སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་མཇུག་ལེགས་པར་སྒྲིལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༥ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་དཔལ་ན་ལན་ཌ་གཉིས་པར་གྲགས་པའི་འབྲས་སྤུངས་བློ་གསལ་མཁས་མང་བྱེ་བའི་གླིང་དུ། ནང་པའི་ཚད་མ་རིག་པ་བ་དང་ནུབ་ཕྱོགས་པའི་ཚན་རིག་པ་དབར་༼སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་༽ཐེངས་ ༢༦ དེ་ཟླ་འདིའི་ཚེས་ ༡༧ ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༢ ཡོངས་སུ་འཇུག་སྒྲིལ་ཡོད་པ་དང་། དེ་རིང་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་མགོན་པོ་གང་ཉིད་ཕྱིར་བཞུགས་སྒར་དྷ་ར་མས་ལར་ཞབས་སོ་བདེ་བར་འཁོད་ཡོད་པ་རེད།

དུས་ཡུན་ཉིན་༦རིང་གི་བགྲོ་གླེང་དེའི་ཐོག བོད་པའི་དགེ་འདུན་པ་གཙོ་བོར་གྱུར་པའི་ཁྱོན་མི་གྲངས་༨༠༠༠ ཙམ་ཟུར་ཉན་མཉམ ཞུགས་བྱས་ཡོད་པ་དང་། སྐབས་དེའི་བགྲོ་གླེང་ www.dalailama.com ཏཱ་ལའི་བླ་མའི་དྲ་བ་ཐོག་གཟུགས་མཐོང་བརྙན་འཕྲིན་ཐད་གཏོང་བྱས་པས། འཛམ་གླིང་ས་ཕྱོགས་གང་ས་ནས་ཐད་གཏོང་བརྙན་འཕྲིན་བལྟ་ཉན་བྱེད་མཁན་ཁྱོན་མི་གྲངས་ ༢༤༠་༠༠༠ ཙན་བྱུང་ཡོད་པ་རེད།

བགྲོ་གླེང་གི་ཉིན་མཐའ་མར་༧གོང་ས་མཆོག་གིས། ངོས་ཀྱིས་ནང་པའི་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་གཉིས་བཟུང་ཡོད། དང་པོ། ནང་ཆོས་དང་ཚན་རིག་གཉིས་ཀའི་ཤེས་ཚད་གོང་དུ་སྤེལ་རྒྱུ་དང་། དེ་བཞིན་ཕྱོགས་གཉིས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་དོན་ཐོགས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན།

གཉིས་པ། རྫས་ཀྱི་རྣམ་གཞག་དེ་དག་ལ་སློབ་སྦྱོང་བྱས་ནས་གཏན་ལ་ཕབ་སྟེ་ཤེས་པ་དཔེར་ན། སྨན་ལ་ཆ་བཞག་ན། བརྟག་དཔྱད་རིམ་པ་བྱས་མཐར་ལུས་པོར་ཕན་ཐོགས་ཡོད་པ་དེ་དག་ཚུར་བླངས་ཏེ་གོང་དུ་སྤེལ་དགོས་པ་དང་། གནོད་པའི་རིགས་ཉུང་དུ་བཏང་ནས་སྔོན་འགོག་གི་ཐབས་ཤེས་བྱ་རྒྱུ་དེ་རྫས་ཀྱི་ནུས་པར་ཤེས་པའི་སྒོ་ནས་རིམ་པ་གཉིས་པ་དེ་བླང་དོར་ཐོག་སླེབ་ཀྱི་ཡོད། དེ་བཞིན་ནང་སེམས་ཀྱི་རྟོག་པའི་རྣམ་གཞག་དེ་དག་ཀྱང་ཞིབ་ཚགས་ཐོག་ནས་འགྲོ་སྟངས་ཤེས་པའི་མཚམས་ལ་སླེབས་སྐབས། སྐྱེ་བ་ཕྱི་མ་དང་ཐར་པ། ཐམས་ཅད་མཁྱེན་པའི་སྐད་ཆ་ཤོད་ཀྱི་མེད། མི་ཚེ་འདི་གར་འཛམ་གླིང་འདི་བདེ་བ་དང་། མི་སྒེར་སོ་སོ་ཡང་སེེམས་སྐྱིད་པ། བག་ཕེབས་པ་ཞིག་སེམས་ཀྱི་འགྲོ་སྟངས་དེ་དག་ཡག་པོ་ཤེས་པའི་ཐོག་ནས་སེམས་མ་སྐྱིད་པ་བཟོ་མཁན་རྣམ་རྟོག་ག་རེས་བྱེད་ཀྱི་འདུག

