དགོངས་ཚུལ།

འབུམ་སྡེ་ལའི་བོད་མིའི་གནས་ཡུལ་དུ་ཆུ་ལོག་གི་གོད་ཆག་ཤུགས་ཆེ་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉས་ཟླ་༡༡ཚེས་༡༢ཉིན་སྤེལ། བོད་གཞུང་དྲ་གནས་སུ་གནས་ཚུལ་ཐོན་པར་གཞིགས་ན། འབུམ་སྡེ་ལ་བོད་མིའི་གནས་སྡོད་འབིར་པུར་དང་ཀྲན་ཀ་ས་གནས་སུ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ཆར་ཞོད་ཤུགས་ཆེ་བྱུང་སྟེ་ཆུ་ལོག་གིས་གོད་ཆག་བྱུང་བའི་རྐྱེན་གྱིས་བོད་མིའི་དུད་ཚང་བཅུའི་ཅ་དངོས་ཡོངས་རྫོགས་ཤུལ་མེད་དུ་གྱུར་བའི་གནས་ཚུལ་ལྷག་ཡོད་པ་རེད།

དེ་ཡང་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་ལགས་སུ་བཅར་དྲི་ཞུས་པའི་ལན་དུ། འབུམ་སྡེ་ལ་བོད་མིའི་གནས་སྡོད་འབིར་པུར་དང་ཀྲན་ཀ་ས་གནས་སུ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ཆར་ཞོད་ཤུགས་ཆེ་བྱུང་སྟེ་ཆུ་ལོག་གིས་གོད་ཆག་བྱུང་བའི་རྐྱེན་གྱིས་བོད་མིའི་དུད་ཚང་བཅུའི་ཅ་དངོས་ཡོངས་རྫོགས་ཤུལ་མེད་དུ་གྱུར་བའི་གནས་ཚུལ་ལྷག་འདུག

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ནང་སྲིད་ལས་ཁུངས་སུ་གནས་ཚུལ་དེ་གསན་ཐོས་བྱུང་ཡོད་འདུག འབུམ་ལའི་ལས་དྲུང་བཀྲིས་ནོར་བུ་ལགས་སྐབས་དེར་ཆུ་ལོག་བྱུང་བའི་ས་གནས་སུ་བསྐྱོད་ཐབས་བྱས་ཡོད་ཀྱང་ལམ་ཚང་མ་བརྡལ་ཞིག་ཏུ་གྱུར་བའི་དབང་གིས་དུས་ཐོག་ཏུ་ཕེབས་ཐུབ་མི་འདུག འོན་ཀྱང་འདི་ག་ནང་སྲིད་ལས་ཁུངས་ནས་བཀོད་མངགས་བྱས་ཏེ་ལས་དྲུང་ས་གནས་སུ་དངོས་སུ་བསྐྱོད་དགོས་པ་མ་ཟད། ས་གནས་དཔོན་རིགས་ཁག་དང་མཇལ་འཕྲད་གནང་དགོས་པ་དང༌། དེ་བཞིན་ས་གནས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་རྟོག་ཞིབ་བྱས་ཏེ་འབྱུང་བའི་གནོད་འཚེ་སོགས་བྱུང་རིགས་ལ་ས་གནས་ས་ཐོག་ནས་ཡོངས་ཁྱབ་ཀྱི་ངོས་ལེན་བྱས་པའི་གསར་ཤོག་ཁག་དང༌། རྫོང་དཔོན་ལས་ཁུངས་སོགས་ནས་ངེས་པར་དུ་ཁུངས་བདེན་ཡིན་པའི་ཞུ་ཡིག འདྲ་པར་བཅས་ནང་སྲིད་ལས་ཁུངས་སུ་ཕུལ་དགོས། གལ་སྲིད་དེ་རིགས་མེད་ཚེ་དེང་གི་ཆར་གནས་ཚུལ་དེ་འདྲའི་རིགས་ཞུ་མཁན་ཇེ་མང་དུ་སོང་སྟེ་དཀའ་ངལ་མང་པོ་ཞིག་འཕྲད་མུས་ཡིན་པ་ཤེས་པའི་ཐོག་ནས་ཁུངས་ལྡན་གྱི་རྒྱབ་གཉེར་དང༌། བདེན་རྟགས་སོགས་ལ་གཞིགས་པའི་ཚང་མར་གུན་སྐྱོབ་སྣེ་སེལ་ཙམ་མ་གཏོགས་གུན་གསབ་ཕུལ་རྒྱུ་ནི་ཁག་པོ་རེད། ཅེས་དང༌། དེ་ཙམ་མ་ཟད་ས་གནས་འགོ་འཛིན་ས་གནས་སུ་དངོས་བསྐྱོད་དགོས་པའི་ལམ་སྟོན་བཅས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ལས་ནས་ས་གནས་ལས་དྲུང་ལ་འགྲེལ་བརྗོད་གནང་བ་དེ་དག་ས་གནས་ལས་དྲུང་ནས་འབུམ་ལ་བསྟན་སྒང་ས་གནས་འགོ་འཛིན་ལ་སྙན་སེང་ཞུས་ཡོད་འདུག

དེ་རྗེས་འབུམ་སྡེ་ལ་ལས་དྲུང་དང་ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ། འབུམ་ལ་སྨན་པ་བཅས་ཆུ་ཚོད་ཕྱེད་ཀ་ཙམ་གོད་ཆག་བྱུང་སའི་ས་གནས་སུ་གོམ་བགྲོད་བྱས་ཏེ་ཆེད་ཕེབས་གནང་བ་མ་ཟད། འདྲ་པར་རྒྱག་རྒྱུ་སོགས་གནས་ཚུལ་ཁག་བསྡུ་རུབ་བྱས་ཏེ་རིམ་པས་ནང་སྲིད་ལས་ཁུངས་སུ་འབུལ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།