བོད་རང་བཙན་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་༤པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༤ཉིན། དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་གཙོ་འགན་གོ་སྒྲིག་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་གཞོན་ནུ་དང་། ལྡི་ལི་རོ་ཧི་ནིང་ས་གནས་གཞོན་ནུ་གཉིས་ཀྱིས་མཐུན་འགྱུར་འོག རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་༤པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཚོགས་ཡོད་པ་རེད།

དེ་ཡང་བོད་ཀྱི་ལོ་གསར་ཚེས་༣དང་ཟླ་འདིའི་ཕྱི་ཚེས་༡༣། ༧རྒྱལ་དབང་སྐུ་ཕྲེང་༡༣པ་ཐུབ་བསྟན་རྒྱལ་མཚོ་མཆོག་གིས་བོད་རང་བཙན་ཡིན་པའི་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་རྒྱས་པའི་སྔོན་འགྲོའི་ཚོགས་འདུ་ཐེངས་༤པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་གྷན་དྷི་ཞི་བདེའི་ཐེབས་རྩ་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

ཐེངས་འདིའི་ཚོགས་འདུ་སྔོན་འགྲོ་ཐོག ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་། བོད་རང་བཙན་འཐབ་རྩོད་པ་ལྷག་བཟང་ཚེ་རིང་ལགས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས།  བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།  སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། རྩོམ་པ་པོ་ལྷ་བཟང་ཚེ་རིང་ལགས། བསྟན་འཛིན་བརྩོན་འགྲུས་ལགས་སོགས་བོད་རང་བཙན་དོན་གཉེར་བ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༤༠ ལྷག་འདུ་འཛོམས་བྱས་ཡོད་འདུག

ཚོགས་ཞུགས་པ་རྣམས་ཀྱིས་༼ བོད་རང་བཙན་སླར་གསོའི་དགོས་དམིགས་གསལ་སྟོན་དང། གདེང་སྤོབས་གོང་མཐོར་གཏོང་ཐབས་༽དང་། ༼བོད་རང་བཙན་སླར་གསོའི་འཆར་གཞི་དང་ཐབས་ལམ་༽ཞེས་པའི་བརྗོད་གཞི་བཅས་ཀྱི་ཐོག་ཉིན་༢རིང་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཐོག་མར་དབུས་བོད་གཞོན་ནུའི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་མཛད་རིམ་སྒྲོགས་སྦྱངས་དང་། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་དབུ་འབྱེད། དེ་བཞིན་ཚོགས་ཞུགས་པ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་། རྒྱ་གར་གྱི་རྒྱལ་གླུ་བཅས་རིམ་པར་བཏང་བས་མ་ཚད། བོད་མི་རིགས་དང་རྒྱལ་ཁབ་ཆེད་གཅེས་པའི་རང་གི་ལུས་སྲོག་བློས་གཏོང་གནང་མཁན་ཡོངས་ལ་རྗེས་དྲན་མྱ་ངན་བཅས་ཞུས།

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། རང་བཙན་འཐབ་རྩོད་པ། རྩོམ་པ་པོ་ལྷག་བཟང་ཚེ་རིང་ལགས་ནས་ ༼བོད་རང་བཙན་གྱི་བདེན་རྟགས་༽ཅེས་པའི་བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་འདྲ་པར་དང་། ཡིག་ཆ། རྒྱལ་དར། དངུལ་ཊམ་བཅས་ཀྱི་པར་རིས་དབུ་འབྱེད་གནང་།

དབུས་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་ཚོགས་གཙོ་གཞོན་པ་དོན་གྲུབ་ལྷ་དར་ལགས་ཀྱིས། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་རང་བཙན་གྱི་ཚོགས་ཆེན་རྒྱས་པ་ཞིག་འཚོག་རྒྱུར་གྲོས་ཆོད་བཞག་པར་ལྟར། ཚོགས་ཆེན་རྒྱས་པའི་སྔོན་འགྲོའི་ཚོགས་འདུ་སུད་སི་དང་། ཐའེ་ཝན། ཨ་རི་བཅས་སུ་ཚོགས་ཟིན་པ་དང་། ཐེངས་འདི་ནི་སྔོན་འགྲོའི་ཚོགས་འདུ་ཐེངས་༤པ་དེ་ཆགས་ཡོད་ཅེས་གསུངས་འདུག

ཡང་ཁོང་གིས། ༧རྒྱལ་དབང་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་བསྐྱངས་པའི་དུས་ཚིགས་སྲུང་བརྩི་ཞུ་རྒྱུར་དོན་སྙིང་ཆེན་པོ་གསུམ་ཡོད་པའི་ངོས་འཛིན་ཞུ་བཞིན་ཡོད།

དང་པོ། ༧རྒྱལ་དབང་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་དང་མི་རིགས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་པ་སྙིང་ནས་རྗེས་སུ་ཡི་རངས་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ།

གཉིས་པ། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ།

གསུམ་པ། ང་ཚོའི་རྒྱལ་ཁབ་ཀྱི་དགྲ་བོ་རྒྱ་དམར་གཞུང་གི་བཙན་གནོན་ལ་ངོ་རྒོལ་དང་། ང་ཚོས་བོད་རང་བཙན་གྱི་འཐབ་རྩོད་མུ་མཐུད་དུ་བྱ་རྒྱུ་ཡིན་པའི་གསལ་སྟོན་དང་། མ་འོངས་པར་བོད་རང་བཙན་འཐབ་རྩོད་བྱེད་ཕྱོགས་ལ་ལེགས་བཅོས་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁྱོད་ཀྱི་ཚོགས་པ་དེ་བཟང་པོ་དང་ལེགས་པོ་ཞིག་ཡིན་པ་རང་རྟོགས་བཞིན་དུ་རང་ཉིད་བསམ་འཆར་འགོད་མཆོག་པར་གྱིས།
ཁྱོད་རང་བཙན་ཇི་ལྟར་ལེན་ནམ།



བརྗོད་གཞི་གཞན་ཁག་ལ་གཟིགས།