དེར་གཉེན་པོ་གང་འདྲ་བསྟེན་དགོས་ཀྱི་འདུག དེ་དག་ཤེས་པའི་ཐོག་ནས་མིར་ཕན་ཐོགས་བྱ་རྒྱུ་ཞིག་དགོས། སྔོན་ལ་ཚན་རིག་པ་རང་ཉིད་ཀྱང་སེམས་ཞི་ཞིང་དུལ་བ་ཞིག་བྱེད་དགོས། ངོས་ཀྱི་གྲོགས་པོ་ཁག་གཅིག་ཀླད་པའི་ཚན་རིག་སྐོར་ལ་ཧ་ཅང་མཁས་པ་རེད། འོན་ཀྱང་ཁོང་རང་སེམས་འཁྲལ་རྫོགས་རྒྱུ་མེད་པ་བྱེད་མཁན་ཞིག་འདུག དེར་བརྟེན་ཚན་རིག་པ་རང་ཉིད་ཀྱིས་བདེ་སྡུག་མྱོང་བའི་འགྲོ་སྟངས་རྒྱ་ཆེན་པོ་ཤེས་ཡོང་སྐབས། སྔོན་ལ་ཚན་རིག་པ་རང་ཉིད་ཀྱི་རྒྱུད་ལ་ཞི་བདེ་མང་ཙམ་བསླེབ་ཐབས་བྱེད་དགོས། ང་ཚོའི་ཚན་རིག་སློབ་དཔོན་ཚོར་སེམས་ལ་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།

ངོས་རང་ལ་ཆགས་བཞག་ན་ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ངོས་རང་ཚན་རིག་དང་དེང་དུས་ཀྱི་སློབ་སྦྱོང་གང་ཡང་མེད། འོན་ཀྱང་ཚན་རིག་པ་དང་ལྷན་རྐུབ་གྲལ་བསྒྲིགས་ཏེ་སྐད་ཆ་བཤད་ནས་གོ་བསྡུར་བྱ་རྒྱུའི་སྤོབས་སེམས་ཕྲན་བུ་ཡོང་གི་ཡོད་པ་དེ་ཚད་མ་དང་དབུ་མའི་གཞུང་གི་བསམ་བློ་གཏོང་སྟངས་ཐོག་ནས་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེར་བརྟེན་ཁྱེད་རང་ཚོ་དགེ་འདུན་པ་ཚོས་ཀྱང་དེ་དེ་བཞིན་དགོངས་པར་འཇགས་དགོས་ཞེས་བཀའ་བསྩལ་ཡོད་པ་རེད།

ཉིན་དྲུག་གི་བགྲོ་གླེང་ལྷན་ཚོགས་ཡོངས་སུ་མཇུལ་སྒྲིལ་གྲུབ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་ལྷན་མོན་གྷོ་ནས་ཆིབས་ཞལ་བསྒྱུར་ཏེ་གྷོ་ཝ་དང་དེ་ནས་མུམ་བྷེལ་བརྒྱུད་ར་ཇི་སི་ཐན་གྱི་མངའ་སྡེ་ཇཱ་པུའི་གྲོང་ཁྱེར་ནང་ཕྱི་ཚེས་ ༢༤ ཉིན་རྩོམ་སྒྲིག་དུས་སྟོན་ཞིག་ནང་ལྷན་ཞུགས་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་༢༥ཉིན་གྱི་ཞོགས་པ་ཆུ་ཚོད་༡༠པའི་ཐོག་མགོན་པོ་གང་ཉིད་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཞབས་སོ་བདེ་བར་འཁོད་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།