དགོངས་ཚུལ།

དཔའ་བོའི་ཞལ་ཆེམས་བརྒྱུད་བསྒྲགས་བྱེད་པའི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢༧ཉིན། ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་གསུམ་གྱིས། བོད་མི་རིགས་དང་རྒྱལ་ཁབ་ཆེད་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམས་ས་གནས་མི་མང་ལ་བརྒྱུད་བསྒྲགས་གནང་བའི་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་འདུག

དེ་ཡང་ཨོ་སི་ཊོ་ལི་ཡར་གནས་སྡོད་འབྲི་རུ་བློ་བཟང་དང་། མདའ་བཞིའི་ཕུན་ཚོགས། རེབ་གོང་བསྟན་འཛིན་ཆོས་རྒྱལ་གསུམ་གྱིས། ༼དཔའ་བོའི་ཞལ་ཆེམས་བརྒྱུད་བསྒྲགས་བྱེད་པའི་ལས་འགུལ་༽དེ་ཟླ་འདིའི་ཕྱི་ཚེས་༢༦ཉིན་འགོ་འཛུགས་ཀྱིས། ཞལ་ཆེམས་རྣམས་རྒྱ་བོད་དབྱིན་གསུམ་ཐོག་ཕབ་སྒྱུར་ཞུས་ནས། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་གི་སྐད་གྲགས་ཆེ་བའི་ལྷ་མོའི་ཚོགས་ཁང་གི་མདུན་དུ་མི་མང་ཁྲོད་བརྒྱུད་བསྒྲགས་དང་འགྲེམས་སྤེལ་གནང་འདུག

ལས་འགུལ་འདི་ཉིད་དུས་ཡུན་བདུན་ཕྲག་གཅིག་རིང་སྤེལ་རྒྱུ་ཡིན་འདུག་ལ། གཟའ་འཁོར་རྗེས་མའི་རེས་གཟའ་ལྷག་པའི་ཉིན་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མདུན་དུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་དང་། རྒྱལ་ཙོགས་ལ་ཞུ་སྙན་འབུལ་ཏེ་ལས་འགུལ་མཇུག་བསྡུ་རྒྱུ་ཡིན་འདུག

ཡང་ཁོང་ཚོས་ལས་འགུལ་འདི་དང་འབྲེལ་བའི་རེ་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། འདི་ནི་གཞི་རྒྱ་ཆེ་ལ་རྣམ་གྲངས་མང་བ། རྒྱུན་རིང་བའིཞིག་སྤེལ་རྒྱུའི་ཆ་ཤས་ཤིག་ཡིན་ལ། ཟླ་ངོ་གསུམ་བཞིའི་གོང་ནས་ཞིག་སྤེལ་ཐབས་ཐད་ནས། སུ་དང་སུས། གང་དང་གང་དུ། ཅི་ཞིག་ཇི་ལྟར་སྤེལ་དགོས་ཡོད་མེད་སྐོར་ལ་དྲི་བ་དྲིས་ནས་གླེང་གང་ཐུབ་བྱས་ཀྱང་། ལས་འགུལ་འདི་དང་འདི་དག ས་གནས་དེ་དང་འདི་ལ། འདི་ལྟར་སྤེལ་ན་བཟང་བའི་དགོངས་འཆར་ལ། ད་བར་གཅིག་བུ་ལས་གསུང་མཁན་མ་བྱུང་བས། ངེད་གསུམ་གྱིས་ནང་གྲོས་ཐག་གཅོད་བྱས་མཐར། ས་གནས་བོད་མཐུན་རྣམས་དང་ས་གཞོན་ཚོགས་གཙོ་སོགས་ལ་རྒྱབ་སྐྱོར་དང་རོགས་རམ། ལམ་སྟོན་ཡོང་བ་སྙན་གསན་གོ་བསྡུར་ཞུས་ནས་བྱུང་བ་ཞིག་གོ།

