ཚེ་སྲོག་བརྒྱ་ལྷག་གི་གདུང་འབོད་ཅེས་པའི་ངོ་རྒོལ་སྐད་འབོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༨ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༠དང་ཕྱེད་ཀ་ཐོག དྷ་སར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གསར་འགོད་གསལ་བསྒྲགས་དང་། ༼ཚེ་སྲོག་བརྒྱ་ལྷག་གི་གདུང་འབོད། བོད་ཀྱི་རང་དབང་སླར་གསོ།༽ཞེས་པའི་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་རེད།

རྒྱ་ནག་དམར་གཞུང་གིས་ཧམ་ཤེད་ཀྱིས་བོད་ནང་བཙན་གནོན་བཙན་འཛུལ་ལ། བོད་ནང་ཁྱོན་བོད་མི་༡༠༢ཀྱིས་བོད་མི་རིགས་དང་རང་དབང་ཆེད། རང་ལུས་མེར་སྲེག་བཏང་བར་བརྟེན། དེ་རིང་ཞོགས་པར་དྷ་སར་ཉིན་སློབ་ཚོགས་ཁང་ནང་ཐོག་མར་བཙན་བྱོལ་ནང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་གསར་འགོད་གསལ་བསྒྲགས་དང་། དེ་རྗེས་དྷ་ས་མེ་གྷན་ནས་དྷ་ཤོད་ཀ་ཅཱ་རི་བར་ཁྱོན་བོད་མི་ཆིག་སྟོང་ཡས་མས་ཤིག་གིས་ཞི་བའི་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་དེ་བོད་རྒྱ་དབྱིན་གསུམ་ནང་སྒྲོག་སྦྱངས་གནང་སོང་ལ། གསལ་བསྒྲགས་དེའི་ནང་རྒྱ་གཞུང་གི་བཙན་ཤེད་དང་དྲག་གནོན་སྲིད་ཇུས་ཀྱིས་ད་གཟོད་བོད་ནང་གི་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རང་ལུས་མེར་སྲེག་གི་བྱ་འགུལ་འདི་འགོ་བཙུགས་དང་མཐུད་སྤེལ་དགོས་ཐུག་པར་བཟོས་ཤིང་། དེ་རིང་གི་བར་ཏུ་བོད་ནང་ཁྱོན་སྡོམ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་༡༠༢ལྷག་བྱུང་བའི་ཁྲོད་ནས་༨༦ཡིས་ཚེ་སྲོག་ཤོར་ཡོད་ལ། གཞན་རྣམས་ཀྱི་ད་ལྟའི་གནས་བབ་གསལ་ཁ་མེད། ཁོང་ཚོ་ཚང་མས་མགྲིན་དབྱངས་གཅིག་གྱུར་རང་བཞིན་གྱི་འབོད་ཚིག་ནི་༼བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་༽ཞུ་དགོས་ཞེས་པས་མཚོན་ཐུབ་ཅེས་གསུངས་འདུག

ཡང་གསལ་བསྒྲགས་དེའི་ནང་། ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐུན་མོང་ནས། ད་བར་བོད་ནང་སྔ་ཕྱིར་རང་ལུས་མེར་སྲེག་གནང་བ་དང་། ཞི་རྒོལ་རིམ་བྱུང་གི་རྐྱེན་རྩ་དང་འགན་འཁུར་ཚང་མ་རྒྱ་དམར་གཞུང་ལ་ཡོད་པ་ཐ་ཚིག་བསྒྲགས་པ་ཡིན་ལ། བོད་མི་རིགས་ཚད་དེར་བསྐྱལ་བ་དང་། རང་ལུས་མེར་སྲེག་གིས་མཚོན་པའི་བྱ་ཐབས་སྤེལ་བཞིན་པ་ནི། སོ་སོའི་གནས་བབ་དང་སྡུག་བསྔལ་ཕྱིར་སྟོན་ཐབས་ཙམ་ལས་ལམ་གཞན་མེད་པར་ངོས་འཛིན་རྒྱུ་ལས་ལྷག་མེད། ཡང་གཅིག་བཤད་ན། དེ་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་སྲིད་ཇུས་ཕམ་ཉེས་ཕྱིན་པའི་སྒྲུབ་བྱེད་ཁ་གསལ་བྱུང་བ་ཞིག་ཡིན་སྟབས། མཚམས་འདི་ནས་བཟུང་རྒྱ་ནག་གཞུང་གིས་ཅིས་ཀྱང་བསམ་བློ་བསྐྱར་མ་གཏོང་རྒྱུའི་དུས་ལ་བབ་པ་ཙམ་དུ་མ་ཟད་ཕྱི་དྲགས་ཡོད་པ་དང་། ཡང་རྒྱ་གཞུང་གིས་མུ་མཐུད་བོད་ཀྱི་ཆོས་ལུགས་མི་སྣ་དང་ལྷག་དོན་༧གོང་ས་མཆོག་ལ་མ་ཉེས་ཁག་དཀྲི་བྱས་པའི་བྱས་བབ་འདི་རིགས་འཕྲལ་མར་མཚམས་འཇོག་ངེས་པར་བྱ་དགོས་ཞེས་ང་ཚོས་ནན་བརྗོད་བྱས་པ་ཡིན་ཞེས་བསྒྲགས་འདུག

