སྲིད་སྐྱོང་གིས་བྷི་ཧར་གྱི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༧ཉིན། ཟླ་འདིའི་ཕྱི་ཚེས་༥ཉིན་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་རྒྱལ་ས་པཱ་ཊི་ན་རུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སྐབས། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shri Nitish Kumar ཤྲི་ནེ་ཊི་ཤི་ཀུ་མར་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།

མཇལ་འཕྲད་སྐབས་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་ཀྱང་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ། བྷི་ཧར་མངའ་སྡེ་ནི་ནང་པའི་གནས་སྐོར་བའི་ལྟེ་གནས་ཤིག་ཏུ་བསྐྲུན་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དུས་ཡུན་དེར་སྲིད་སྐྱོང་མཆོག་གིས་གཞན་ཡང་། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ Shri. Sushil Kumar Modi ཤྲི་སུ་ཤལ་ཀུ་མར་བོ་ཌི་མཆོག་དང་།  Dr. (Prof.) Sukhda Pandey མཁས་དབང་སུ་ཀཱ དྷ་ཕན་ཌི། སྒྱུར་རྩལ་དང་རིག་གཞུང་གཞོན་ནུའི་ལས་དོན་གྱི་བློན་ཆེན་སྐུ་ཞབས་ Shri. Shyam Rajak ཤྲི་ཤི་ཡམ་རཱ་ཇཱ། བཟའ་བཅའ་མཁོ་འདོན་དང་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་ Shri. Sunil Kumar 'Pintu' ཤྲི་སུ་ནལ་ཀུ་མར་ཕིན་ཐུ་སོགས་དང་མཇལ་འཕྲད་གནང་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་འབར་མ་དང་། ཐའེ་ལན་ཌི། ཤྲི་ལངྐ་སོགས་ནས་ཕེབས་པའི་ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དེ་དག་དང་མཇལ་འཕྲད་ཀྱིས། བོད་མི་རྣམས་ཀྱི་ཚབ་ཞུས་ནས་དབུ་ཁྲིད་རྣམ་པར་འཚམས་འདྲི་སོགས་ཞུས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།