དེ་ཡང་ཁྱབ་ཆེ་ལ་འཕེལ་མགྱོགས་པའི་རང་བསྲེག་རྒྱ་བརྒོལ་འདི་ལ། ལས་འགུལ་རང་ཚོད་ཀྱིས་ནུས་པ་མ་ཐོན་པར་གནས་པ་ནི། ང་ཚོ་སྤྱི་སྒེར་གང་ཐད་ནས་ཚ་ཚ་འུར་འུར་དང་སྨྱོ་བ་ལྟ་བུའི་ལས་འགུལ་སྣ་ཚོགས་སྤེལ་ཏེ་གཞོགས་འདེགས་ཤུགས་ཆེན་བྱེད་རྒྱུ་མ་བྱུང་བས་རེད་སྙམ། བྱས་ཙང་ལས་འགུལ་འདི་ནི་ཆེས་བྱ་དཀའ་ལ་གྲངས་འབོར་ཆེ་བའི་རྒྱ་བརྒོལ་རང་བསྲེག་དཔའ་བོ་དཔའ་མོ་རྣམ་པའི་ཐུགས་འདུན་ཞལ་ཆེམས་སྙིང་དོན་དང་། དེའི་འབྱུང་རྐྱེན་འཛམ་གླིང་མི་མང་ལ་ཤེས་སུ་བཅུག་སྟེ་རྒྱབ་སྐྱོར་འཚོལ་སྒྲུབ་ཏུ། མི་སྒེར་བ་གསུམ་དངོས་སུ་གཞུང་ལམ་སྟེང་ལ་ཐོན་ནས་མགོ་བཙུགས་པ་ཞིག་ཡིན།

ཚོགས་སྡེ་ཁག་གི་ཐད་ནས་མི་མང་མཉམ་འདུས་སྐད་འབོད་ལྟ་བུའི་ལས་འགུལ་དག དུས་ཡུན་ངེས་ཅན་རེར་མ་གཏོགས་སྤེལ་མི་ཐུབ་ལ། དེ་ནི་བདག་གཞན་སུའི་ཐད་ནས་ཆར་ཅན་ཞིག་ཏུ་མཐོང་སྟེ་ཅུང་སྒྱིད་ལུག་གི་སྣང་བ་ སྟེར་ཚོད་འདུག་པའི་སྐབས་འདིར། མི་སྒེར་ནས་མགོ་འཛུགས་ཀྱིས་མི་སྒེར་ནས་མི་སྒེར་ལ། ཆུ་ལམ་བརྒྱུད་དང་རྡོ་ལག་བརྒྱུད་བཞིན་ཕན་ཚུན་སྤེལ་རེས་གནང་སྟེ། ནག་རི་ལ་མེ་ལྕེ་མཆེད་པ་ཇི་བཞིན་འཕེལ་མགྱོགས་པ། ཁྱབ་སྤེལ་ཆེ་བ། དུས་མི་གཡོལ་བ། རྒྱུན་མི་ཆད་པ། རྒྱ་མཚོའི་རླབས་བཞིན། གཅིག་འཇགས་གཉིས་ལང་། བརྒྱ་འཇགས་སྟོང་ལང་། རྔམས་ཁ་མཐུག་ལ་གཞི་རྒྱ་ཆེ་བ། འཛམ་གླིང་མི་མང་རང་གི་ལས་འགུལ་ཞིག་ཏུ་ཆགས་རྒྱུར་རེ་བ་བྱེད་ཀྱིན་ཡོད།

ཞར་ལ་ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམ་པར། སྔ་མ་དག་གིས་གནང་བ་མ་འགྲིག་མ་འཐུས་ཚུལ་ཁོ་ན་བསྒྲགས་ནས་འདུག་པ་འམ། ཡང་ན་གོ་མེད་ཚོར་མེད་ངང་ཁུ་སིམ་མེར་མི་བཞུགས་པར། དེ་དག་གི་བསླབ་བྱ་སེམས་ལ་གཅེས་ཉར་ཐོག ཐབས་གསར་སྤྱད་དེ་གང་ཞིག་བསྒྲུབ་པར་དྲན་གསོའི་བསྐུལ་མ་འང་བྱེད་ཀྱིན་ཡོད།

