རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་༣སྟོན་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༧ཉིན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་འགོ་འཛུགས་ཀྱིས་ཁྱོན་དུས་ཡུན་ཉིན་གྲངས་ ༦ རིང་། ནོར་ཝེའི་རྒྱལ་ས་ Oslo ཨོ་སཱ་ལོར་འཚོགས་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པར་བོད་ཀྱི་དངོས་བྱུང་གློག་བརྙན་༣སྟོན་གཏན་འཁེལ་འདུག

རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་ཐོག་སྟོན་འཆར་ཡོད་པའི་བོད་ཀྱི་དངོས་བྱུང་གློག་བརྙན་གསུམ་པོ་ནི། ད་ལྟ་རྒྱ་ནག་གིས་བཙོན་ཁང་དུ་ཡོད་པའི་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་༼འཇིགས་བྲལ་༽ Leaving Fear Behind ཞེས་པ་དང་། བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་ Ritu Sarin རེ་ཐུ་སཱ་རན་གཉིས་ཀྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་༼སྤྲིན་པའི་རྒྱབ་ཀྱི་ཉི་མ།༽ The Sun Behind the Cloud ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོ་སྐྲུན་བྱས་པའི་༼དབྱངས་ལ་ཐིམ་པའི་བོད་༽Tibet in Song བཅས་ཡིན་འདུག

འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་སྐབས་སུ། གཞན་ཡང་རྒྱལ་སྤྱིའི་ནང་མི་རིགས་དབྱེ་འབྱེད་དང་། སྨྲ་བརྗོད་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཕྱོགས་ལྷུང་ཅན་གྱི་དཔལ་འབྱོར་གྱི་སྲིད་བྱུས་བཅས་ཀྱི་སྐོར་གཏམ་བཤད་དང་མཁས་པའི་བགྲོ་གླེང་སོགས་གནང་རྒྱུ་ཡིན་འདུག

དམིགས་བསལ་ཕྱི་ཚེས་ ༧ ཉིན་གློག་བརྙན་དུས་སྟོན་ཐོག་མཉམ་ཞུགས་གནང་མཁན་ཚོས་གློག་བརྙན་དང་འབྲེལ་བའི་བོད་ནང་གི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྟངས། རང་ལུས་མེར་སྲེག བོད་མིའི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

སྐབས་དེར་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཆུང་བདག་ཀོ་རེན་ལགས་ལྷན་ཞུགས་ཀྱིས་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནད་དོན་ཐོག་ལ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་དང་། གློག་བརྙན་དུས་སྟོན་དེ་གོ་སྒྲིག་གནང་མཁན་ནོར་ཝེའི་རྒྱལ་ས་ Oslo ཨོ་སཱ་ལོར་བརྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།