ཡང་ཚོགས་པ་ལྔས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གསར་ཁང་ཁག་བརྒྱུད་གཤམ་གྱི་དགོས་འདུན་དོན་ཚན་༣བཏོན་འདུག

༡༽ འཛམ་གླིང་གི་དབུ་ཁྲིད་ཐུན་མོང་ཐོག་ནས་བོད་དོན་འབྲེལ་མཐུད་པ་ཞིག་བསྐོ་བཞག་གིས། བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གིས་དྲག་གནོན་བྱེད་མུས་ཡིན་པ་དེར། བྱ་སྤྱོད་སྣ་མང་གི་སྒོ་ནས་གནོན་ཤུགས་སྤྲོད་རྒྱུ་དང་བོད་མིའི་གཞི་རྩའི་ཐོབ་ཐང་བསྐྱར་གསོ་གནང་ཐབས་གནང་རྒྱུ།

༢༽ རྒྱ་དམར་གཞུང་ལ་བཟློ་རྒྱུར། བོད་མིའི་རང་ལུས་མེར་སྲེག་དང་ཞི་རྒོལ་སྤེལ་དགོས་ཐུག་པར་བཟོས་པའི་ཁྱེད་ཅག་གི་སྲིད་ཇུས་དེ་བསྐྱར་ཞིབ་ཀྱིས། བོད་མིའི་སྤྱི་ཚོགས་དང་ཆོས་ལུགས་ཀྱི་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུའི་མཚོན། བོད་མི་སྤྱི་ཡོངས་ཀྱི་འཚོ་གནས་དང་དགོས་འདུན་སྐོང་ཐབས་བྱ་དགོས།

༣༽ རྒྱལ་ཚོགས་ཀྱི་ངོ་ཚབ་དང་རང་དབང་གསར་འགོད་པ་བོད་ནང་བཀག་འགོག་བྱེད་པར་འགྲོ་བསྐྱོད་ཆོག་རྒྱུ་དང་། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཅི་ཐེབས་དང་། བོད་མིའི་རང་དབང་གི་གནས་བབ་སྐོར་ལ་ཉམས་ཞིབ་གནང་འཇུག་དགོས་ཞེས་བསྒྲགས་སོང་།

ཡང་ཚོགས་པ་ལྔས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཚོགས་སྡེ་ཁག་ནས་བོད་ནང་དཀའ་ངལ་ལ་འཕྲད་པའི་དུས་སྐབས་འདིར་རང་རང་གི་གཞུང་དང་གྲོས་ཚོགས་ལ་ཞུ་གཏུགས་བརྒྱུད། བོད་མིར་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་འཚོལ་ཐབས་གནང་རོགས་ཞེས་བརྒྱུད་བསྐུལ་གནང་སོང་།

