བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བོད་དོན་དྲིལ་བསྒྲཌ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢༩ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱིས་དབུ་འཁྲིད་པའི་རྒྱ་གར་གྱི་ས་ཁུལ་༧༠ ལྷག་ལ་བོད་དོན་དྲིལ་བསྒྲཌ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག ཕྱི་ལོ་༢༠༡༢ ཕྱི་ཟླ་༡༢ ཚེས་༡༧ ནས་དབུ་འཛུགས་བྱས་ཡོད་པ་དང་ལས་འགུལ་གྱི་དམིགས་ཡུལ་དོན་ཚན་ལྔ་ཡོད་འདུག

དོན་ཚན་དང་པོ། བོད་ནང་གི་ཛ་དྲག་གི་གྱེན་ལངས་ངོ་སྤྲོད་དང་། གཉིས་པ། བོད་པ་ནང་ཁུལ་དང་རྒྱ་གར་གྱི་ཡུལ་མིའི་བར་གྱི་མཐུན་ལམ་ཇེ་ཟབ་ཏུ་གཏོང་ཐབས། གསུམ་པ། འཛམ་གླིང་གི་མང་གཙོའི་བྱུང་རབས་དང་མང་གཙོའི་རྣམ་གྲངས་ངོ་སྤྲོད། བཞི་པ། བོད་ཀྱི་མང་གཙོའི་བྱུང་རབས་དང་མང་གཙོ་ཉམས་སུ་ལེན་ཕྱོགས། ལྔ་པ། བཙན་བྱོལ་ནང་མི་རབས་གསར་པའི་དབུ་ཁྲིད་པའི་བོད་དོན་ལས་འགུལ་ཁག་ལ་མང་ཚོགས་ཀྱིས་མཉམ་ཞུགས་རྒྱབ་སྐྱོར་ཞུ་སྟངས་བཅས་དོན་ཚན་ལྔའི་ཐོག་འགྲེལ་བཤད་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ལས་འགུལ་དེ་རྒྱ་གར་ནང་ཁུལ་གྱི་མོ་ཧཱ་ལིའི་ས་གནས་དང་། མཱན་སཱ་དཱེ་ཝི། མཱ་ནའི་མཱ་ཇཱི་རཱ། ཛཱེ་རཱ་པུར། པཱ་ཏྲིའི་ཡཱ་ལ། ཨཱམ་བྷཱ་ལཱ། ཀཱར་ནཱལ། པཱ་ནིའི་པཱཋི། སོ་ནིའི་པཱ་ཋི། ཨཱལ་ཝཱར། ཨཱ་ཇཱི་མཱར། ཇཱོ་དཱེའི་པུར། ཨུའུ་དཱེའི་པུར། ཨཱ་ཧིམ་ངྷ་བྷད། སཱུ་རཱ་ཏཱ། ནཱ་སིག ཨིན་དཱོརིའི། བྷ་རོ་ཌ། ངྷི་མཱ་པུར། ཀོ་ཧི་མཱ། ཤཱིའི་ལོང་། རཱ་ཝང་ལཱ། གྷང་ཏོག ཨཱལ་ཧཱ་བྷད། ལཱཊ་ནའོ། ཀཱན་པུར། རཱན་ཅཱིའི། ཀུ་ལུ་ཊྲཱ། ཨཱ་སན་སོལ། ངྷཱ་བྷད། བྷ་ནཱ་རཱསི། པཱད་ནཱ་གཙོས་ས་ཁུལ་བདུན་བཅུ་ལྷག་ལ་དྲིལ་བསྒྲགས་ཀྱི་ངོ་བོའི་ཐོག་ནས་ལས་འགུལ་རྩོམ་རྒྱུ།

ལས་འགུལ་དེའི་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་དང་རྩིས་པ་བསྟན་འཛིན་དར་རྒྱས་ལགས་གཉིས་ཀྱིས་སྣེ་འཁྲིད་པའི་དྲིལ་བསྒྲགས་ལས་འགུལ་དེ་ངྷི་མཱ་པུར་ས་གནས་ནས་དབུ་འཛུགས་བྱ་རྒྱུ་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་དྲུང་ཆེ་སེར་སྨད་བློ་དགའ་དང་རྒྱུན་ལས་དཔལ་འབྱོར་ཚེ་རིང་། རྒྱུན་ལས་བསྟན་འཛིན་རྣམ་མཛེས་བཅས་ཀྱིས་སྣེ་འཁྲིད་པའི་དྲིལ་བསྒྲགས་ལས་འགུལ་དེ་མོ་ཧཱ་ལིའི་ས་གནས་ནས་དབུ་འཛུགས་བྱས་ཡོད་པ་རེད།

