བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༣༡ཉིན། ཟླ་འདིའི་ཕྱི་ཚེས་༣༠ཉིན་གྱི་ཐོ་རེངས་ཆུ་ཚོད་༤པ་ཡོལ་ཙམ་ལ། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་རང་ཤག་ཏུ་སྐུ་གཤེགས་པའི་ཡིད་ སྐྱོའི་གནས་ཚུལ་ཐོན་འདུག

དེ་ཡང་ཉེ་བའི་ལོ་གཅིག་ཙམ་གྱི་སྔོན་ནས་བཟུང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ལ་སྙུང་གཞི་ཞིག་ཕོག་ནས་སྨན་པ་གང་མང་ལ་བསྟེན་གཏུག་གིས་སྨན་བཅོས་དང་རིམ་འགྲོ་མང་དུ་གནང་ཡོད་ཀྱང་། ཉེ་ཆར་སྙུང་གཞི་ཇེ་སྡུག་ཏུ་སོང་ཏེ་ཁ་སང་ཕྱི་ཚེས་༣༠ཉིན་གྱི་ཐོ་ཐེངས་ཆུ་ཚོད་༤པ་ཡོལ་ཙམ་ལ་ནོར་གླིང་གི་རང་ཤག་ཏུ་དགོངས་པ་རྫོགས་པས། དེ་རིང་ཕྱི་དྲོ་ཆུ་ཚོད་༢པའི་ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད་བཅས་མཉམ་འཛོམས་ཐོག་དམ་པ་ཁོང་ལ་སྨོན་ལམ་གསུང་འདོན་དང་ལས་ཁུངས་ཁག་སྒོ་བརྒྱབ་ནས་མྱ་ངན་གུས་འདུད་ཞུས་ཡོད་འདུག

དམ་པ་ཁོང་ནི་ད་ལྟ་དགུང་གྲངས་༧༧ཡིན་ལ། ཕྱི་ལོ་༡༩༣༥ ལོར་ཁམས་བྲག་གཡབ་ཏུ་ཡབ་མཛེས་བཅུ་ཚང་ཀུན་བཟང་ཚེ་བརྟན་དང་ཡུམ་ཨ་ཡག་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༧ཙམ་ནས་བོད་ཡིག་འབྲི་ཀློག་སྦྱང་མགོ་བརྩམས་ཏེ་རིམ་གྱིས་སུམ་རྟགས་དང་ནང་དོན་རིག་པ་བཅས་ལ་སློབ་སྦྱོང་གནང་།  དགུང་ལོ་ ༡༩ ལ་ལྷ་སར་ཕེབས་ཏེ་རྭ་སྟོད་གྲྭ་ཚང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་པ་དང་། ཕྱི་ལོ་ ༡༩༦༠ ལོར་ཝ་ཎཱ་མཐོ་རིམ་སློབ་གྲྭར་ལེགས་སྦྱར་གྱི་སྐད་ཡིག་དང། ཧིན་དིའི་སྐད་ཡིག མཚན་ཉིད་བཅས་ལ་སློབ་གཉེར་གནང་བ་དང། མཐར་ཕྱིན་རྗེས་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་ལྟར་ཝར་ཎཱ་ཧིན་དུ་གཙུག་ལག་སློབ་གཉེར་ཁང་(Banaras Hindu University)དུ་ཉམས་ཞིབ་ཀྱི་ཕྱག་ལས་གནང་།

