ལྷག་བསམ་བཟང་པོས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་ ༡ཚེས་༡༥ཉིན། ལྷོ་ཕྱོགས་བརྒྱུད་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མཁན་གྱི་སྤྱི་འཐུས་ཚོ་ ཚེས་༡༣ ཉིན་སྔ་དྲོ་རྒྱལ་ཁག་ཁག་དུ་མའི་ནང་གཞུང་ཚབ་གནང་མྱོང་བ། ད་ལྟ་རྒྱ་གར་དབུས་གཞུང་གི་བདེ་འཇག་སློབ་སྟོན་པ་ཀྲེ་པེ་ཤི་རིས་ན་བ་སན་(T P Srinavasan) མཆོག་དང་མཇལ་བ་དང་། ཁོང་གི་གོང་ས་མཆོག་གིས་བྱིན་རླབས་ཀྱི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་རྒྱ་གར་དེའི་ནང་གི་གཅིག་ཡིན་པ། བོད་དོན་འདི་རྒྱ་གར་ལ་མཚོན་ན་མང་པོ་ཞིག་དང་འབྲེལ་ནས་ཡོད་པས་ནམ་ཡང་བློས་བཏང་མི་སྲིད་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་བཀའ་སློབ་མང་པོ་གསུངས།

 

དེའི་རྗེས་ཀེ་ར་ལ་གྲོས་ཚོགས་ཚོགས་གཙོ་རྗེའི་ཀར་ཐི་ཀི་ཡན་(G Karthikayan)མཆོག་དང་མཇལ་བ་ན། ཚོགས་གཙོ་མཆོག་གིས་ཆེ་མཐོང་མཚོན་ཆེད་དུ་སྒོར་བསུ་བར་འཕེབས་སྟེ་གནས་ལེན་རྒྱས་བར་གནང་བར་མ་ཟད་གསར་འགོད་པ་༢༨ ཆེད་འགུག་གནང་འདུག་པས་གསར་འགོད་པ་རྣམས་ཀྱིས་ཚོགས་གཙོ་མཆོག་ལ་བོད་དོན་ངོ་སྤྲོད་ཞུ་སྐབས་དང་། ཚོགས་གཙོ་མཆོག་གི་སྤྱི་འཐུས་རྣམས་ལ་ཕྱག་རྟགས་གནང་བ་དང་། ལྷག་པར་དུ་ཀེ་ར་ལའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་ཁོང་ཉིད་ཀྱིས་ཕྱག་བྲིས་༼བྱམས་བརྩེ་དང་ལྷག་བསམ་བཟང་པོས་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་༽བཅས་མཚན་རྟགས་དང་བཅས་གནང་བ་སོགས་པར་དང་བསྙན་ཕབ་པ་དང་དྲི་བ་འདོན་པ་སོགས་ཐུགས་སྣིང་ཆེན་པོ་གནང་སོང་ལ། སྒོར་ཡོང་ནས་ཙོགས་གཙོ་མཆོག་ནས་གསར་འགོད་པ་ཚོ་ལ་བོད་ཀྱི་སྤྱི་འཐུས་རྣམས་ཀེ་ར་ལའི་མངའ་སྡེ་འདིར་འཕེབས་དོན་ནི་བོད་ནང་གི་ཛ་དྲག་གི་གནས་སྟང་གི་ཆེད་ཡིན་པ་སོགས་ངོ་སྤྲོད་གནང་སོང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་མ་ཟད། བོད་དོན་ཐོག་རྒྱུས་མངའ་དང་ཐུགས་སྣིང་ཆེན་པོ་མཁན་ཞིག་ཀྱང་རེད་འདུག

གནས་ཚུལ་མཁོ་གཏོང་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུག་ལྷོ་བརྒྱུད་སྣེ་འཁྲིད་ཚོགས་ཆུང་།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།