ལས་འགུལ་གོ་སྒྲི་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ནི།

༡། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས།
༢། བོད་ཀྱི་བུད་མེད་ལྷན་ཚོགས།
༣། དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
༤། སློབ་ཕྲུག་བོད་རང་བཙན་ཚོགས་པ།
༥། རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁྱེད་དང་ང་ཡི་ཆེད་དུ་སྤུན་ཟླ་འདི་འདྲའི་མང་པོ་ཞིག་བཞུད་ཚར་བའི་མཚན་བྱང་ཙམ།
༡ ཐུབ་བསྟན་དངོས་གྲུབ།
༢ ལྷག་པ་ཚེ་རིང་།
༣ བློ་བཟང་བཀྲ་ཤིས་སམ་
བཀྲ་བྷེ།
༤ བློ་བཟང་ཕུན་ཚོགས།
༥ ཚེ་དབང་ནོར་བུ།
༦ བློ་བཟང་སྐལ་བཟང་།
༧ བློ་བཟང་དཀོན་མཆོག
༨ སྐལ་བཟང་དབང་ཕྱུག
༩ མཁའ་དབྱིངས།
༡༠ ཆོས་འཕེལ།
༡༡ ནོར་བུ་དགྲ་འདུལ།
༡༢ བསྟན་འཛིན་དབང་མོ།
༡༣ ཟླ་བ་ཚེ་རིང་།
༡༤ དཔལ་ལྡན་ཆོས་མཚོ།
༡༥ ཤེས་རབ་ཚེ་རྡོར་རམ་
མིག་དམར།
༡༦ གྲྭ་བོད་ཕྲུག
༡༧ རོང་ཚ་བསྟན་འཛིན་ཕུན་
ཚོགས།
༡༨ ཚུལ་ཁྲིམས།
༡༩ བསྟན་ཉི།
༢༠ སྤྲུལ་བསོད་ནམས་
དབང་རྒྱལ་ལམ་བསོད་པ།
༢༡ བློ་བཟང་འཇམ་དབྱངས།
༢༢ རིག་འཛིན་རྡོ་རྗེའམ་
རིག་པེ།
༢༣ བསོད་ནམས་རབ་ཡངས།
༢༤ བསྟན་འཛིན་ཆོས་སྒྲོན།
༢༥ བློ་བཟང་རྒྱ་མཚོ།
༢༦ དམ་ཆོས་སམ་དམ་ཆོས་
བཟང་བོ།
༢༧ སྣང་གྲོལ།
༢༨ ཚེ་རིང་སྐྱིད།
༢༩ རིན་ཆེན།
༣༠ རྡོ་རྗེ།
༣༡ དགེ་བྷེ།
༣༢ འཇམ་དབྱངས་དཔལ་ལྡན།
༣༣ བློ་བཟང་ཚུལ་ཁྲིམས།
༣༤ བསོད་ནམས་དར་རྒྱས།
༣༥ འཇམ་དཔལ་ཡེ་ཤེས།
༣༦ ཤེས་རབ་བམ་བློ་བཟང་
ཤེས་རབ།
༣༧ བསྟན་པ་དར་རྒྱས།
༣༨ འཆི་མེད་དཔལ་ལྡན།
༣༩ ཆོས་འཕགས་སྐྱབས།
༤༠ བསོད་ནམས།
༤༡ རྡོ་རྗེ་ཚེ་བརྟན།
༤༢ དར་རྒྱས།
༤༣ རི་ཀྱོ།
༤༤ རྟ་མགྲིན་ཐར།
༤༥ ངག་དབང་ནོར་འཕེལ།
༤༦ བསྟན་འཛིན་མཁས་གྲུབ།
༤༧ བདེ་སྐྱིད་ཆོས་འཛོམས།
༤༨ བཀྲ་ཤིས་རྡོ་རྗེ།
༤༩ བློ་བཟང་བློ་འཛིན།
༥༠ བློ་བཟང་འཕྲིན་ལས།
༥༡ སྒྲོལ་དཀར་མཚོ།
༥༢ གཅོད་པ།
༥༣ ལུང་རྟོགས།
