གསར་འགྱུར་གསར་པ།:

དགོངས་ཚུལ།

མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་དང་ཟིན་བྲིས་པ་རྣམ་པར་འབོད་སྐུལ།

མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་དང་ཟིན་བྲིས་པ་རྣམ་པར་ཞུ་རྒྱུར། ཁྱེད་རྣམ་པས་རང་ཉིད་ཀྱི་ཤེས་ཡོན་དང་སྨྱུ་གུའི་རྩལ་བཏོན་ནས་ཤམ་བྷ་ལའི་ཕོ་ཉ་འདི་ཤེས་ཡོན་གྱིས་རབ་ཏུ་ཕྱུག་པའི་ཁོར་ཡུག་ཅིག་ངེས་པར་བསྐྲུན་རོགས་བྱོས། ཁྱེད་རྣམ་པས་གསར་འགྱུར་དང་པར་རིས། རྩོམ་ཡིག་སོགས་གང་ཡོད་ཀྱང་འདི་གར་བཏང་གནང་ན་ཐེ་ཚོམ་མེད་པར་དྲ་བའི་སྟེང་དུ་འགོད་ངེས་ཡིན་པས་དེ་ལུགས་དགོངས་འཇགས་འཚལ། རྩོམ་སྒྲིག་པས་ཕྱི་ལོ་༢༠༠༩ ཟླ་༡༡ཚེས་༡༢ལ་བཟང་པོར་ཕུལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (43)
སྙིང་གཟེར་ལས་བྱུང་བའི་འཁུན་སྒྲ།།
43 ༠༣༢༠༡༡༡༧༡༠
ཨ་ཟང་ལོ་ལོ
ཡུལ་དུས་འགྱུར་བ་དབྱར་གྱི་ནམ་ཟླ་དང་།།
སེམས་ཀྱི་གཡོ་འགུལ་ལ་ཁའི་དར་ལྕོག་བཞིན།།
སྐྲ་ལོ་རླུང་ལ་བསྐུར་བའི་ཁེར་རྐྱང་ངས།།
ཐ་མག་ཧུབ་ཀྱིས་རྔུབ་བཞིན་འདི་ལྟར་དྲན།།

གོང་གིས་བཀའ་བཀྱོན་ཆར་བ་ཕབ་ན་ཆོག །
འོག་ནས་ཁྲོ་བའི་སྡང་མིག་བསྟན་ཡང་རུང་།།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།
ནམ་ཡང་བསུབ་མེད་ཤ་ཁྲག་ལུས་འདི་བཞག།།

ང་འོ་སྙམ་པའི་དེང་རབས་གཞོན་སྐྱེས་འགས།།
ཁ་ནས་ལ་རྒྱ་གླེང་དུས་སྐད་གཟེངས་མཐོ
དོན་གྱི་ལག་ལེན་དབང་གཞུའི་ཚོས་ཁ་དངོས།།
ཁ་དོན་མི་མཚུངས་དེང་དུས་བུ་མོ་འདྲ།།

དཔོན་པོས་རང་ཁྱིམ་ཀ་བ་གསེར་གྱིས་བརྒྱན།།
མཁས་པས་མཚང་བརྟོལ་མདུང་རྩེ་ནང་ལ་གཏད།།
སྤྲང་པོས་ཨུ་ཚུགས་འཛུམ་མདངས་གདོང་ལ་བསྡུས།།
འདི་གསུམ་སྤྱི་ཚོགས་ཡར་རྒྱས་བཀག་རྡོ་ཡིན།།

གཞིས་ཆགས་རྣམས་ཀྱིས་གསར་འབྱོར་ལྐུགས་ཚུལ་གླེང་།།
ཕྱིས་འབྱོར་དག་གིས་གཞིས་ཆགས་སྔང་མར་སེམས།།
གསར་སྙིང་རྩོད་པའི་ཐ་སྙད་སྐྱུར་མོ་འདིས།།
མི་དགོས་ཕྱོགས་ཞེན་ལྟ་བ་དང་དུ་ལན་དུ་བླངས་།།

ད་དུང་བློ་མིག་ཁབ་ལས་ཕྲ་བ་འགས།།
ངག་ལ་བྱང་བའི་རང་སྐད་དབྱངས་རྟ་ལྷོད།།
མགྲིན་པ་གཤགས་ཏེ་གཞན་སྐད་བཙན་གྱིས་་བཙིར།།
ཕ་སྐད་འོ་ཆུ་དཱངས་མོ་འདམ་གྱིས་སྦགས།།

བོད་པའི་ཡ་རབས་གོམས་གཤིས་རིམ་གྱིས་ཉམས།།
དེང་རབས་ནུབ་ཕྱོགས་ལྟ་བ་ཡུན་གྱིས་དར།།
འགྱུར་ལྡོག་གློག་ལྟར་མྱུར་བའིདུས་སྐབས་འདིར།།
མི་རིགས་སྲོལ་བཟང་བརླགས་པའི་ཉེན་ཁ་ཆེ།།


དེའི་ཕྱིར་འཆད་རྩོད་རྩོམ་ལ་མངའ་བརྙེས་པའི།
གངས་ལྗོངས་མཁས་པའི་དབང་བོ་ཐ་དག་གིས།།
མ་འོངས་སོན་རྩར་གྱུར་པའི་གཞོན་ནུ་ཚོར།།
ལྔ་ཟུང་རིག་པའི་བདུད་རྩི་སྩོལ་ལ་རེམ།།
རེ་བ་
42 ༢༩༢༠༡༡༡༩༠༢
ཕྲན་གྱི་རེ་བཀུར་ཞུ་དོན་ཟིན་བྲིན་རྣམས་ལ་ཡིག་གེ་ནོར་བ་དང་ཚིགས་མང་བ་བཤད་མང་སོགས་མང་པོ་ཞིག་འདུག་པས་བཅསོ་བསྒྲིགས་གང་ལེགས་ཡོང་བའི་རེ་བ་ཡོད་།
