བྷང་ལོར་དུ་བོད་ཀྱི་ཚན་རིག་དམིགས་བསལ་ཚོགས་འདུ་ཐེངས་དང་པོ་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༤ཉིན། ཕྱི་ཟླ་༡༢པའི་ཚེས་༢༦ཉིན་ནས་༣༠བར་བོད་ཀྱི་ཚན་རིག་ཚོགས་པའི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་བྷང་ལོར་དུ་བོད་ཀྱི་ཚན་རིག་དམིགས་བསལ་ཚོགས་འདུ་ཐེངས་དང་ པོ་སྐོང་ཚོགས་གནང་ཡོད་འདུག

བོད་ཀྱི་ཚན་རིག་ཚོགས་པའི་གོ་སྒྲིག་འོག ཕྱི་ཟླ་༡༢པའི་ཚེས་༢༦ནས་༣༠བར་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་དུ་ཚན་རིག་དམིགས་བསལ་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་ཚན་རིག་སློབ་ཆེན་ཁག་གི་བོད་རིགས་གཞོན་སྐྱེས་༦༠ལྷག་མཉམ་ཞུགས་གནང་ཡོད་འདུག

ཚོགས་འདུའི་སྐོར་ལ་མེ་སོར་སློབ་ཆེན་དུ་དངོས་ལུགས་རིག་པར་སློབ་སྦྱོང་གནང་བཞིན་པའི་བོད་ཀྱི་ཚན་རིག་ཚོགས་པའི་དྲུང་ཡིག་བསྟན་འཛིན་པ་སངས་ལགས་ཀྱིས། ང་ཚོས་གླེང་སྟེགས་འདི་བརྒྱུད་ནས་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་རང་རེའི་གཞོན་སྐྱེས་ཚོར་ཚན་རིག་པ་འདྲ་མིན་དང་མཉམ་དུ་བསམ་བློ་བརྗེ་རིས་བྱེད་པའི་གོ་སྐབས་ཤིག་བསྐྲུན་ཐུབ་པའི་རེ་བ་བཅངས་ཡོད་པ་དང་།  དེ་བཞིན་ཚོགས་ཞུགས་པ་ཚོའི་ངོས་ནས་ཚན་རིག་གི་བགྲོ་གླེང་འདི་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་མ་ཟད། དྲི་བ་ཡང་ཧ་ཅང་ཡག་པོ་བཏང་ཡོད་པའི་སྐོར་བརྗོད་འདུག

དེ་ཡང་བྷང་ལོར་དུ་ཚན་རིག་སློབ་སྦྱོང་གནང་མྱོང་བའི་ཚོགས་ཞུགས་པ་བསྟན་འཛིན་བསམ་འགྲུབ་ལགས་ཀྱིས་ཐེངས་འདིའི་ཚན་རིག་བགྲོ་གླེང་བརྒྱུད་དེ་ཇི་ལྟར་ཞིབ་འཇུག་བྱེད་དགོས་པ་སོགས་མ་འོངས་པའི་སློབ་སྦྱོང་གི་ཁ་ཕྱོགས་རྙེད་པ་དང་། འདི་ནི་རང་ཉིད་ལ་མིག་རྒྱ་སྐྱེད་པའི་གོ་སྐབས་ཐེངས་ཤིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ཚན་རིག་ཚོགས་པ་ནི་བོད་རིགས་གཞོན་སྐྱེས་ཚོས་སྔར་ལས་ཚན་རིག་ལ་སྤྲོ་སྣང་དང་རང་རེའི་སྤྱི་ཚོགས་ཐོག་དེང་རབས་ཀྱི་ཚན་རིག་ཤེས་བྱ་རྒྱ་ཆེན་པོའི་ངང་དར་སྤེལ་སོགས་ཡོང་ཆེད། རྒྱ་གར་གྱི་ཚན་རིག་སློབ་ཆེན་ཁག་ཏུ་འགྲེིམས་བཞིན་པ་དང་མཐར་ཕྱིན་ཟིན་པ་སོགས་བོད་རིགས་གཞོན་སྐྱེས་དང་བླངས་པ་ཁག་ཅིག་གིས་གསར་དུ་བཙུགས་པའི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་རྒྱུན་ལས་མི་ལྔ་ཙམ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།