༧རྒྱལ་བ་ཀརྨ་པ་མཆོག་ཇོ་ནང་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༣ཉིན། ༸དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་དེ། ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་ ༣༠ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་བཞིན་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༡༢ཟླ་ ༡༢ཚེས་ ༣༠ཉིན་ནས་དབུ་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་འཚོགས་ཡོད་པ་དང་། སྨོན་ལམ་ཆེན་མོར་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་བཅས་ཁྱོན་བླ་གྲྭ་༡༠༠༠ལྷག་ཞལ་འཛོམས་བྱུང་ཡོད་པ་དང་། ཉིན་བཞི་བའི་སྨོན་ལམ་གྱི་ཚོགས་མགོན་དུ་བཀའ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་༸དཔལ་རྒྱལ་བ་ ༸ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཡོད་འདུག

སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་དགོས་པའི་དམིགས་ཡུལ་སྐོར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གསལ་བསྒྲགས་སྤེལ་དོན། འཛམ་གླིང་ཡོངས་ལ་དུས་མིན་གྱི་ནད་རིམས་འཁྲུགས་རྩོད་ཉེ་བར་ཞི་བ་དང་། ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ས་ལམ་ལེགས་པར་བགྲོད་ནུས་པ་དང་། ཡངས་པའི་འཇིག་རྟེན་འདིར་འཕྲལ་ཕུགས་གཏན་བདེའི་ལམ་བཟང་ཉེ་བར་སྟོན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་དང་། ཇོ་ནང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸ཀུན་དགའ་ངག་དབང་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་རྒྱས་པ་དང་། ལྷག་པར་དུ་ཇོ་ནང་བསྟན་པའི་མངའ་བདག་༸སྐྱབས་མགོན་༸ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྤྲུལ་ཉི་གཞོན་མགྱོགས་མྱུར་ཤར་བའི་ཆེད་དུ་ཡིན་ཚུལ་སོགས་བཀོད་འདུག

དཔལ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཞེས་པ་འདི་ནི། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཕྱི་ལོ་༢༠༠༠ལོར་ཐོག་མར་གསར་འཛུགས་མཛད་པ་ཞིག་ཡིན་ལ། ད་བར་དུ་ཐེངས་བཅུ་གཅིག་ཚོགས་ཡོད་འདུག

སྨོན་ལམ་འཚོགས་ཡུན་ནི་ཉིན་བདུན་ཡིན་པ་དང་། སྨོན་ལམ་སྐབས་ཇོ་ནང་བའི་ཆོས་བརྒྱུད་འཛིན་མཁན་གྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་རིས་མེད་དགེ་འདུན་པ་ཆིག་སྟོང་ཡས་མས་ནས། ལྔ་སྟོང་གི་བར་ལ་བསྙེན་བཀུར་གནང་བཞིན་ཡོད་པ་དང་། སྐབས་དེའི་ཞལ་འདོན་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་བོ། དཔལ་ཇོ་ནང་བའི་ལུགས་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོ། བླ་མ་མཆོད་པ། སྒྲོལ་མའི་མཎྜལ་ཆོ་ག་ཚོགས་གཉིས་སྙིང་བོ་སོགས་དང༌། དངོས་གཞིར། འཇམ་དཔལ་མཚན་བརྗོད་དང་། བཟང་སྤྱོད་སྨོན་ལམ། མཇུག་ཏུ་རིས་མེད་བསྟན་རྒྱས་སྨོན་ལམ་དང་། ཐུན་མོང་མ་ཡིན་པའི་དཔལ་ཇོ་ནང་བའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་དང་དུས་འཁོར་སྨོན་ལམ།  ༧གོང་ས་ལྷ་མིའི་རྣམ་འདྲེན་ ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་བྱིན་རླབས་ཅན་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་བཞིན་ཡོད་འདུག

ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཇོ་ནང་གྱི་སྨོན་ལམ་དང་བསྟན་པ་རྒྱས་འགྱུར་ཅིག། ཁལ་ཁ་རྗེ་བཙུན་བོད་དུ་བོད་རིགས་ཞིག་མ་གཏོགས་ཆབ་སྲིད་ཀྱི་དགོས་མཁོ་བསྟུན་ཤེས་བྱེད་ནས་སོག་ཡུལ་སོགས་མ་ཕེབས་རོགས། ཇོ་ནང་ཆོས་བརྒྱད་འཛིན་སྐྱོང་དང་ཐོབ་ཐང་ལས་གྲོལ་ཐུབ་པའི་རེ་སྨོན་ཞུ། རིས་མེད་ཟེར་བའི་དོན་ལ་ཨུ་བདེན། གཡོ་སྒྱུར་མིན་ན་མངོན་སུམ་ལག་ལེན་བསྟོས་དང་། རྒྱ་ནག་ཆོས་དུག་དུ་བརྩིར་མཁན་ངོས་འཛིན་གསར་སྲོལ་བཙུགས་བཙན་བྱོལ་ཁ་ཤས་གནས་སྐབས་དགོས་མཁོ་སྟབས་བསྟུན་གྱི་རྒྱབ་བསྐྱོར་གནང་འོས་དང་བཀའ་བརྒྱུད་བསྟན་པའི་གསལ་བྱེད་བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་དགོངས་གཏེར་ཞལ་ཆེམས་སོགས་དཀོན་མཆོག་སྤྱི་འདུས་ཀྱི་ངོས་འཛིན་གནང་བ་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་འགྲོ་འདུལ་རྡོ་རྗེ་མཆོག་སྨོན་ལམ་ཚོགས་མགོན་དུ་གདན་འདྲེན་ཕེབས་པ་བསྔགས་འོས་བསྟོད་འོས་དང་ཡི་རངས་བསྔགས་བརྗོད་འབུལ། དཔལ་ལྡན་ས་སྐྱ་པའི་བསྟན་པའི་གསལ་བྱེད་ཚར་ཆེན་བཅོ་བརྒྱད་ཁྲི་ཆེན་(༧གོང་ས་མཆོག་གིས་རྩ་བའི་བླ་མའི་གྲས་དང་ ས་སྐྱ་བདག་ཁྲི་མཆོག་གིས་རྩ་བའི་བླ་མའི་གྲས་དང་ཆོས་ལུགས་རིས་མེད་ཀྱི་སྐྱེ་ཆེན་དམ་པ་མང་པའིབཤེས་གཉེན་བཙན་བྱོལ་བོད་གཞུང་ཆོས་ལྡན་བཀའ་བློན་སོགས) མཆོག་གིས་ངོས་འཛིན་གནང་རྒྱལ་བ་ཞྭ་དམར་མཆོག་གིས་དགོངས་པའི་ཡེ་ཤེས་གཅིག་མཐུན་གྱི་སྐུ་བདག་དང་དོན་བརྒྱུད་ཀྱི་གསེར་ཁྲི་བཞག་པ་དཔལ་རྒྱལ་དབང་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ས་སྐྱ་བླ་ཆེན་ཚོས་རྒྱབ་སྐྱོར་གནང་བཞིན་པ་བསྟེན་ས་ཇོ་རིས་མེད་དཀའ་ཁག་ཨུ་བདེན་འཁུར། རིས་མེད་ཚོར།།། སྐྱབས་རྗེ་ཀ་ལུ་ཡང་སྲིད་རིན་པོ་ཆེ་གདན་འདྲེན་ག་དུས་ཞུས་མྱོང་ན། ཇོ་ཤངས་བསྟན་བདག་ཨུ་བརྩི་ཁུར། འབོ་དཀར་མཆོག་སྤྲུལ་དང་མཁན་ཆེན་བློ་གྲོས་དོན་ཡོད་ཨུ་གདན་ཁུར། བེ་རི་མཁྱེན་བརྩེ་་ཨུ་གདན་ཁུར། འཇམ་མགོན་ཀོང་སྤྲུལ་གཉིས་ཀ་ཨུ་གདན་ཁུར། ཤངས་པའི་བསྟན་འཛིན་ཨུ་ཉོན་ཁུར། རིས་མེད་དོན་ཨུ་བདེན་ཁུར།། དཔལ་ཤངས་པའི་གྲྭ་མཐར་བ་ཀརྨ་ཆོས་གྲགས་ནས།།།།



བརྗོད་གཞི་གཞན་ཁག་ལ་གཟིགས།