བཀའ་འདྲི་ཞུ་བ།
41 ༠༤༢༠༡༡༠༠༡༦
ཐུབ་བསྟན་བློ་བཟང་ཡར་འཕེལ།
བཀུར་འོས་དྲ་རྒྱ་དོ་དམ་པ་ལགས། བདག་ལ་ད་དུང་སྔར་བཞིན་ཟིན་བྲིས་སྤེལ་བར་དཀའ་ངལ་འཕྲད་ཀྱི་འདུག དཀའ་ངལ་དེ་ཡང་དྲ་རྒྱའི་བརྒྱུད་ལམ་ཡག་པོ་མེད་པ་དང་། མགྱོགས་པ་མེད་པ་གཉིས་ཀ་གང་ཡང་རེད་མི་འདུག་ལགས། རྒྱུ་མཚན། ཁོ་བོའི་དྲ་ལམ་འདིར་ངོ་བདེ་སོགས་དྲ་རྒྱ་གང་དུ་རྩོམ་ཡིག་འདྲ་བྲིས་ཏེ་བཏང་ན་མགྱོགས་པར་དྲ་བར་བཀོད་ཐུབ་ཀྱི་འདུག དེ་བཞིན་བདག་གི་རྩིས་འཁོར་གྱི་སྐྱོན་ཡང་རེད་མི་འདུག་སྙམ། དྲ་ཚིགས་འདིར་དྲ་སྒོར་འཛུལ་ཏེ་རྩོམ་ཡིག་བྲིས་ཚར་དུས་གཤམ་གྱི་གསོར་ཉར་ཟེར་བ་དེ་ནན་ཀྱང་གསོག་ཉར་གྱིས་ལས་ལ་བྱེད་ཀྱི་མི་འདུག་ལགས། དེའི་གནད་འགག་གང་ཡིན་ལན་ཞིག་གནང་རོགས་ཞུ།
བཀུར་འོས་རྒན་ཐུབ་བསྟན་བློ་བཟང་ཡར་འཕེལ་མཆོག
40 ༢༥༢༠༡༡༡༣༤༨
དྲ་རྒྱ་དོ་དམ་པ།
བཀུར་འོས་རྒན་ཐུབ་བསྟན་བློ་བཟང་ཡར་འཕེལ་མཆོག་ལ་ཞུ་རྒྱུ། དྲ་སྒོར་འཛུལ་ཏེ་རྩོམ་ཡིག་བྲིས་ཚར་དུས་དྲ་བར་བཀོད་མི་ཐུབ་པའི་གནད་དོན་ནི། དྲ་བའི་བརྒྱུད་ལམ་འགག་པའམ་མགྱོག་པོ་མེད་པའི་གནད་དོན་ཁོ་ན་སེམས་སོ།
དྲི་བ།
39 ༢༤༢༠༡༡༡༤༠༥
ཐུབ་བསྟན་བློ་བཟང་ཡར་འཕེལ།
མཁྱེན་དཔྱོད་དཔལ་གྱི་འབྱོར་ལྡན་ཤམ་བྷ་ལའི་དྲ་རྒྱ་དོ་དམ་པ་མཆོག་ལ་ཞུ་རྒྱུར། ཁོ་བོའི་ཟིན་བྲིས་འདིར་ད་སྐབས་ཟིན་བྲིས་སྤེལ་རྒྱུར་དཀའ་ངལ་འདུག རྒྱུ་མཚན། དྲ་སྒོར་འཛུལ་ཏེ་རྩོམ་ཡིག་བྲིས་ཚར་དུས་དྲ་བར་བཀོད་ཐུབ་ཀྱི་མི་འདུག དེའི་རྒྱུ་མཚན་དང་བཅས་དྲི་ལན་གསལ་བོ་ཞིག་ཅེས་ཀྱང་གནང་བར་ཞུ།
རེ་སྐུལ།
38 ༢༡༢༠༡༡༠༡༡༩
བྱ་ཁྲ་བསོད་ནམས།
དྲ་གྲོགས་རྣམས། དུས་དང་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་བྱ་གཞག་ནང་བསྡད་དེ་རྣམ་དཔྱོད་རེ་ཡོད་ན་འཇིག་རྟེན་གྱི་བྱ་གཞག་ལ་ལེགས་སྐྱེད་འབུལ་རོགས།
ཤམ་བྷ་ལ་བྱི་དོར།
37 ༠༣༢༠༡༡༡༣༤༩
ཁྲག་ཐིགས།
དེང་སྐབས་བོད་ཕྱི་ནང་ཀུན་ཏུ་གློག་འཕྲིན་དང་དྲྭ་རྒྱ་བེད་སྤྱོད་བྱེད་རྒྱུར་ཤུགས་ཆེར་ འགྲོ་བ་དང་ལྷན་དུ་བོད་རང་གི་སྐད་ཡིག་གི་སྟེང་ནས་ཀྱང་དྲྭ་ཚིགས་མི་ཉུང་བ་ཞིག་བཟོ་སྐྲུན་བྱེད་དང་བྱེད་མུས་སུ་ཡོད། ཤམ་བྷ་ལ་མཚོན་ནའང་བོད་སྐད་བཤད་ཅིང་བོད་མི་རང་གི་རིག་གཞུང་གི་ངོ་བོ་མཆིས་པའི་དྲྭ་ཚིགས་ཆུང་ཆུང་ཞིག་གམ་སྙོམས་ལག་རྒྱས་བཞིན་པའི་ཐང་དཀར་རྒོད་པོ་ཇི་བཞིན་དྲྭ་རྒྱ་འདིའི་མཁའ་དབྱིངས་ལ་གཏད་ནས་ཡོད། དེའི་ཕྱིར་དྲྭ་བདག་དང་ལྷག་པར་དུ་དྲྭ་བ་འདི་ལ་ཞུགས་པའི་གྲོགས་པོ་ཡོངས་ནས་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་རྒྱུ་ནི་སྨྲ་མི་དགོས་བ་ཞིག་རེད་མོད ། ཡིད་སྐྱོ་བ་ཞིག་ལ་ཁ་ཤས་ཤིག་གིས་ཉོག་གཏམ་དང་ཡིག་ནོར་མང་པོ་ཞིག་གི་གད་སྙིགས་ཁུར་་ནས་ཤམ་བྷ་ལར་འཚང་བཞིན་ཡོད། འདི་དག་ལས་དགོན་སྡེ་ཁག་གི་གྲྭ་བ་དང་མཐོ་སློབ་འགྲིམ་བཞིན་པའི་སློབ་མའང་འདུག་ལ་རང་ཉིད་ཤེས་ཡོན་གྱི་ཁོར་ཡུག་ན་འཚར་ལོངས་འབྱུང་བཞིན་པའི་ཁྱེད་ཅག་གིས་འདི་ཙམ་ལའང་རང་རྔ་མི་ཐུམས་ན་མི་རིགས་འདིའི་རིག་གཞུང་གི་ཉམས་རྒུད་ལ་སྨྲེ་ངག་འདོན་པ་ནི་ནེ་ཙོའི་ཁ་ཡི་མ་ཎི་ལས་གཞན་གང་ཞིག དེའི་ཕྱིར་ཀུན་པོས་ཁ་བཤད་བརྒྱ་ལས་ལག་ལེན་གཅིག་བྱེད་རྒྱུར་གལ་གནད་དུ་འདུག་གོ