ལས་འགུལ་སྤྱི་མཚུངས་བཞིན་མི་རེ་ངོ་རེ་ནས་བྱས་ཏེ་མི་མང་གིས་འཕྱར་གྲུ་མཉམ་འདེགས་ གནང་གལ་ཆེ་བས། ངེད་གསུམ་ནས་མགོ་བཙུགས་པའི་ལས་འགུལ་འདི་ལ་འཕྱར་གྲུ་མཉམ་འདེགས་བྱེད་པར། ཉིན་ཚང་མར་མཉམ་ཞུགས་གནང་བ་འམ། ཉིན་རེ་ཟུང་། སྔ་དྲོ་ཕྱི་དྲོ། དེ་བས་གལ་འགངས་ཆེ་བ་ནི་ལས་འགུལ་གྱི་སྙིང་དོན་དྲིལ་བསྒྲག་ཡིག་ཆ་ཁ་ཤས་པར་སློག་གི་སྦྱིན་བདག་གནང་བ་སོགས་ཆུ་གྲོགས་ཆར་བས་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞུ། ཞེས་༢༠༡༢ལོའི་ཟླ་༡༢པའི་ཚེས༢༦ ཉིན། འབྲི་རུ་བློ་བཟང་། མདའ་བཞིའི་ཕུན་ཚོགས། རེབ་གོང་བསྟན་ཆོས་གསུམ་གྱིས་གུས་འཕུལ་ལོ། ཞེས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཁྱུང་དར་རྒྱས་ཟེར་མཁན་བོད་མི་གསར་བྱོལ་བ་ཞིག་གིས་བདེ་སྲུང་ལས་ཁང་ལ་རྡོ་གཞོམ་ནས་གཏོར་གྲབས་བྱེད་པ་རེད་ཟེར། ཁང་པ་དངོས་ནས་གཏོར་ཐུབ་ཡོད་ན། གནས་ཚང་རྒྱ་གར་གཞུང་གི་དབུ་ཁྲིད་ཟེར་ན་ གཞུང་གི་དབུ་འཁྲིད་ནི་མོ་ཨོ་མ་སིང་སྲིད་བློན་རེད་ ཁོང་ལ་གྲི་བཙུགས་པ་ཡིན་ན་དཔེ་བསགས་སོང་། ཁོང་ལ་སྲུང་སྐྱོབ་བྱས་མཁན་པོ་ལི་སིས་དང་རྒྱལ་སྒོ་སྲུང་མཁན་སོགས་གང་ཡང་མེད་པ་ཡིན་ན། ག་སྲིད་ཡིན་ན་ཁྱུ་དར་ཁོང་ག་འདྲས་བྱེད་ནས་ནང་དུ་འཛུར་ཐུབ་པ་རེད། གྲི་བཙུགས་ནས་བཀྲོང་ཚར་སོང་ངེས། ཨ་ཁ་ཁ་ལས་ཀ་སྡུག་རྐྱག་རེད། མ་གཞི་ཁྱུང་དར་ནས་བོད་གཞུང་བདེ་སྲུང་གི་ཁང་མིག་གཏོར་གྲབས་བྱེད་པ་དང་། རྒྱ་གར་གྱི་པོ་ལི་སིར་ཞིག་ལ་གྲི་བཙུགས་ཀྱང་ཉེན་ཁ་ཚབས་ཆེ་མི་འདུག་ཟེར་ནས་གནས་ཚུལ་བལྟ་ཡག་འདུག་། མ་ཟད་བཙོན་ཁང་དུ་བསྡད་རྒྱུ་ཁེལ་པ་དང་བོད་ཀྱི་བཀའ་བློན་རྣམ་པ་དང་མི་མང་ཚོགས་པ་ཁག་གིས་རོགས་པ་གནང་བཞིན་པ་རེད་ཟེར། དེ་ཚོས་རོགས་པ་བྱེད་སྟངས་ལ་བསམ་ན་ཁྱུང་དར་ཁོང་དཔེ་མེད་ཉེས་ཅན་ཞིག་མིན་པ་བརྟགས་མཚན་གསལ་པོ་བསྟེན་པ་རེད། དྲྭ་འབུ་ཁྱེད་ཀྱིས་གོང་གི་མཐོང་ཆོས་སུ་