བཙན་བྱོལ་བོད་མིའི་གཅིག་བསྡུས་ཡར་རྒྱས་ཀྱི་འཆར་གཞི་བཞི་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

བཙན་བྱོལ་བོད་མིའི་གཅིག་བསྡུས་ཡར་རྒྱས་ཀྱི་འཆར་གཞི་བཞི་པ་དབུས་ཀྱི་ལས་བྱེད་ཡོངས་ལ་གསལ་བསྒྲགས་གནང་བ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༧ཚེས་༢༦ཉིན་སྤེལ། ༄༅།།བོད་གཞུང་འཆར་འགོད་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ་ཕྱི་ལོ་༢༠༠༩ཕྱི་ཟླ༧ཚེས་༢༡ཕྱེད་ཡོལ་ཆུ་ཚོད་༢།༣༠ཐོག་གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཀའ་བློན་རྣམ་པ་དང་ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ་བཅས་ཞབས་སྟེགས་སུ་འཁོད་རྗེས་སྤྱི་ཁྱབ་འཆར་འགོད་ལས་ཁུངས་ཀྱི་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་ནས་གོང་གི་ལས་རིམ་ཐོག་ངོ་སྤྲོད་གནང་བའི་ནང། སྤྱིར་འཛམ་གླིང་ནང་རྒྱལ་ཁབ་ཚང་མས་སོ་སོའི་མི་འབོར་དང༌། དཔལ་འབྱོར། སྤྱི་ཚོགས་འཕེལ་ཕྱོགས་ལ་གཞིགས་པའི་དུས་བཅད་ཀྱི་འཆར་འགོད་བྱེད་ཀྱི་ཡོད་པ་ལྟར།བཙན་བྱོལ་བོད་གཞུང་ནས་ཀྱང་ཕྱི་ལོ༢༠༠༩ནས་༢༠༡༡བར་ལོ་ལྔ་ཚན་དུས་རིམ་གྱི་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར་རིག་གཞུང་འཛིན་སྐྱོང་འཛུགས་བསྐྲུན་བཅས་ཡར་རྒྱས་ཀྱི་འཆར་གཞི་གཞི་ཡིན་པ་དང༌།ལས་གཞི་དེར་རྣམ་གྲངས་ཁག་༡༤༤ཡོད་པ་དང་མ་གནས་འགྲོ་གྲོན་ཧིན་སྒོར་ས་ཡ་༥༨༩ཨ་སྒོར་ས་ཡ་༡༣།༧ཙམ་ཡིན། ད་རེས་འཆར་གཞི་བཞི་པ་འདི་འཆར་གཞི་གསུམ་པ་དང་མི་འདྲ་བར་དམིགས་བསལ་ནི་བཀོད་སྒྲིག་ལམ་སྟོན་འཕར་མ་ཞིག་གི་འོག་ལག་བསྟར་ཚགས་ཚུད་ཡོང་སླད་ལས་གཞི་ཁག་གསུམ་དུ་དབྱེ་ཡོད།དེ་དག་ནི། ༡༽དབུས་ཀྱི་ལས་གཞི་ནི་ཆབ་སྲིད་དང་རིག་གཞུང་འབྲེལ་བའི་དབུས་ལས་ཁུངས་ཁག་ནས་ལས་གཞི་ལག་བསྟར་གནང་ཕྱོགས་དང༌།༢༽ལས་ཁུངས་ཀྱི་ལས་གཞི་ནི་མང་གཙོའི་ཀ་བ་གསུམ་དང༌། རང་དབང་ཅན་གྱི་སྡེ་ཚན།བློན་ཆེན་ལས་ཁུངས་བདུན་བཅས་ཀྱི་འགན་དབང་གཞིར་བཟུང་ཡན་ལག་ཁག་ནས་ལག་བསྟར་བྱེད་ཕྱོགས་དང༌། ༣༽ས་གནས་ཀྱི་ལས་འཆར་ནི་ས་གནས་བྱེ་བྲག་རྨང་གཞིའི་འཛུགས་སྐྲུན་དང༌།སྨན་ཁང༌།སློབ་གྲྭ་ཁག་གི་འཐུང་ཆུ་དང༌།འགྲོ་ལམ།སྡོད་ཁང༌། གློག་སོགས་མཐུན་རྐྱེན་དགོས་མཁོའི་ལས་འཆར་ཁག་ཡིན་འདུགགཙོ་གནད་ལས་གཞི་འདིའི་དམིགས་དོན་ཁག་གསུམ་ནི།དང་པོ།གཞི་ཆགས་ཁག་འཚོ་གནས་ཐུབ་པ་བྱ་རྒྱུ་དང༌།གཉིས་པ།སྒྲིག་འཛུགས་སྲ་བརྟན་བཟོ་རྒྱུ།གསུམ་པ།ཁ་ཐོར་བོད་མི་རྣམས་ཟླ་སྒྲིལ་ཐུབ་པ་བྱེད་རྒྱུ་བཅས་ཡིན་འདུག་ལ་སྒྲུབ་དོན་དུ་བཙན་བྱོལ་བོད་གཞུང་གི་རོགས་དངུལ་སྦྱར་བའི་ལས་གཞི་དག་ ༡༽འཚེ་བ་མེད་པ་དང༌། ༢༽ཁོར་ཡུག་ལ་མི་གནོད་པ། ༣༽དབུལ་ཕོངས་ལ་རོགས་སྐྱོར། ༤༽ལས་གཞི་རྒྱུན་གནས་ཐུབ་པ་བཅས་ཕུགས་རྒྱང་རིང་པོའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཕན་བདེའི་ཆེད་དུ་མཐུན་འགྱུར་ཐུབ་པ་བྱེད་རྒྱུ་སོགས་ཀྱི་སྐོར་ལ་ངོ་སྤྲོད་རིམ་པར་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ། ༢༠༠༩ ཕྱི་ཟླ་ ༧ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན་ཞེས། བོད་གཞུང་དྲ་གནས་སུ་སྤེལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།