བཅའ་ཁྲིམས་བསྐྱར་བཅོས་སྐོར།
36 ༠༢༢༠༡༡༠༡༡༤
སྐབས་འདིར་བཅའ་ཁྲིསམ་བསྐྱར་བཅོས་བྱེད་ཕྱོགས་འདི་ནི་ཧང་ཅང་གི་གལ་ཆེན་ཞིག་ཡིན་པས།།
བོད་གཞུང་མང་ཡོངས་ཀྱིསགལ་ཆེན་དོན་ཆེན་ལ་བརྩིས་ཏེ། ་ལེགས་ཅ་གང་ཡོད་འདོན་པའི་དུས་ལ་བབས་ཡོད།
ད་ལྟར་༸རྒྱལ་མཆོག་ཉིད་སྐུ་འཚོ་་བཞུགས་སྐབས་སུ་གཏན་ལ་ཕབས་པའི་བཅའ་ཁྲིམས་དེ་ནི། མ་འོངས་པར་ཧ་ཅང་གི་
རྩ་ཆེན་ཞིག་ཏུ་འགྱུར་རྒྱུར་ངེས་ཤིང། མ་འོངས་པར་དེ་འདྲ་བཟོ་བ་ལ་དཀའ་ཚེགས་ཆེན་འཕྲད་སྲིད་པ་རེད།
རང་རིགས་ཀྱི་ལས་དོན།།
35 ༢༥༢༠༡༡༢༣༢༨
འགྲོ་ཡ་སྤུན་ཟླ་ཚོ་་མཛའ་མཐུན་གྱི་དཔུང་པ་བསྒྲིགས་སྟེ་་གཅིག་བསྒྲིགས་ཀྱི་ནུས་པ་བསྟོན་འགྲོ་
འགྲོ་་ཡ་སྤུན་་ཟླ་ཚོཤེས་རིགས་ཀྱི་་ཤོག་བཙལབཏགས་ཏེ་རང་དབང་གི་བདེན་ཁ་བཙོན་འགྲོ་
་མཐུན་བསྒྲིལ་གྱིལག་་ལྡང་བསྒྲིག་སྟེ་རང་ཡུལ་གྱི་བདེན་ཁར་་བརྩོན་འགྲོ།
འགྲོ་ཡ་སྤུན་ཟླ་ཚོ་རང་རིགས་ཀྱི་ལས་དོན་བསྒྲུབ་ནས་རང་དབང་གི་བདེ་བསཀྱིད་བསུ་འགྲོ
བསོད་ནམས་ལགས། ཧཧཧཧ།
34 ༢༡༢༠༡༡༠༠༢༤
བསོད་ནམས་ལགས། ཧཧཧཧ། ཁ་བཤད་ལག་ལེན་དུ་དཀའ། ཞེས་པའི་དཔེ་ལྟར། ཐོག་མར་རང་ཉིད་ནས་བྲིས་པའི་ཤོག་ངོས་དགའ་འགོད་ཐུབ་ཙམ་གྱིས་དྲ་གནས་རྒྱ་ཆེན་པོ་འདི་འདྲ་ཞིག་ཏུ་ཟིན་བྲིས་པ་དང་རྩོམ་པ་པོ་མང་པོ་དེ་འདྲ་སླེབས་སྐབས་སྐྱོན་འཛུགས་བྱེད་རྒྱུའི་འོས་བབས་ཡོད་པ་མ་རེད། ཁ་བདག་པོ་རྒྱོབ། ཡང་ན་བསམ་ཤེས་བྱོས། མི་ལ་བལྟ་བའི་མིག་ཡོད་ན་རང་ལ་བལྟ་བའི་མེ་ལོང་དགོས་ཞེས་པའི་གོ་དོན་སེམས་ལ་བཟུང་ན་གང་བྱུང་ཤོད་དགོས་དོན་མེད། དགོངས་དག
དྲ་བའི་སྐོར།
33 ༢༠༢༠༡༡༠༠༠༠
མཁར་སྒང་བསོད་ནམས་དབང་ལྡན།
དྲ་བདག་མཆོག་ལ། ཁྱེད་ཀྱི་དྲ་་འདི་སྤྱིར་བཏང་ཤིན་ཏུ་ལེགས་པོ་འདུག་ཀྱང་། ད་དུང་ཡིག་ནོར་མངོན་གསལ་ཅན་འགའ་ཤས་མཐོང་རྒྱུ་འདུག་པ་འདི་ཚོ་བཅོས་ན་ལེགས་པོ་འདུག དཔེར་ན། ལྡུམ་ར་ལ་སྡུམ་ར་ཞེས་བྲིས་པ་ལྟ་བུ་རེད། ངས་ཉེས་ཆ་ཤ་སྟག་བརྗོད་པ་མིན་རུང་། སྤྱི་མཐུན་གྱི་དྲ་རྒྱ་འདི་ཡར་རྒྱས་གོང་འཕེལ་འོང་ཆེད་དུ་ཡིན།
གསལ་བཤད།
32 ༠༤༢༠༡༡༡༣༣༦
དྲ་རྒྱ་དོ་དམ་པ།
བཀུར་འོས་ཐུབ་བསྟན་བློ་བཟང་ཡར་འཕེལ་ལགས། དེའི་སྐོར་གནད་དོན་གསལ་པོ་ཞིག་ཤེས་མ་བྱུང་། ཅིག་བྱས་ན་སྐུ་ཉིད་ཀྱི་དྲ་རྒྱའི་བརྡ་ལམ་གསལ་པོ་མེད་པ་ཡིན་འགྲོ། དེ་མིན་དེའི་རྒྱུ་རྐྱེན་གང་ཡིན་གསལ་པོ་ཤེས་རྟོགས་བྱུང་མ་སོང་།
དྲི་བ།
31 ༠༤༢༠༡༡༡༢༤༠
ཐུབ་བསྟན་བློ་བཟང་ཡར་འཕེལ།