ཕྱི་ལོ་ ༡༩༦༣ ལོར་ཆོས་དོན་ལྷན་ཁང་ནང་ཕྱག་ལས་གནང་བ་དང་།  ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་ཀྱི་གཙོ་བོའི་གྲས་དང་། ཕྱི་ལོ་ ༡༩༧༡ ལོར་དྲིལ་བསྒྲགས་དྲུང་ཆེ་གཞོན་པར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༧༦ལོར་བཀའ་དྲུང་གཞོན་པར་བསྐོ་གཞག་དང་། ཕྱི་ལོ་ ༡༩༨༠ ལོར་དྲིལ་བསྒྲགས་དྲུང་ཆེར་གནས་སྤོས་བསྐོ་གཞག་བྱུང། ཕྱི་ལོ་ ༡༩༨༣ ལོར་ལས་བྱེད་བདག་གཉེར་ཁང་གི་ཚོགས་མིར་བསྐོ་གཞག་བྱུང། དེ་ནས་ཕྱི་ལོ་ ༡༩༩༡ ལོར་ཆབ་སྲིད་ཚོགས་ཆུང་གི་རྒྱུན་ལས་དྲུང་ཆེར་བསྐོ་གཞག་བྱུང། ཕྱི་ལོ་ ༡༩༩༣ ལོར་བཀའ་བློན་དུ་འདེམས་ཐོན་བྱུང་སྟེ། ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་སྐབས་ ༡༠ བཀའ་ཤག་གི་ནང་སྲིད་དང་འཕྲོད་བསྟེན་གྱི་བཀའ་བློན་གནང་།

ཕྱི་ལོ་ ༡༩༩༥ ནས་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༩༧ ལོར་སླར་ཡང་བཀའ་བློན་དུ་འདེམས་ཐོན་བྱུང་ཏེ། ཕྱི་ལོ་ ༢༠༠༡ བར་སྐབས་ ༡༡ བཀའ་ཤག་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་ཐོག་ནང་སྲིད་དང། བདེ་སྲུང། ཆོས་རིག་བཅས་ཀྱི་བཀའ་བློན་གནང། དེ་ནས་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་གྱི་ལས་ཡུན་ཚང་རྗེས་བགྲེས་ཡོལ་དུ་ཕེབས་ཏེ། ཕྱི་ལོ་ ༢༠༠༢ ནས་ད་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་༸གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་གྱི་ཕྱག་ལས་གནང་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
བཀའ་བློན་ཁྲི་ཟུརབསོད་སྟོབས་མཆོག་བཙན་བྱོལ་བོད་གཞུང་ལ་ཞབས་ཕྱི་རྣམ་དག་ཞུས་མཁན་བཀའ་དྲིན་ཆེན་པོ་ཕྱག་ལས་གནང་འདུག་ཁོང་སྐུ་གཤེགས་པ་ཡིད་སྐྱོ་གནས་ཚུལ་ངོ་མ་རེད། བཙན་བྱོལ་སྒྲིགས་འཛུགས་ཀྱི་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་རྒྱ་ཆེ་གནང་འདུག་། རྒྱ་མིའི་བཟང་ངན་གོ་ཡ་མིན་གུ། བཀའ་ཟུར་འཇུ་ཆེན་ལ་རྒྱ་ནག་ལས་ཡང་གདུང་སེམས་མཉམ་བསྐྱེད་འདུག་ཟེར་ཡ་མཚན་ཆེན་པོ་རེད། ཁོང་རྣམ་པས་ཕྱག་ལས་ཡག་པོ་གནང་བ་ལ་འབྲས་བུར་སོན་མ་ཐུབ་པ་བློ་ཕམ་བྱེད་ལུས་ཡོད།ཨོཾམཎིཔདྨེཧཱུཾ། བདེ ་བ་ཅན་པཎ་ཆེན་སྣང་བ་མཐའ་ཡས་དངའོད་དཔག་མེད་མགོན་རྣམ་འཕྲུལ་ཞྭ་དམར་པ་སོགས་འདྲེན་པར་ཤོག།། མ་ཟད་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྒྱལ་དབང་ཡིད་བཞིན་ནོར་བུའི་པོ་ཏ་ལ་གྱི་ཞིང་ཁམས་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཀརྨ་པ་སོགས།འདྲེན་པར་ཤོག།
1 ༠༡༢༠༡༣༠༠༤༢
བཀའ་ཟུར་དེ་རྣམས་ཀྱི་དཀའ་དྲིན་དུས་ནང་ཡང་མ་བརྗོད་རོགས་གནང་།



བརྗོད་གཞི་གཞན་ཁག་ལ་གཟིགས།