ཡོད་པ་དེ་ཚོར་རྫུན་གཏམ་གྱི་ཧམ་པ་བཤད། ལས་ཁང་ཁང་པ་ཙམ་གཏོར་གྲབས་མ་ཚད་ལས་བྱས་ནང་སྲིད་བཀའ་བློན་མཆོག་ལ་སྡང་སེམས་ཀྱི་བརྙས་བཙུག་དང་དོན་དངོས་ཐོགས་བོད་གཞུང་ལ་མཚན་དམན་བྱེད་བཞིན་པ་འདི་ཚོར་ཁྱེད་གཉིས་འདྲ་མཉམ་ཕར་བཞོག་དྲྭ་འབུ་ཁྱེད་ཀྱིས་ཉེས་ཅན་ལྕིབས་མོ་དང་ཚབས་ཆེ་བསགས་འདུག་པ་ཁྲིམས་གཅོད་ག་འདྲ་བྱས་རྩིས་ཡོད། རང་སྡུག་མ་ཉོ་ཨང་འགྱོད་དགོས་བའི་དུས་ཞིག་ཤར་འདུག། ཁྱེད་ལ་སྐུ་ཁམས་བདེ་མོ་བགྱིད་ཞུ་ནི་ཡིན།།།།
ཇི་སྐད་དུ། རང་གི་ཀུན་བསླངས་བརྣག་སེམས་དང་གནོད་སེམས་གཉིས་ལྡན་གྱིས་རང་གིས་བཟུང་བ་དང་། འཇུ་བཟུང་བཅུག་པ་དང་། འཇུ་བཟུང་བྱེད་པ་ལ་ཡི་རངས་བྱེད་པ་གསུམ་ལས་ཁྱི་ནག་ཁྱེད་ལ་ག་ཚད་ལྡག་རྒྱུ་ཐོབ་སོང་། བོད་གཞིས་བྱེས་གཉིས་ཀྱི་བདེ་སྐྱིད་དང་༧གོང་ས་མཆོག་གིས་བཀའ་དགོངས་སྒྲུབ་མཁན་ནང་སྲིད་བཀའ་བློན་དཔའ་མོ་རྒྱ་རི་སྒྲོལ་མ་ལ་རྒྱ་ནག་ཉེན་རྟོག་པའི་རྒྱུག་ཁྱིས་ཁྱེད་ཀྱིས་ལྐོག་དུ་ག་དུས་རྨུག་རྒྱུ་རགས་ཀུན་བསློང་བརྣག་སེམས་དང་གནོད་སེམས་ཀྱི་ཉིན་དལ་མེད། མཚན་མོ་གཉིད་མེད་ཀྱི་སྒོ་སྲུང་བྱེད་ནས་བལྟས་ཀྱང་ཁོང་གི་རྐུབ་ནས་དྲི་མ་བསྣུམ་རྒྱུ་ཕས་ཞོག་གྲིབ་སོ་ཙམ་ཡང་ཁྱི་ནག་ལ་སྣོམ་ཡར་ཐོབ་མི་ཡོང་ངོ་། ཁྱི་རྐུབ་དྲི་ཕྱེན་རང་གི་སྣུམ་ནས་བཞུགས་ལྡན་འཇག་གོ།།།
ཞོགས་པ་དེར་ཁོ་མེག་ལོར་བདེ་སྲུང་ལས་ཁང་གཏོར་གྲབས་བྱས་ནས་རྡོ་བཞཱུས་པ་དང་། གནས་ཚང་རྒྱ་གར་གཞུང་གི་དབུ་འཁྲིད་ལ་གྲི་བཙུགས་པ་དེ་བོད་སྤྱི་པའི་ལས་དོན་ཡིན་ནམ།་ བོད་གཞཱུང་གི་ལས་ཁང་གཏོར་བཤིགས་བྱེད་ཐབས་བྱེད་མཁན་དང་། དེ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ནི་རྒྱ་མིའི་རྒྱུགས་ཁྱི་མ་ཡིན་ན་རྒྱ་མིའི་རྒྱུ་ཁྱི་ཞིག་གང་ནས་རྙེད་དམ། རྒྱུགས་ཁྱི་ལགས།་ད་དུང་གཅིག་གསུང་དང་། དེ་ནས་རྒྱ་རི་སྒྲོལ་རྐུབ་ནས་དྲི་མ་ཞྀག་སྣོམ།



བརྗོད་གཞི་གཞན་ཁག་ལ་གཟིགས།