བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མང་གཙོ་ཉིན་མོ་སྲུང་གཙི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༦ཉིན། དེ་རིང་ཞོགས་པར་ཆུ་ཚོད་༩པའི་ཐོག་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་བཀའ་ཤག་གི་མདུན་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། དྲུང་ཆེ་རྣམ་པ་འདུ་འཛོམས་ཀྱིས་རྒྱ་གར་གྱི་མང་གཙོ་ཉིན་མོ་སྲུང་བརྩི་གནང་ཡོད་པ་རེད།

རྒྱ་གར་གྱི་མང་གཙོ་དབུ་བརྙེས་ནས་མི་ལོ་༦༤འཁོར་བའི་དུས་དྲན་སྲུང་བརྩི་འདིའི་ཐོག བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུ་བའི་ལས་བྱེད་བཅས་ནས་རྒྱ་གར་གྱི་རྒྱལ་གླུ་བླངས་བ་དང་ཆབས་ཅིག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས།

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ང་ཚོས་ནམ་རྒྱུན་སྲུང་བརྩི་ཞུ་བཞིན་པ་ལྟར་དེ་རིང་རྒྱ་གར་གྱི་མང་གཙོ་དབུ་བརྙེས་ནས་མི་ལོ་༦༤འཁོར་བའི་དུས་དྲན་ཆགས་ཀྱི་ཡོད་པ་རེད། སྤྱིར་ང་ཚོ་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀར་བོད་མི་ཚོར་བཀའ་དྲིན་ཆེ་ཤོས་དེ་ཆགས་ཡོད་པ་རེད།

བཙན་བྱོལ་ནང་བོད་མི་མང་ཤོས་རྒྱ་གར་ནང་ཡོད་པ་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱང་རྒྱ་གར་ནང་གནས་ཡོད་སྟབས། ཕྱོགས་གང་ཅིའི་ཐད་ད་ལྟ་བར་རྒྱ་གར་གཞུང་མང་གཉིས་ཀྱིས་ང་ཚོར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་བརྟེན་ནས་ང་ཚོ་ད་ལྟ་བར་མི་ལོ་༥༠ལྷག་གནས་ཐུབ་པ་བྱུང་ཡོད། དེར་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་དང་ང་རང་སྒེར་ངོས་ནས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་ད་ལྟ་སྲིད་སྐྱོང་གི་འགན་འཁུར་ཡོད་པའི་ཚོར་བ་ཐོག་ནས་མིན་པར། ཉམས་མྱོང་གི་ཐོག་ནས་ཞུས་ནའང་རྒྱ་གར་གཞུང་གི་འགོ་ཁྲིད་ལས་བྱེད་རྣམ་པས་བོད་མི་རྣམས་ལ་བརྩེ་བ་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཁོང་རྣམ་པར་སླར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།