ཤམ་བྷ་ལའི་དྲ་རྒྱའི་དོ་དམ་པ་ལགས། ཁོ་བོས་དྲ་གྲོགས་ཚོའི་ཟིན་བྲིས་ཀྱི་གཤམ་ལ་མཆན་བུ་འདོགས་དགོས་བསམ་རུང་། མཆན་བུ་བྲིས་ཚར་དུས་ཡར་གཏོང་རྒྱུར་དཀའ་ངལ་འདུག་པས་དེའི་ཐད་ལམ་སྟོན་ཞིག་གནང་རོགས། ཐུགས་རྗེས་གཟིགས།
དྲི་བ།
30 ༡༡༢༠༡༡༡༥༥༠
ཐུབ་བསྟན་བློ་བཟང་ཡར་འཕེལ།
བཀུར་འོས་དྲ་རྒྱའི་དོ་དམ་པ་ལགས། ངས་འདི་ནས་ངོ་མཚར་ཆེ་བའི་འདྲ་པར་དེ་འདྲ་མཐོང་དུས་རང་ཅག་གི་ཤམ་བྷ་ལའི་ཁྱིམ་གཞི་དྲོན་མོ་འདིར་འདྲ་པར་དེ་དང་འབྲེལ་ཡོད་རྩོམ་ཡིག་ཉུང་ངུ་རེ་བྲིས་ཏེ། གདན་འདྲེན་པར་ཐེངས་ཁ་ཤས་ལ་འབད་བརྩོན་བྱས་མོད། གཅིག་ཀྱང་བཀོད་ཐུབ་མ་སོང་ལགས། ཉིད་ཀྱིས་བཟོས་པའི་ཟིན་བྲིལ་བཟོ་སྟངས་པར་རིས་ལྟར་ཚོད་ལྟ་བྱས་ཏེ། ཨང་གྲངས་དེད་ནས་སོང་དུས་རིམ་བཞིན་འགྲོ་དུས་ཨང་གྲངས་དྲུག་པའི་བར་དཀའ་ངལ་མི་འདུག་མོད། ཨང་དྲུག་པ་དེ་བརྒལ་ཐུབ་ཀྱི་མི་འདུག་པས་ཉིད་ལ་ཁོམ་ལོང་ཡོད་དུས་ལམ་སྟོན་གསལ་བོ་ཞིག་གནང་རོགས་མཁྱེན། བློ་བཟང་ཡར་འཕེལ་ནས།
ཟིན་བདག་ལ་འབོད་བསྐུལ་རོགས་རམ་ཞུ།
29 ༡༡༢༠༡༠༠༡༣༨
ཟིན་བདག་ལགས་བདག་གིས་དྲྭ་ཚིག་འདིས་སྟེང་ཟིན་བྲིས་བཀོལ་སའི་ས་མིག་ཅིག་འཛིན་བསམ་པས་ཟིན་བྲིས་བཟོ་སྟངས་ཧ་ཅང་གཉོག་འཛིང་ཡིན་པས་བཟོ་ཐབས་མི་འདུག་རོགས་རམ་ཞིག་བྱས་ན་ཆོག་གམ། བན་ཤུལ་ཚང་། འབྲེལ་བ་གནང་ས། ཁེའུ་ཁེའུ 790897768
གྲགས་རྣམ་ལགས་ལ་ཆེད་ཞུ།
28 ༢༩༢༠༡༠༢༡༥༢
དྲ་རྒྱ་དོ་དམ་པ།
གྲགས་རྣམ་ལགས། གལ་སྲིད་ཁྱེད་ཀྱིས་དེ་སྔོན་ཐོ་འགོད་བྱས་མེད་ཚེ། ཁྱེད་ཀྱི་གློག་འཔྲིན་ཁ་བྱང་དང་ཟིན་བྲིས་ཀྱི་མིང་གང་དགོས། ངའི་གློག་འཔྲིན་ནང་གཏོང་ཤོག གློག་འཕྲིན་གྱི་ཁ་བྱང་། This e-mail address is being protected from spambots, you need JavaScript enabled to view it དྲ་རྒྱ་དོ་དམ་པས།
རེ་བ་སྐམ་པོ།།
27 ༢༩༢༠༡༠༡༧༠༡
རྣམ་དཔྱོད་བློ་རིག་བཀྲ་བའི་རྕོམ་སྒྲིག་པ་མཆོག་ལ་ཆེད་ཞུ།། ཤམ་བྷ་ལའི་ཟིན་བྲིས་ཀྱི་གོ་ས་ཞིག་ཐོབ་ཆེད་ཐེངས་གང་མང་འཛུལ་ཞུགས་བྱས་ཀྱང་གྲུབ་འབྲས་ཤིག་བྱུང་མ་སོང།། དེར་བརྟེན་སྐུ་ཉིད་ཀྱིསརོགས་རམ་ཞིག་ཅི་ནས་ཀྱང་གནང་རོགས།།
དགེ་འདུན་རྒྱ་མཚོ་ལ་ཕུལ་བ།
26 ༡༦༢༠༡༠༡༢༣༣
དྲ་རྒྱ་དོ་དམ་པ།
སྐུ་ཞབས་དགེ་འདུན་རྒྱ་མཚོ་ལགས། སྐུད་ཉིད་ཀྱི་ཤམ་བྷ་ལའི་དྲ་རྒྱའི་ནང་བསམ་ཚུལ་གང་མང་ཞིག་སྤེལ་འདུག་པ་དང་། དེ་ལས་ཀྱང་རྗེས་སུ་སྐུ་ཉིད་ཀྱིས་ཤམ་བྷ་ལའི་དྲ་རྒྱའི་ནང་ཟིན་བྲིས་ཤིག་བཟོས་ན་ཧ་ཅང་གི་དགེ་མཚན་ཆེ་བ་མཐོང་།
ཤམ་བྷ་ལའི་དྲ་རྒྱ་དོ་དམ་པས། ཐུགས་རྗེ་ཆེ། གལ་སྲིད་ཟིན་བྲིས་བཟོ་ཕྱོགས་ཐད་དཀའ་ཁག་ཡོད་ཚེ། གློག་འཕྲིན་འདིའི་བརྒྱུད་འབྲེལ་བ་གནང་རོགས། This e-mail address is being protected from spambots, you need JavaScript enabled to view it 9882808928
རྒྱབ་སྐྱོར།
25 ༡༥༢༠༡༠༡༩༤༩
