རང་བཙན་གསལ་བསྒྲགས་བྱས་ནས་ལོ་༡༠༠འཁོར་བའི་བསྒྲགས་གཏམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༨ཉིན། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་༡༩༡༣ལོར་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་གསར་བགོད་གསལ་བསྒྲགས་ཤིག་སྤེལ་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་། སུ་ལའང་ལོ་རྒྱུས་བསྐྱར་བཅོས་བྱེད་དབང་མེད་པའི་ངོས་འཛིན་ཐོག  དོན་ཚན་ལྔ་ཅན་གྱི་རང་བཙན་བསྒྲགས་གཏམ་དེར་གསལ་བ་བཞིན། བོད་རྒྱལ་བཙན་པོ་སྐབས་སུ་རྒྱ་ཡི་སྲས་མོ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བླངས་པ་དང་། དེ་ནས་ཁྲིའུ་སྲོང་སྡེའུ་བཙན་གྱི་སྐབས་སུ་བོད་རྒྱ་གཉིས་༼བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།༽ཅེས་མི་རིགས་འདི་གཉིས་དང་རྒྱལ་ཁབ་འདི་གཉིས་རང་ས་རང་ཁུངས་སུ་སྡོད་རྒྱུ་བྱས་པ་དང་། མིང་སོགས་རྒྱ་རྒྱལ་རིམ་བྱོན་དང་༧རྒྱལ་མཆོག་ལྔ་བ་ཆེན་པའི་སྐུ་དུས་ནས་མན་ཇུ་གོང་མ་དང་མཆོད་ཡོན་གྱི་འབྲེལ་ཏེ་ཕན་ཚུན་ཕན་གྲོགས་གནང་སྲོལ་ཡོད།

དེ་ནི་མཆོད་ཡོན་གྱི་མཛའ་འབྲེལ་ཙམ་ལས་གཅིག་འོག་གཅིག་ཏུ་མེད་ཀྱང་། སྟོབས་ཤུགས་ལ་བརྟེན་ནས་བོད་ས་ཡོངས་ཟ་སེམས་ཀྱིས་བསམ་སྦྱོར་ངན་པས་བོད་བཙན་འཛུལ་གྱིས། ༧རྒྱལ་མཆོག་བཅུ་གསུམ་པ་སོག་ཡུལ་དང་རྒྱ་གར་ལ་བྲོས་བྱོལ་ཏུ་ཕེབས་དགོས་འཁེལ་ཡང་། མཐར་ཕྱི་ལོ་༡༩༡༣ལོར་ཚུར་ལྷ་ལྡན་དུ་བདེ་ཕེབས་བྱུང་ཐོག དབུས་གཙང་ཕྱོགས་ཀྱི་རྒྱ་མི་མ་ལུས་པ་ཕར་སློག་ཟིན་པ་དང་། མདོ་ཁམས་ཕྱོགས་ཀྱི་ལྷག་འཕྲོ་རྣམས་ཀྱང་རིམ་གྱིས་ཕར་སྐྲོད་ཀྱིས་ཨང་གསར་དང་བཅས། བོད་ཆོལ་གསུམ་ཕྱི་མིའི་དབང་ཤུགས་དང་བཙན་འཛུལ་འོག་མེད་པའི་གསལ་བཤད་གསལ་བསྒྲགས་སམ། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ཐོག རི་བརྒྱ་ལུང་སྡོམ་གྱི་བླང་དོར་རྩ་ཚིག་གཏན་འབེབས་ཀྱིས་རང་ས་རང་སྲུང་གི་བཀའ་གདམས་ནན་ཏན་ཕབ་ཡོད།

