བོད་རིགས་བྱིས་པ་༣༠ལྷག་གིས་བོད་དོན་འབོད་སྐུལ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༧ཉིན། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་བྱིས་པ་༣༠ལྷག་གིས་རྒྱ་གཞུང་གི་བཙན་གནོན་དམ་དྲག་འོག་དྭ་ཕྲུག་ཏུ་གྱུར་བའི་བྱིས་པ་ཚོའི་ཚབ་བྱས་ཏེ། ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱིས་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་དཔོན་རིགས་ཚོར་བོད་དོན་འབོད་སྐུལ་གྱི་བརྙན་འཁོར་སྐར་མ་༤དང་ཕྱེད་ཅན་ཞིག་ འགྲེམས་སྤེལ་བྱེད་བཞིན་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་དུ་ཡོད་པའི་ལོ་ན་༧ནས་༡༧བར་ཙམ་གྱི་བོད་རིགས་བྱིས་པ་༣༠ལྷག་གིས། རྒྱ་གཞུང་གི་བཙན་གནོན་གདུག་རྩུབ་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་དང་དམར་གསོད་བཏང་བ། དེ་བཞིན་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་ཕ་མ་ཚོའི་ཤུལ་དུ་ལུས་པའི་དྭ་ཕྲུག་རྣམས་ཀྱི་ཚབ་ཞུས་ཏེ། ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱི་གཙོས་པའི་དཔོན་རིགས་རྣམས་དང་། ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་དཔོན་རིགས་ཚོར། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་བརྙན་འཁོར་སྐར་མ་༤དང་ཕྱེད་ཀ་ཅན་ཞིག་གསར་བཟོ་འགྲེམས་སྤེལ་བྱེད་བཞིན་ཡོད་འདུག


དེ་ཡང་བརྙན་འཁོར་བཟོ་སྐྲུན་གྱི་འགན་གཙོ་བོ་འཁུར་མཁན་འབྲི་རུ་བློ་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན།  བརྙན་འཁོར་ཐུང་ངུ་དེ་བོད་སྐད་དང་དབྱིན་སྐད། རྒྱ་སྐད། རྒྱ་གར་སྐད་སོགས་སྐད་རིགས་མི་འདྲ་བ་བཅུ་གྲངས་ཤིག་གི་ནང་བསྒྱུར་ཡོད་ལ།  ད་ལྟའི་ཆར་ཡུའུ་ཊོབ་དང་སྐད་འཕྲིན་སོགས་བརྒྱུད་ནས་ཨ་རི་དང་རྒྱ་གར་སོགས་ཀྱི་ནང་དུ་བསྐུར་ཟིན་པ་དང་། ཡོ་རོབ་ཁུལ་དུ་སྐུར་བཞིན་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།