གྲོགས་ནས་འདྲིས་པའི་གྲོགས་དགེ་འདུན་རྒྱ་མཚོ་མཆོག་གིས་བསམ་ཚུལ་སྤེལ་གནང་བ་དེ་ཞེ་དྲག་ཡག་པོ་འདུག གུས་ནས་མཐའ་ཅིག་ཏུ་རྒྱབ་སྐྱོར་བྱེད་ངེས་ཡིན། ཐུགས་རྗེ་ཆེ། རྗེས་སུ་མཇལ་ཡོང་།
ནུབ་ལུགས་གསོ་རིག་བོད་ཡིག་ཅན་དུ་གཏོང་བའི་རེ་འདུན།
24 ༡༥༢༠༡༠༡༦༣༩
ནུབ་ལུགས་གསོ་རིག་བོད་ཡིག་ཅན་དུ་གཏོང་བའི་རེ་འདུན།
ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་ཡོད་བོད་གཞུང་ཤེས་རིག་ལས་ཁུངས་དང་མགོ་ཁྲིད་རྣམས་ལ་ཕུལ་དོན།
ནུབ་ལུགས་གསོ་རིག་ལ་ནུབ་ཕྱོགས་ཀྱི་སྨན་རིག་པ་དང་ཕྱི་ལུགས་གསོ་རིག་ཅེས་ཀྱང་འབོད་ཆོག དེ་ནི་ཐོག་མར་གནའ་བོའི་ཀེ་རི་སི་ནས་བྱུང་ཞིང་རིམ་བཞིན་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་དར་ཁྱབ་བྱུང་། རྒྱལ་ནང་དུ་མིང་རྒྱལ་རབས་ཀྱི་མཇུག་དང་ཆིན་རྒྱལ་རབས་ཀྱི་མགོར་ཡེ་ཤུའི་ཆོས་ལུགས་དར་བ་དང་མཉམ་དུ་ནུབ་ལུགས་གསོ་རིག་ཀྱང་སྤེལ་མགོ་བརྩམས། རྗེས་སུ་རྒྱ་ནག་རང་གི་བརྟག་དཔྱད་དང་ཉམས་མྱོང་བརྒྱུད་ནས་སྔར་གྱི་ནུབ་ལུགས་གསོ་རིག་གི་ཤེས་བྱ་དང་ལག་རྩལ་ཕུན་སུམ་ཚོགས་པའམ་འཐུས་ཚང་དང་། ཐུན་མོང་མིན་པར་གྱུར་ཏེ་ད་ལྟ་ཁོ་ཚོ་རང་གི་རིག་གནས་ཤིག་ཏུ་གྲུབ་ཟིན། སྤྱིར་རིག་གནས་ཤིག་མི་རིགས་གཞན་ནས་ཚུར་ལེན་བྱས་ཏེ་ཡུན་རིང་འགོར་ཚེ་མི་རིགས་དེའི་རིག་གནས་གསར་བ་རུ་འགྱུར་སྲིད་དེ། རང་རེའི་བོད་ལ་མཚོན་ནའང་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་ནས་ཚུར་དར་ནས་བགྲང་བྱ་མང་པོ་ཞིག་འདས་པའི་དེ་རིང་བོད་བརྒྱུད་ནང་བསྟན་ཞེས་མིང་དུ་གྲགས་ཡོད་པ་ལྟར་རེད། དེ་མིན་དཔེར་ན་རང་རེའི་གེ་སར་གླིང་སྒྲུང་དེ་མི་རིགས་གཞན་དུ་འགྱུར་ནས་དུས་ཡུན་རིང་བོ་འགོར་རྗེས་མི་རིགས་དེ་དག་གིས་ཁོ་ཚོའི་མི་རིགས་དེའི་དཔའ་བོ་ཞིག་ཡིན་པའམ་མི་རིགས་དེའི་རྩོམ་རིག་རིག་གནས་ཤིག་ཡིན་པར་སྒྲོག་གིན་ཡོད་པ་ལྟར་རེད། ནུབ་ལུགས་གསོ་རིག་དེའང་རྒྱ་མི་རིགས་ཀྱི་རིག་གནས་སུ་གྱུར་དང་འགྱུར་བཞིན་པ་དོན་དངོས་ཡིན་ཏེ་ང་ཚོ་ཚང་མས་ཕྱི་སྨན་ལ་རྒྱ་སྨན་ཞེས་འབོད་ཀྱིན་ཡོད་པ་ལས་ཀྱང་རྟོགས་ཐུབ།
སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱིས་དེད་དེ་དེང་གི་ང་ཚོ་བོད་པའི་ཁྲོམ་ར་དང་ཁྱིམ་ཚང་རེ་རེ་ནའང་ཕྱི་སྨན་མི་མཐོང་བའི་གནས་མེད། སྨན་ཁང་ཆེ་ཆུང་ཚང་མར་ཕྱི་སྨན་ཡོད་ཅིང་བོད་རིགས་རྣམས་ཀྱིས་ཀྱང་ནུབ་ལུགས་གསོ་རིག་གི་ཤེས་བྱའམ་ངོས་འཛིན་ཇེ་མང་ཇེ་ཟབ་ཏུ་འགྱུར་གྱིན་ཡོད། ཡིན་ནའང་ནུབ་ལུགས་གསོ་རིག་གི་སྐོར་ལ་རྒྱ་ཡིག་དང་དབྱིན་ཡིག་ལས་མ་འདས་པས། ང་ཚོས་ཀྱང་ནུབ་ལུགས་གསོ་རིག་གི་རིག་གཞུང་འདི་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་ལ་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་དང་གཙོ་བོ་རང་གི་རིག་གནས་ཤིག་ཏུ་བསྒྱུར་རྒྱུ་དེ་རེད། གལ་ཏེ་ང་ཚོའི་ཤེས་ལྡན་མི་སྣ་དང་ཆེད་མཁས་པ། ཁེ་ལས་པ། སྨན་ཁང་དང་སྨན་མཁས་པ་སོགས་ནས་མཐུན་སྒྲིལ་དང་འབད་འབུངས་ཀྱིས་གསོ་རིག་ལོ་ཙྰའི་ཕྱོགས་འདིར་སྟོབས་ཤུགས་ངེས་ཅན་ཞིག་ཕུལ་ཐུབ་ཚེ་དེ་ལ་དོན་སྙིང་ཆེན་པོ་ཞིག་ཡོད་པར་འདོད།
