དེང་སང་སོ་སོའི་དགོན་སྡེ་ཡར་རྒྱས་འགྲོ་སྐབས་ཆོས་སྡེ་གཞན་ལ་རོགས་སྐྱོར་བྱེད་རྒྱུ་ཕར་བཞག ཕྲག་དོགས་དང་འགྲན་སེམས་ཀྱིས་གཉའ་གནོན་དང་སྨ་འབེབས་ཁོ་ནར་བྱེད་བཞིན་ཡོད་པ་མཐོང་ཆོས་རེད། དཔེར་ན་བོད་ཀྱི་བསམ་ཡས་དགོན་པ་དང་སྨིན་གླིང་དགོན་པ་ནི། སྔ་འགྱུར་རྙིང་མའི་གདན་ས་གཙོ་ཡིན་པས་དགོན་ལག་མང་པོ་ཡོད་ན་ཡང་། དེང་སང་ཕྱོགས་ཕན་ཚུན་བར་དཔལ་འབྱོར་འགྲན་བསྡུར་བྱས་ནས་སྒོར་མོ་སུ་མང་བལྟ་བ་ཁོ་ན་་ལས། སོ་སོའི་དགོན་ལག་ལ་རོགས་སྐྱོར་བྱེད་རྒྱུའི་བསམ་བློ་་ཙམ་ཡང་མི་འདུག་པས། འབྲེལ་ཡོད་ཁག་གིས་དགོན་པའི་གཙོ་འཛིན་དག་ལ་བཀའ་སློབ་དང་རེ་བསྐུལ་་གནང་འོས དེ་བཞིན་རྒྱ་དམར་གྱི་སྲིད་ཇུས་ངན་པས་་བོད་ཀྱི་དགོན་སྡེ་མང་པོ་བལྟ་བསྐོར་བའི་བསྟི་གནས་ལྟ་བུ་བྱས་པས་ཆོས་ལ་་ཐོས་བསམ་སྒོམ་པ་ཅི་ཡང་བྱེད་རྒྱུ་མེད་པའི་གནས་སུ་ལྷུང་འདུག་པས། ཕྱོགས་ཀུན་ནས་རྒྱ་དམར་ཀྱི་སྲིད་ཇུས་ངན་པ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་སོ།


བརྗོད་གཞི་གཞན་ཁག་ལ་གཟིགས།