རང་བཙན་གསལ་བསྒྲགས་བྱས་ནས་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི་བྱ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༨ཉིན། ཟླ་འདིའི་ཚེས་༡༣ ནས་བརྩིས་པའི་ལོ་བརྒྱའི་ཡར་སྔོན་དུ།  མན་ཇུའི་གནོན་ཤུགས་འོག་༧རྒྱལ་དབང་སྐུ་ཕྲེང་༡༣ པ་མཆོག་རྒྱ་གར་དུ་བཙན་བྱོལ་ནས་ཕྱིར་རང་ཡུལ་དུ་ཕེབས་ཏེ་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་བསྒྲགས་གཏམ་སྤེལ་ཏེ། ལོ་བརྒྱ་ཏག་ཏག་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་གལ་ཆེན་དེ་སྲུང་བརྩི་བྱ་རྒྱུ་རེད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་སྔ་ལོ་ནས་བཟུང་། བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠འཁོར་བའི་དུས་དྲན་དང་། ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད་པ་དང་། འདི་ལོ་ཕྱི་ཟླ་༢པའི་ཚེས་༡༣ཉིན་ལའང་འཛམ་གླིང་གི་ས་ཕྱོགས་གང་སར་ཉིན་གཅིག་དུས་གཅིག་ལ་རྣམ་པ་མི་འདྲ་བའི་ལས་འགུལ་སྣ་མང་ཞིག་སྤེལ་འཆར་ཡོད་འདུག

དམིགས་བསལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་༼བོད་ཀྱི་རང་བཙན་ཉིན་མོའི་༽དུས་དྲན་དང་སྟབས་བསྟུན་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་རྒྱ་གར་གྱི་གཞོན་སྐྱེས་མི་སྣའི་ཁྲོད་དུ་གོ་རྟོགས་སོགས་སྤེལ་རྒྱུ་རེད་འདུག

དང་པོ།  ཟླ་འདིའི་ཚེས་༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩:༠༠ ནས། ༼ལོ་སར་ཚེས་པ་གཅིག༽  ༧གོང་ས་རྒྱལ་དབང་སྐུ་ཕྲེང་༡༣་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཡི་སྔོན་འགྲོའི་ལས་འགུལ་གྱི་ཚུལ་དུ།  ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱང་རིང་རྒྱུག་ཤར་འགྲན་བསྡུར་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་འདུག

གཉིས་པ།  ཟླ་འདིའི་ཚེས་༡༣་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡:༠༠ ནས། ༼ལོ་སར་ཚེས་པ་གསུམ།༽ ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་གར་གྱི་མཁས་དབང་ཁག་ཅིག་གདན་ཞུ་ཐོག་ལོ་རྒྱུས་ཐོག་གི་ཧིན་བོད་གཉིས་ཀྱི་འབྲེལ་བ་དང་།  ད་ལྟའི་བོད་ཀྱི་གནས་བབ་སྐོར་ལ་གོ་བསྡུར་གཏམ་གླེང་ཞིག་གོ་སྒྲིག་བྱ་རྒྱ་དང་། ད་དུང་རྒྱ་གར་གྱི་གཞོན་སྐྱེས་ཚོར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་གཞས་སྣ་གཟིགས་འབུལ་དང་། བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་བྲིས་པའི་སྙན་ཚིག་དང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་ཅིག་གིས་བཞག་པའི་ཁ་ཆེམས་ཡི་གེ་ཁག་ཀྱང་གྱེར་འདོན་གནང་འཆར་ཡོད་འདུག

གནས་ཚུལ་མཁོ་གཏོང་བ།  ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།