གལ་ཏེ་བྱ་གཞག་འདི་ལེགས་འགྲུབ་བྱུང་ཚེ་གཅིག་ན་བོད་ཡིག་སྤྱོད་པའི་མང་ཚོགས་རྣམས་ལ་ཕྱི་སྨན་སྤྱོད་པའི་དཀའ་ཁག་སེལ་ཏེ་སྟབས་བདེ་དང་ཤེས་བྱ་གང་མང་ཞིག་བསྐྲུན་ཡོད་པ་མ་ཟད་བོད་ཡིག་སྤྱོད་པའི་ཁྱབ་ཁོངས་ཀྱང་རྒྱ་ཇེ་ཆེ་རུ་གྱུར་བ་རེད། གཉིས་ན་རང་མི་རིགས་ལ་རིག་གནས་གསར་བ་ཞིག་ཚུར་ལེན་བྱ་ཐུབ་སོང་བའམ་རིག་གནས་གསར་བ་དེས་རང་རིགས་ལ་ཞབས་འདེགས་ཞུ་ཐུབ་སོང་བ་རེད། གསུམ་ན་རང་མི་རིགས་ཀྱི་བོད་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་ཟུང་དུ་འབྲེལ་ནས་རང་གི་སྔར་ཡོད་བོད་ལུགས་གསོ་རིག་དེ་སྔར་ལས་དེང་རབས་ཅན་དང་། ཚོང་ལས་ཅན། ཚན་རིག་ཅན། འཛམ་གླིང་ཅན་དུ་གཏོང་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། བཞི་ན་རང་རེའི་ཚོང་རའི་དཔལ་འབྱོར་ལའང་ཕན་ཁེ་མི་ཉུང་བ་ཞིག་བཟོས་ཡོད་དེ་བོད་མི་མང་པོ་ཞིག་གིས་ནུབ་ལུགས་གསོ་རིག་བོད་ཡིག་ཅན་ལ་བརྟེན་ནས་ཚོང་ལས་གཉེར་ཏེ་མང་ཚོགས་ལ་ཕན་པ་དང་རང་ལ་དཔལ་འབྱོར་བསྐྲུན་ན་ཆོག་གོ།
མཐར། གསོ་རིག་ལས་དོན་གྱི་འདབ་བརྒྱ་ལྷུག་པར་གྲོལ་ཏེ་འགྲོ་བ་སེམས་ཅན་ཀུན་མི་འདོད་ན་ཚ་ལས་ཐར་ཞིང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།
ཁ་བྲོ། བཀྲ་ཤིས།




མི་རིགས་ལས་དོན་གཉེར་བའི་བོད་མི་རྣམས་ནས་གུས་པས་ཕུལ་བ་དགེ་གྱུར་ཅིག
༢༠༡༠ལོའི་ཟླ་བཅུ་བར་བྲིས།
མཚམས་འདྲི།
23 ༡༥༢༠༡༠༠༡༡༦
དེ་རིང་བདག་གི་དྲ་རྒྱའི་སྒོ་ཆེན་འདིར་གཞུགས་དེང་རབས་ཅན་གྱི་རིག་སྨྲ་པ་ཡོངས་ལ་མཚམས་འདྲི་ཞུ།

བདག་ནི་ཤམ་བྷ་ལའི་དྲ་ཐོག་དུ་དང་པོར་འབྱོར་བའི་དེང་རབས་ལ་དགའ་བའི་གཞོན་སྐྱེ་ཞིག་ཡིན་ལ་བོད་ཡིག་
སོགས་གང་ཐད་ནས་དེ་ཙམ་ཀྱི་ཉམས་མེད་མཁན་ཞིག་ཡིན་པས་དྲ་གྲོགས་རྣམས་རོག་སྐྱོར་གང་མང་ཡོད་པར་
མཁྱེན།
ཐུགས་རྗེ་ཆེ་ཞུ་བ།
22 ༡༣༢༠༡༠༡༥༠༥
ཚེ་དབང་མཐར་ཕྱིན།
མཁྱེན་སྤྱན་རབ་ཏུ་ཡངས་པའི་དྲྭ་རྒྱ་དོ་དམ་པའི་དགོངས་ཚུལ་དེ་ལ་ངས་སྙིང་ཐག་པ་ནས་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་ཕྲག་དུས་གཅིག་ཏུ་འཐོར་བར་འདོད། །
ཁྱེད་རང་ཉིད་ཀྱི་ཟླ་ཚེས་རེད་དམ།
21 ༡༣༢༠༡༠༡༣༤༤
རྡོ་རྗེ་ཚེ་རིང་
ཁྱེད་རང་ཟླ་ཚེས་དེ་ཇི་ལྟར་བརྩི་གི་ཡོད་མེད་མི་ཤེས། ཕྱི་ལུགས་སུ་རྩིས་ན་ད་ལྟ་ཟླ་༡༡ཚེས་༡༢སླེབས་ཡོད་པ་མ་རེད།
ཉིད་ལ་ཐུགས་རྗེ་ཆེ་ཞུ།
20 ༡༠༢༠༡༠༢༢༣༥
བཟོད་པ་ལྷ་རྩེ་
དབྱངས་གསལ་སོ་བཞི་མེས་པོས་ཕྱག་རྗེས་རེད། མི་ཉམས་རྒྱུན་འཛིན་གཞོན་སྐྱེས་འོས་འགན་ཡིན། ཚན་རྩལ་རིག་པའི་མཛངས་མ་མཛེས་ལྡན་མ། སྲོལ་རྒྱུན་དབྱངས་གསལ་ཁྱིམ་འཛིན་བདག་མོར་བཞེས།
