༧གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༦ཉིན། ཟླ་༣པའི་༢༦ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་གྱིས། ཁུལ་དེའི་ནང་དུ་གསར་བཞེངས་གནང་བའི་སྟོན་པའི་སྐུ་བརྙན་ཞིག་ལ་རབ་གནས་དང་ནང་པའི་སྤྱི་གླིང་ཞེས་པ་ཞིག་དབུ་འབྱེད་གནང་རྒྱུ་ཡིན་འདུག

འདི་ལོའི་ཕྱི་ཟླ་༢པའི་ཚེས་༢༥ ཉིན་གྱི་སྔ་དྲོར།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིས་མེད་སེར་སྐྱ་མི་མང་ལ་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག འོན་ཀྱང་། ལོ་ལྟར་ཚོགས་བཞིན་པའི་སྨོན་ལམ་རྗེས་འབྲེལ་གྱི་དཔྱིད་ཆོས་ད་ལོར་ཚོགས་རྒྱུ་མིན་པ་གཏན་འཁེལ་གནང་འདུག

གཞན་ཡང་། རྒྱ་གར་དྲ་བརྙན་གསར་འགྱུར་དུ་སྒང་ཐོག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། འདི་ལོའི་ཕྱི་ཟླ་༣པའི་ཚེས་༢༦ཉིན། ༧མགོན་པོ་གང་ཉིད་ཀྱིས་འབྲས་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་གྲོང་རྡལ་རཱ་ཝང་ལཱ་(Ravangla)ཞེས་པ་རུ། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་པ་ཚོས་གསར་བཞེངས་བྱས་པའི་མཐོ་ཚད་ཕི་ཊི་༡༣༥ཡོད་པའི་སྟོན་པའི་སྐུ་བརྙན་ཞིག་ལ་རབ་གནས་མཛད་རྒྱུ་དང་། དེ་ནས་ནང་པའི་སྤྱི་གླིང་ཞེས་པའི་གླིང་ག་ཞིག་དབུ་འབྱེད་བཅས་གནང་རྒྱུ་ཡིན་ལ།  སྐབས་དེར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་སྟོན་པའི་རིང་བསྲེལ་ཡང་ཁུལ་དེར་གདན་འདྲེན་ཞུ་རྒྱུ་ཡིན་ལུགས་གཞུང་ཕྱོགས་ནས་འགྲེལ་བརྗོད་གནང་འདུག 

རཱ་ཝང་ལཱ་ཞེས་པའི་གྲོང་རྡལ་དེ་ནི་འབྲས་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཡོད་ལ། ས་དེར་བོད་མིའི་གཞིས་ཆགས་ཤིག་དང་བཀའ་བརྒྱུད་ཀྱི་ནང་ཆོས་སློབ་གཉེར་ཁང་ཞིག་ཀྱང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།