དྲིལ་བསྒྲགས་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཟླ་གཅིག་མ་ཟིན་ཙམ་འགོར་རྒྱུན་ཡིན་པ་དང་ལས་འགུལ་གྱི་རྣམ་གྲངས་ནང་། ངོ་སྤྲོད་གཏམ་བཤད་དང་དྲིལ་བསྒྲགས་བརྙན་རིས་ཁྱབ་བསྒྲགས། གྱང་འགོད་པར་རིས་སྦྱར་འགྲེམས། རྒྱལ་གཅེས་དཔའ་བོའི་མཚན་གཞུང་དང་ཁྱབ་ཁོངས་ངོ་སྤྲོད་ཀྱི་ཡིག་ཆ་འགྲེམས་བཀྲམ་བྱ་རྒྱུ། མང་ཚོགས་ལ་དྲི་བ་དྲིས་ལན་གྱི་ལམ་ནས་ལས་འགུལ་དེ་དག་གཏིང་ཟབ་པོར་ངོ་སྤྲོད་ཐུབ་ཐབས་བྱ་རྒྱུ་བཅས་རེད་འདུག

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་དང་སྤྱི་ཁྱབ་རྩིས་པ་དར་རྒྱས་ལགས་རྣམ་གཉིས་ཚོགས་པའི་དྲིལ་བསྒྲགས་སྐོར་བསྐྱོད་དང་འབྲེལ་རྒྱ་གར་གྱི་(Drbrugarh) ས་གནས་སུ་རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་ (C.M chang) མཆོག་དང་མཇལ་འཕྲད་དང་བོད་ནང་གི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་ཞིབ་རྒྱས་ཐོག གྲོས་ཚོགས་ཀྱི་འཐུས་མི་མཆོག་ལ་རྒྱ་གར་གྲོས་ཚོགས་ནང་བོད་དོན་ཤུགས་ཆེར་གླེང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།

གྲོས་ཚོགས་ཀྱི་འཐུས་མི་ཁོང་གིས་ཀྱང་དེ་ལྟར་ཞལ་བཞེས་གཙང་མ་གནང་བ་མ་ཟད། བོད་དོན་ཐོག་ཐུགས་ཕམ་ཆེན་པོའི་ངང་། བོད་ཀྱི་ཛ་དྲག་གི་གནས་སྟངས་དེ་འཛམ་གླིང་གི་གླེང་སྟེགས་ཐོག་འཇོག་ཐུབ་པ་དགོས་རྒྱུ་དང་བོད་ཀྱི་སྐད་ཡིག་གིས་གཙོས་པའི་རིག་གནས་སྲུང་སྐྱོབ། བོད་ཕྱི་ནང་གཉིས་ཀྱི་བོད་པ་རྣམས་མཐུན་འབྲེལ་དམ་ཟབ་ངང་མདུན་མཆོངས་ཆེན་པོའི་ལས་འགུལ་སྤེལ་དགོས་སྐོར་ལམ་སྟོན་གནང་ཡོད།

དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་སེར་སྨད་བློ་དགའ་ལགས་དང་དབུས་རྒྱུན་སྤྱི་ཁྱབ་དཔལ་འབྱོར་དོ་དམ་པ་སྤུ་ཧྲེང་དཔལ་ལགས་རྣམ་གཉིས་རྒྱ་གར་རཱ་ཇཱ་སི་ཋན་(Rajsthan) ནང་གི་པཱལི་(pali) ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་གར་གཞུང་འབྲེལ་ཀོང་རཱིསའི་སྲིད་དོན་ཚོགས་པའི་ས་གནས་འཐུས་མི་དང་ཁ་ཆེའི་ཆོས་དཔོན་དམ་པ་(Hakim bhai (parshad) 19 མཆོག་དང་། Mehboob Bhai(parshad) 20 རྣམ་གཉིས་ལ་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་དུས་ཡུན་རིན་པོར་ཞུ་སྐུལ་དང་དྲི་བ་དྲིས་ལན་བྱས་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བ་དྲིལ་བསྒྲགས་འགན་འཛིན་བསྟན་འཛིན་རྣམ་མཛེས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།