བཀྲ་ཤིས་བདེ་ལེགས།
19 ༠༤༢༠༡༠༡༤༢༦
གུས་པ་དེ་རིང་དྲ་བ་འདིར་ཡོང་ཐུབ་པ་བྱུང་བའི་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།
ཡིག་གཟུགས།
18 ༠༢༢༠༡༠༡༩༢༠
བུ་ཕྲུག་བསྟན་མགོན་
ཤམ་བྷ་ལའི་ཕོ་ཉ་དྲ་རྒྱ་བཀོད་སྒྲིག་གནང་མཁན་ཡོང་ལ་ཞུ་རྒྱུ་ཡིག་གཟུགས་ཐོག་གོང་འཕེལ་གཏོང་ཐབས་གནང་རོགས་ཞུ། ཐུགས་རྗེ་ཆེ།
དོགས་འདྲི།
17 ༠༧༢༠༡༠༡༨༢༩
དྲ་བདག་ལགས་དེབ་སྐྱེལ་དང་དྲ་སྒོར་འཛུལ་གྲབས་བྱས་ཀྱང་ནང་འཛུལ་བྱེད་ཐུབ་མ་སོང་།
དྲ་བ་འགྲིམས་པའི་འཆར་སྣང་།
16 ༠༣༢༠༡༠༡༣༥༣
དྲ་བདག་ལགས། དྲ་བ་ཡག་པོ་འདུག་པས་རྗེས་སུ་ཡི་རངས་ཡོད། ཡིན་ཡང་གསེར་སེར་པོར་བྱེ་རྡུལ་ཆུང་ཚགས་ཡིན་ཡང་མཐོང་སླ་བ་ལྟར་འདིར་ཡང་ཡིག་ནོར་ཉུང་ངུ་ཞིག་འབྱུང་བཞིན་པའི་ཚོར་སྣང་བྱུང་། དཔེར་ན་༼གོད་ཆགས་༽དང་༼བླག་༽༼མང་གཙོའོ༽སོགས་ལྟ་བུ་རེད། དྲ་བ་སྟངས་འཛིན་བྱེད་སྟངས་དང་དྲ་དེབ་སོགས་ཡག་པོ་འདུག་པས་ལས་འགན་འདི་མུ་མཐུད་འབད་འཚལ།
ཡག་བྱུང།
15 ༢༤༢༠༡༠༡༣༡༣
བསྟན་པ་ཡར་འཕེལ།
སྐུ་ཉིད་ནས་བོད་ཡིག་དྲྭ་ལམ་འདི་བཞིན་ངལ་བ་ཁྱད་བསད་ཀྱིས་ཕྱག་ལས་གནང་བར་སྙིང་ ནས་ཐུགས་རྗེ་ཆེ་ཞུ།
ཐུགས་རྗེ་ཆེ།
14 ༠༣༢༠༡༠༡༤༣༩
འཆམ་ར་དྲི་མེད་རྒྱལ་མཚན།
ཁྱེད་ཅག་གིས་ངལ་བ་སྟོང་གི་བར་ནས་མཛེས་སྡུག་གིས་ཕྱུག་པའི་འདུ་ར་སྟག་ཐང་ཁྲ་མོ་བསྐྲུན་གནང་བར་སྙིང་ནས་དགའ་བསུ་ཞུ།
ད་ནི་གླིང་གི་ཕུ་ནུ་སུམ་ཅུ་འཛོམས་ནས་ཁྲ་མོ་གླིང་གི་སྡེ་བ་ཇི་ལྟར་སྐྱོང་ཚུལ་གྱི་གྲོས་མོལ་བྱ་རིན་འགི མ་ཟད་ཕྱོགས་ཀྱི་རྫོང་ཆེན་བཅོ་བརྒྱད་ཆོམ་ལ་ཕབ་ནས་གཏེར་ཁ་བཅོ་བརྒྱད་བོད་ལ་དྲངས་བའི་དུས་ཚོད་ཚེས་བྱུང་། དེར་བརྟེན་འདོ་བ་རྟའི་བང་འགྲན། སྨྱུ་གུ་དྲང་མོའི་རྩལ་འགྲན་རྒྱུའི་ཉི་མ་ཤར་སོང་ཡ། ཀི་ཧི་ཧི་ཧི་་་་ ད་ཤོག་ཡ་ཕོ་རྒོད་ཚོ།
ཡག་མོ་འགི
13 ༢༧༢༠༡༠༢༠༤༡
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
ཧོད་ཀྱིས་ཟིན་བྲིས་དང་གསར་འགྱུར་ཚང་མ་ངོ་མ་ཡག་མོ་འགི ད་དུང་གསར་ཤོག་ཅིག་བསྐྲུན་ཐུབ་ན་ཨོ ངོ་མ་ཡག་པོ་ཡོད་ལེ་རེད
དགའ་བསུ་ཞུ།
12 ༢༧༢༠༡༠༢༠༢༨
སྐལ་བཟང་བཀྲ་ཤིས།
གཤམ་བྷ་ལའི་རྩོམ་སྒྲིག་པས་གཙོས་ལས་བྱེད་་་་་་་་་་་་་ཁྱེད་རྣམ་པས་་་བོད་ཡིག་ཐོག་འདི་ལྟ་བུའི་དྲ་རྒྱ་ཞིག་གཉེར་ཐུབ་པར་་་་གུས་པས་སྙིང ་ཐག་པ་ནས་དགའ་བསུ་དང་རྗེས་སུ་ཡིད་རངལནབརྒྱ་ ཞུ་རྒྱུ་དང་་་་་་་་་་་་་་་་་་་་་་་་་་་་་ཇི་སྲིད་བར་དུ་གནས་པའི་སྨོན་མདུན་ཞུ།། །།
ཐུགས་རྗེ་ཆེ་ཞུ།
11 ༠༥༢༠༡༠༡༨༣༢
བསྟན་པ་ཡར་འཕེལ།
ཤམ་བྷ་ལའི་ཕོ་ཉ་གཙོ་སྒྲིག་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ། གུས་པ་ཟིན་བྲིས་ནང་འཛུལ་ཐུབ་པ་བཟོས་གནང་བར་ནམ་ཡང་བརྗེད་ཐབས་བྲལ།
