ཚོགས་སྐྱིད་ཁག་༡༡གིས་མཆོད་འབུལ་སྨོན་ལམ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༡ཉིན། བཞུགས་སྒར་དྷ་སར་བརྟེན་གཞི་བྱས་ཡོད་པའི་བོད་མིའི་ཚོགས་སྐྱིད་ཁག་༡༡གིས་གོ་སྒྲིག་འོག དེ་རིང་སྔ་དྲོ་ཆུ་ཚོད་༡༠པ་ནས་༡༢བར་བཞུགས་སྒར་དྷ་ར་མ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐྱབས་མགོན་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་བཙུན་སྔགས་གསུམ་དང་དྷ་ས་གནས་སྡོད་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༥༠༠ཙམ་གྱིས་གསོལ་འདེབས་སྨོན་ལམ་དང་། དེ་བཞིན་མར་མེ་སྟོང་མཆོད། འབུམ་ཚོགས་བཅས་ཕུལ་ནས་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་གནང་སོང་།

 

མཆོད་འབུལ་སྨོན་ལམ་དེ་ནི་བོད་མི་རིགས་དང་རྒྱལ་ཁབ་རང་སྲོག་ཤོར་མཁན་དཔའ་བོ་དཔའ་མོ་སྤྱི་བྱེ་བྲག་ཉེ་བའི་ཆར་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་པ་ཚེ་རྒྱལ་ལགས་དང་། མགོན་པོ་ཚེ་རིང་། མཁར་འབུལ་ཚེ་རིང་། ཏིང་འཛིན་སྒྲོལ་མ། ལྕགས་མོ་སྐྱིད། བསང་བདག་ཚེ་རིང་། དབང་ཆེན་ནོར་བུ། ཚེ་རིང་དོན་གྲུབ། ཀླུ་འབུལ་ཚེ་རིང་། རྟ་མགྲིན་སྐྱབས། རྟ་མགྲིན་རྡོ་རྗེ། བཙུན་མ་སངས་རྒྱས་སྒྲོལ་མ། དཀོན་མཆོག་ཚེ་རིང་། མགོན་པོ་ཚེ་རིང་། སྐལ་བཟང་སྐྱབས། སངས་རྒྱས་བཀྲ་ཤིས། བན་དེ་མཁར། ཚེ་རིང་རྣམ་རྒྱལ། དཀོན་མཆོག་སྐྱབས། གྲྭ་བློ་བཟང་དགེ་འདུན། གྲྭ་དཀོན་མཆོག་འཕེལ་རྒྱས། པདྨ་རྡོ་རྗེ། པན་ཆེན་སྐྱིད་བཅས་ཀྱི་ཆེད་ཡིན་ལུགས། ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡོན་ཏན་རྒྱལ་མཚོ་ལགས་ནས་འགྲེལ་བརྗོད་གནང་བྱུང་།

ཚོགས་སྐྱིད་ཁག་༡༡ནི། དབུ་གཙང་ཆོལ་ཁ། མདོ་སྟོད་ཆོལ་ཁ། མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། མངའ་རིས་སྤྱི་མཐུན་ཚོགས་པ། ཆོལ་གསུམ་གཅིག་སྒྲིལ་ཚོགས་པ། བོད་རྒྱལ་ཡོངས་བཙོན་གྲོལ་ཚོགས་པ། ཆོལ་གསུམ་དང་བླངས་མི་མང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་། དྷ་ས་ཟ་ཁང་སྐྱིད་སྡུག དྷ་ས་ཚོང་ཁང་སྐྱིད་སྡུག་བཅས་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།