གོང་དུ་བཤད་ཟིན་ལྟར། རྒྱལ་ཁབ་ཅིག་རྒྱལ་ཁབ་གཞན་ག་གེ་མོའི་བཙན་འཛུལ་འོག་འཐེབ་པ་ཙམ་གྱི་རྒྱལ་ཁབ་ཀྱི་བདག་དབང་དེའི་བཙན་འཛུལ་བར་དེར་ཁེ་གཙང་བདག་ཅིང་བདག་པོ་སྙོམ་མེད་ཅིག་ཏུ་གྱུར་བར་བཤད་པ་ནི་ད་ཡོད་རྒྱ་དམར་སྲིད་གཞུང་གི་ཧམ་བཤད་བོང་བུས་མི་ཐེག་པ་ཙམ་ལས། འཛམ་གླིང་གི་རྒྱལ་ཁབ་ཆེ་བས་ཆུང་བ་ཟས་པ་དང་དུས་ཀྱི་འགྱུར་ལྡོག་དབང་གིས་སླར་ཡང་རང་དབང་བསྐྱར་གསོ་བྱུང་བ་དེ་ནི་རྒྱལ་ཁབ་ཕལ་མོ་ཆེ་ཡི་རྒྱལ་རབས་ལོ་རྒྱུས་སུ་གསལ་ཡོད་པས། བོད་དེ་དེ་ལྟར་༡༩༤༩ལོར་རྒྱ་དམར་དྲག་པོའི་སྲིད་དབང་གིས་དབང་བསྒྱུར་གྱིས་བོད་ས་བཙན་འཛུལ་བྱས་སྟེ་བོད་ཀྱི་དབུ་ཁྲིད་དང་བོད་འབངས་ཆིག་འབུམ་ལྷག་ཙམ་རྒྱ་གར་ལ་སྐྱབས་བཅོལ་ཏུ་ཡོང་དགོས་འཁེལ་ཞིང་། ༧གོང་ས་མཆོག་གི་མཚན་ཐོག་ནས་རྒྱ་གཞུང་གི་བཙན་གྱིས་བཞག་ཏུ་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཡང་རྩིས་མེད་བཏང་བའི་གསལ་བསྒྲགས་སྤེལ་ཡོད།

དེ་ནི་རྒྱའི་དབང་བསྒྱུར་མུ་མཐུད་ཁུར་འདོད་མེད་པའི་དན་རྟགས་ཤིག་དང་། རྒྱ་གཞུང་གིས་བོད་ནི་རྒྱ་ནག་སྐམ་ས་ཆེན་མོ་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་པའི་སྐྱག་རྫུན་ལ་བདེན་པའི་ལན་འདེབས་ཤིག་གནང་བ་ཞིག་ཡིན་པ་བཅས། དེ་ལྟར་འདས་པའི་ལོ་རྒྱུས་ཀྱི་བདེན་པ་བོད་རང་ལ་ཡོད་ཀྱང་། ༧གོང་ས་མཆོག་གི་བླ་མེད་ཐུགས་རྗེ་ཡི་གྲིབ་བསིལ་འོག ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་མ་འོངས་རྒྱ་བོད་མཉམ་གནས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་ད་ལྟ་རྒྱབ་སྐྱོར་ཡོད་པ་མ་ལྟོས་པར།   མེས་པོ་གོང་མ་རྣམས་ཀྱི་ཤུལ་བཞག་དང་ལོ་རྒྱུས་ཀྱི་བདེན་པ་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་མི་ལོ་༡༠༠འཁོར་བའི་དུས་དྲན་ཁྱད་པར་ཅན་འདིར། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་༧རྒྱལ་མཆོག་བཅུ་གསུམ་པའི་བསྒྲགས་གཏམ་གྱི་ལྗགས་ཡིག་འདི་ཉིད་པར་ཏུ་བཏབས་ནས་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མར་བགོ་འགྲེམ་གནང་གི་ཡོད་ལ། དེ་ནི་ལོ་རྒྱུས་ཀྱི་བདེན་པར་རྒྱབ་སྐྱོར་དང་གུས་འདུད་མཚོན་ཐབས་ཤིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་བསྒྲགས་འདུག

ལོ་རྒྱུས་ཀྱི་བདེན་པར་རྒྱབ་སྐྱོར་དང་གུས་འདུད་མཚོན་ཆེད་རང་བཙན་བསྒྲགས་གཏམ་གྱི་ལྗགས་ཡིག་པར་བཏབས་ཀྱིས་བཙན་བྱོལ་སྤྱི་ཚོགས་སུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།