རེ་ཞུས།
10 ༠༥༢༠༡༠༡༧༢༡
བཀུར་འོས་གཙོ་སྒྲིག་པ་མཆོག་ནས་གུས་པའི་ཟིན་བྲིས་ནང་འཛུལ་མི་ཐུབ་པ་ཆགས་འདུག་པས་བསྐྱར་བཅོས་གང་དགོས་གནང་རོགས་ཞུ།
གནད་དོན་ཡར་ཞུ།
9 ༠༥༢༠༡༠༡༧༡༥
བཀུར་འོས་གཙོ་སྒྲིག་པ་མཆོག་ལགས། གུས་པ་ཟིན་བྲིས་སུ་ནང་འཛུལ་བྱེད་སྐབས་མིང་དང་གསང་ཨང་མ་ནོར་བ་བྲིས་ཀྱང་ད་དུང་ནང་འཛུལ་བྱེད་ཐོབ་ཀྱི་མི་འདུག་ན་ཁྱེད་ཀྱིས་བཟོ་བཅོས་གང་དགོས་གནང་རོགས་ཞུ།
ཐུགས་རྗེ་ཆེ་ཞུ།
8 ༠༥༢༠༡༠༡༥༠༣
བསྟན་པ་ཡར་འཕེལ།
སྐུ་ཉིད་ནས་བོད་ཡིག་དྲྭ་ལམ་འདི་བཞིན་ངལ་བ་ཁྱད་བསད་ཀྱིས་ཕྱག་ལས་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་གུས་པའི་ཟིན་བྲིས་ཀྱི་སྤྱད་སྒོ་གཞན་རྣམས་ལེགས་་གྲུབ་བྱུང་ཡང་དྲྭ་གྲོགས་གཞན་ལ་བསམ་ཚུལ་འདོན་སྐབས་གུས་པའི་མིང་དེ་ནོར་འདུག་པས་དེ་བཅོས་སྒྲིག་སྐོར་ལམ་སྟོན་ཞིག་གནང་རོགས་ཞུ།
འཚམས་འདྲི་ཞུ།
7 ༢༠༢༠༡༠༡༨༣༦
ཁྱུངཿསྨོན་ལམ།
ཁྱེད་ཀྱིས་ངལ་བ་ཁྱད་གསོད་ཀྱི་འབད་པ་ཆེན་པོས་དྲ་ཚིགས་འདི་ཉིད་ལེགས་ལམ་དུ་ཁྲིད་གནང་བར་བསྔགས་བརྗོད་ཞུ།
རྩོམ་སྒྲིག་པ་ལགས
6 ༢༨༢༠༠༩༡༨༢༢
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
ཁྱོད་ཀྱི་རྣམ་དབྱོད་ལ་་ང་ཧང་སང་སོང
རང་།
5 ༢༨༢༠༠༩༡༨༡༩
འབའ་པ་སྐལ་བཟང་འཕྲིན་ལས། ་ ་
རྩོམ་སྒྲིག་པ་ལགས། ཁྱོད་གྱིས་ཡི་གེ་ཟིན་བྲིས་མོས་འཇུག་སྟངས་ཞིག་གསུངས་རོགས་གནང་དེ་ཧ་ཅང་ཁགམཔོ་འདུག
དཀའ་དྲིན་ཆེ་ཞུ།
4 ༢༨༢༠༠༩༠༠༠༧
ཤམ་བྷ་ལའི་གཟོ་འགན་བཞེས་མཁན་ཚོ། ངོ་མ་དེ་རིང་སེམས་གཏིང་ནས་དགའ་བོ་དང་།
རང་མི་རིགས་ལ་སྤོབས་པ་སྐྱེས་བཅུག་བྱུང་། ཁྱེད་འདི་ལྟར་དྲྭ་རྒྱ་ཡག་པོ་ཞིག་གཙོ་སྐྱོང་བྱས་འདུག ཐུགས་རྗེ་ཆེ།
འོན་ཀྱང་ཁྱེད་ཚོས་དྲྭ་བ་འདི་ཁྱབ་བསྒྲགས་རྒྱ་ཁྱབ་ཏུ་མ་བྱས་པ་རེད་དམ། ང་རང་མཐོང་རྒྱ་ཆུང་བས་རེད།
ད་བར་དྲ་རྒྱ་ཁྱད་པར་ཅན་འདིར་མིག་ལམ་མཇལ་སྐལ་མ་བུང་།
ངས་དུས་བབ་དང་། བང་ཆེན་སོགས་ཡང་གྲགས་ཅན་གྱི་ཚགས་ཤོག་དང་། དྲྭ་རྒྱ་རྣམས་སུ་གསལ་བསྒྲགས་ལན་རེ་ཙམ་མིན་པ་བྱེད་རོགས་ཞུ།
དཔྱོད་ལྡན་གྱི་དྲ་དཔོན་ལགས།
3 ༡༨༢༠༠༩༡༠༥༡
mecher
རབ་བྱུང་ན་ཟིན་བྲིས་བཟོ་སྟངས་ལ་ཟུར་དུ་ལམ་སྟོན་ཁ་གསལ་བོ་ཞིག་ཡོད་ན་ལེགས། ཐེངས་དང་པོར་ཤམ་བྷ་ལའི་དྲ་ཁང་དུ་ཡོང་མཁན་རྣམས་ལ་དཀའ་ངལ་འདུག། ལྷག་པར་ཟིན་བྲིས་བཟོ་མཁན་རྣམས་ལ་་་་་་་་་་་་་་་་་་་་་་་་་་་
མཁྱེན་ལྡན་གྱི་རྩོམ་སྒྲིག་པ་ལགས།
2 ༡༢༢༠༠༩༠༢༡༨
mecher
ཟིན་བྲིས་ཁ་ཕྱེས་ཏེ་ནང་དུ་འཛུལ་རྗེས། པར་དང་མིང་ཇི་ལྟར་འཇུག་དགོས་སམ། རོགས་སྐྱོར་གནང་རོགས། ཐུགས་རྗེ་ཆེ།
མཁྱེན་ལྡན་གྱི་རྩོམ་སྒྲིག་པ་ལགས།
1 ༡༢༢༠༠༨༢༢༡༤
མཁྱེན་ལྡན་གྱི་རྩོམ་སྒྲིག་པ་ལགས། ཁྱེད་ཀྱིས་འཇོན་ཐང་མངོན་ཐུབ་སོང༌། ཐུགས་རྗེ་ཆེ། ཟླ་༡༡ཚེས་༡༢ལ་བཟང་པོར་ཕུལ།།



བརྗོད་གཞི་གཞན་ཁག་ལ་གཟིགས།