རང་བཙན་གསལ་བསྒྲགས་བྱས་ནས་ལོ་༡༠༠འཁོར་བའི་རྗེས་དྲན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེས་༡༣ བོད་ལུགས་ལོག་སར་ཚེས་༣ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་༧རྒྱལ་དབང་སྐུ་ཕྲེང་ ༡༣ པ་ཐུབ་བསྟན་རྒྱལ་མཚོ་མཆོག་གིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་རེད།

སྔ་དྲོར་དྷ་ས་ཉིན་སློབ་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག ༧རྒྱལ་དབང་སྐུ་ཕྲེང་༡༣པས་བོད་རང་བཙན་གསལ་བསྒྲགས་གནང་བའི་ཡིག་ཆ་དང་། པར་རིས་སོགས་འགྲེམས་སྟོན་དང་། མེ་གྷན་དུ་མར་མེ་ཁྲོམ་སྐོར་བཅས་བྱས།

ཕྱི་དྲོར་བོད་གཞུང་ཟློས་གར་དུ། བཙན་བྱོལ་ནང་༼ཤ་བག་ལེབ༽ཅེས་པའི་གཞས་གཏོང་མཁན་ཀརྨ་ཨིམ་ཆི་སོགས། གཞས་པ་དང་གཞས་མ་བཅུ་གྲངས་ཤིག་གི། བོད་མི་རིགས་ཀྱི་ཆེ་བསྟོད་དང་ལ་རྒྱའི་གླུ་དབྱངས་ཀྱི་ལམ་ནས། བོད་རང་བཙན་གསལ་བསྒྲགས་གནང་ནས་ལོ་༡༠༠འཁོར་བའི་རྗེས་དྲན་ཞུས།

མཛད་སྒོ་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་ཆབས་ཅིག ༧རྒྱལ་དབང་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དུ་བོད་ཕྲུག་ཆུང་ཆུང་༡༣གིས་ལུས་ལ་བོད་ཆས་ཡིད་དུ་འོངས་བ་རེ་གྱོན་འདུག་པ་དང་། བོད་རང་བཙན་གསལ་བསྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་དུ། ཟློས་གར་ཐང་ཆེན་དུ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་༡༠༠ཐམ་པ་མཁའ་དབྱིངས་སུ་བསྒྲེངས་འདུག

རྗེས་དྲན་རོལ་དབྱངས་དངོས་གཞི་འགོ་འཛུགས་མ་གནང་གོང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ནས། ༧རྒྱལ་དབང་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་༼བོད་རང་བཙན་གྱི་གསལ་བསྒྲགས་ཡིག་ཆ་༽དེ་དར་དཔྱངས་ལྟ་བུ་ཞིག་བཟོས་འདུག་པར་དབུ་འབྱེད་དང་། བར་དེ་དྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས། ༧རྒྱལ་དབང་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བསྩལ་བའི་༼ཆུ་སྤྲེལ་ཞལ་གདམས་༽ སྐབས་དེའི་རོལ་དབྱངས་གསན་གཟིགས་གནང་མཁན་ཡོངས་ལ་ལྗགས་ཀློག་གནང་།

གཞན་ཡང་ལོ་༡༠༠འཁོར་བའི་རྗེས་དྲན་དེ་ཉིད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཡན་ལག་ལྡི་ལི་དང་། མུམ་བྷེ། ཀོལ་ཀཱ་ཊ། ཅི་ནའེ། བྷང་ལོར་སོགས་སུ་གཅིག་མཚུངས་སུ་ལས་འགུལ་སྤེལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།