༥༤ བཀྲ་ཤིས།
༥༥བློ་བཟང་སྐལ་བཟང་།
༥༦དམ་ཆོས།
༥༧གཡུང་དྲུང་།
༥༨དགུ་འགྲུབ།
༥༩སངས་རྒྱས་རྒྱ་མཚོ།
༦༠རྟ་མགྲིན་རྡོ་རྗེ།
༦༡ལྷ་མོ་སྐྱབས།
༦༢དོན་འགྲུབ།འདས༢༠༡༢/༡༠/༢༢
༦༣རིན་ཆེན་རྡོ་རྗེ།འདས༡༠/༢༣
༦༤ལྷ་མོ་ཚེ་བརྟན།འདས༡༠/༢༦
༦༥ཐུབ་དབང་སྐྱབས།འདས༡༠/༢༦
༦༦ཚེ་དཔག།༡༠/༢༦
༦༧བསྟན་འཛིན།༡༠/༢༦
༦༨རྡོ་རྗེ་ལྷུན་གྲུབ།འདས༡༡/༤
༦༩རྟ་མགྲིན་མཚོ།འདས༡༡/༧
༧༠རྡོ་རྗེ་ལོ་༡༥འདས་༡༡/༧
༧༡རྡོ་རྗེ་སྐྱབས་ལོ་༡༦སྨན་ཁང༡༡/༧
༧༢བསམ་འགྲུབ་ལོ༡༦སྨན་ཁང་༡༡/༧
༧༣སྐལ་བཟང་སྦྱིན་པ་ལོ་༡༨འདས་༨
༧༤མགོན་པོ་ཚེ་རིང་ལོ་༡༩འདས་༡༠
༧༥སྙིང་དཀར་བཀྲིས་ལོ༢༤འདས༡༢
༧༦སྙིང་ལྕཊ་འབུམ་ལོ༡༩འདས༡༢
༧༧མཁའ་འབུམ་རྒྱལ་ལོ༡༨འདས༡༥
༧༨ཏིང་འཛིན་སྒྲོལ་མ་ལོ་༢༣འདས༡༥
༧༩ལྕགས་མོ་སྐྱིད་ལོ་༣༣འདས༡༧
༨༠གསང་བདག་ཚེ་རིང་ལོ༢༤འདས༡༧
༨༡དབང་ཆེན་ནོར་བུ་ལོ་་་་་་་འདས༡༩
༨༢ཚེ་རིང་དོན་གྲུབ་ལོ་༣༥འདས༢༠
༨༣ཀླུ་འབུམ་རྒྱལ་ལོ་༡༨འདས༢༢
༨༤རྟ་མགྲིན་སྐྱབས་ལོ༢༣འདས༢༢
༨༥རྟ་མགྲིན་རྡོ་རྗེ་ལོ༢༩འདས༢༣
༨༦སངས་རྒྱས་སྒྲོལ་མ་༡༧འདས༢༥
༨༧དབང་རྒྱལ་ལོ༢༠རྒྱ་ལག༢༦
༨༨དཀོན་མཆོག་ཚེ་རིང་ལོ༡༨འདས༢༦
༨༩མགོན་པོ་ཚེ་རིང་ལོ༢༤འདས༢༦
༩༠སྐལ་བཟང་སྐྱབས་ལོ༢༤འདས༢༧
༩༡སངས་རྒྱས་བཀྲིས་ལོ་༡༨འདས༢༧
༩༢ཚེ་རིང་རྣམ་རྒྱལ་ལོ༣༡འདས༢༩
༩༣ བན་དེ་མཁར་ལོ༢༡འདས༢༩
༩༤དཀོན་མཆོག་སྐྱབས་ལོ༢༩རྒྱ་ལག༣༠
༩༥གཟུངས་འདུསྐྱབས་ལོ༡༨་རྒྱ་ལག༡༢/༢
༩༦བློ་བཟང་དགེ་འདུན་ལོ༢༩འདས༣
༩༧འཇིཊ་མེད་ཚེ་བརྟན་ལོ༣༠གྲི་འདས
༩༨དཀོན་མཆོག་འཕེལ་རྒྱས་ལོ༢༤འདས༨
༩༩པདྨ་རྡོ་རྗེ་ལོ་༢༣འདས༨
༡༠༠པན་ཆེན་སྐྱིད་ལོ་༡༧འདས༩
༡༠༡ཚེ་བྷེ་ལོ་༢༢འདས༢༠༡༣/༡/༡༢
༡༠༢གྲུབ་མཆོག་ལོ་༢༨འདས༡༨
༡༠༣འཇིཊ་བྱེད་སྐྱབས༡༧འདས༡༩དུག
༡༠༤དཀོན་མཆོག་སྐྱབས་ལོ༢༣འདས༢༢
༡༠༥བློ་བཟང་རྣམ་རྒྱལ་ལོ༣༧འདས༢/༣
༡༠༦སྒྲུབ་ཚེ་ལོ༢༥འདས༡༣བལ་ཡུལ།ཡ
༡༠༧འབྲུག་པ་མཁར་ལོ༢༦འདས༡༣
༡༠༨གནམ་ལྷ་ཚེ་རིང་ལོ་༤༩རྒྱ་ལག༡༧



བརྗོད་གཞི་གཞན་ཁག་ལ་གཟིགས།