ཞི་རྒོལ་དཔའ་བའི་སྙིང་སྟོབས་ལ་བསྔགས་བརྗོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༧པའི་ཚེས་༡༥ཉིན་སྤེལ། ཟླ་འདིའི་ཚེས་༡༤ཉིན། བཞུགས་སྒར་དྷ་སའི་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་ཡོད་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྔར་ལོའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་གི་བཙན་གནོན་དབང་བསྒྱུར་དང་ལོག་པའི་སྲིད་བྱུས་ལ་རང་སྲོག་འཛེམས་མེད་ཀྱིས་ངོ་རྒོལ་གནང་རྗེས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་འབྱོར་བྱུང་ཡོད་མཁན་བོད་མི་ཞི་རྒོལ་བ་རྣམས་ལ་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་དཔའ་སྙིང་ཆེ་བའི་གཟེངས་བསྟོད་གནང་ཡོད་པ་རེད།

བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང༌། ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་བསོད་ནམས་བསྟན་འཕེལ་དང༌། བསོད་ནམས་དགྲ་འདུལ། དགེ་བཤེས་སྨོན་ལམ་མཐར་ཕྱིན། སྒྲོལ་མ་ཚེ་རིང༌། དཀོན་མཆོག་ཆོས་སྒྲོན། རྒྱ་རོང་ཟླ་བ་ཚེ་རིང་བཅས་ཀྱིས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ས་བྱི་ལའི་འོས་རྒོལ་ནང་ཞུགས་མཁན་གྱི་ཞི་རྒོལ་བ་སེར་སྐྱ་མི་མང་༢༠ལྷག་ལ་མཇལ་མོལ་གནང་སྟེ། ཞི་རྒོལ་སྐབས་ཀྱི་ཁོང་ཅག་ཚོའི་མཐོང་ཐོས་མྱོང་གསུམ་གསན་བཞེས་གནང་ཡོད་འདུག

དེ་ཡང་རྒྱ་ནག་གི་བཙན་གནོན་དབང་བསྒྱུར་འོག་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་དཀའ་ཉེན་ཚབས་ཆེན་འཕྲད་ཀྱིན་ཡོད་སྟབས། བཙན་བྱོལ་བོད་གཞུང་གིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ལེགས་བྱང་རྒྱུད་འཛིན་ལེགས་སྤེལ་གཏོང་བར་བྱེད་རྩོལ་བླ་མེད་འབུལ་དགོས་ལུགས་ཞི་རྒོལ་བ་རྣམས་ཀྱིས་སྙན་སྒྲོན་ཞུས་ཡོད་པ་རེད།

སྔར་ལོའི་ཁམས་དཀར་མཛེས་ཁུལ་གྱི་རྒྱ་རྒོལ་གྱི་ཞི་བའི་འོས་ལངས་ནང་ཞི་རྒོལ་བ་དགེ་འདུན་པ་ཞིག་གི་སྲོག་སྐྱོབ་སླད་རང་ཉིད་ཀྱི་ལག་གཡོན་ལ་རྒྱ་དམག་གི་མེ་མདའ་ཕོག་ཏེ། དབང་བོ་སྐྱོན་ཅན་དུ་གྱུར་ཡོད་མཁན་བོད་མི་ཚེ་དབང་དོན་འགྲུབ་ལགས་ཀྱིས་བཙན་བྱོལ་བོད་མང་གཉིས་ཀྱི་གཞིས་ལུས་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ལེགས་འབུལ་དང༌། ལྷག་དོན་དུ་བཙན་བྱོལ་བོད་གཞུང་གིས་ཁོའི་ལག་པའི་རྨས་སྐྱོན་ཐད་སྨན་བཅོས་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲིན་ཞུས་ཡོད་འདུག

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་རྒྱའི་བར་བཞག་ཡོད་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང༌། ྋགོང་ས་མཆོག་དང་བོད་མི་སྟོང་ཕྲག་མང་པོའི་བྲོས་བྱོལ་གྱི་བརྒྱུད་རིམ། དེ་བཞིན་ཕྱི་ལོ༡༩༥༩ལོའི་ཟླ་༣པའི་བོད་མིའི་སྒེར་ལངས་ཆེན་མོ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་མདོར་བསྡུས་ཤིག་ཀྱང་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་ལགས་ཀྱིས་གསུངས་དོན། གཞིས་ལུས་བོད་མི་རྣམས་ཀྱི་ཆིག་སྒྲིལ་གྱི་སྙིང་སྟོབས་དང་བསམ་བློ་ནི་བཙན་བྱོལ་བོད་མི་དག་གིས་བོད་དོན་འཐབ་རྩོད་མ་ཤི་གསོན་གནས་བྱེད་པའི་སྐུལ་སློང་གི་འབྱུང་ཁུངས་ལྟ་བུ་ཆགས་ཡོད་ཅེས་དང༌། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཞི་རྒོལ་བ་རྣམས་ཀྱི་མ་འོངས་མདུན་ལམ་དང་འཚོ་ཐབས་ཐད་གོ་སྐབས་གང་ལེགས་སྤྲོད་རྒྱུ་ཡྀན། ཞེས་གཏམ་བཤད་སྤེལ་ཡོད་འདུག

གཞན་ཡང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་གཅེས་སྲོག་བློས་བཏང་གནང་མཁན་གྱི་བོད་རིགས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་ཚད་མེད་གནང་ཞོར་གསུང་དོན། ང་ཚོ་སྤྱི་འཐུས་རྒྱུན་ལས་ཁག་ནི་བོད་མི་མང་གི་སྐུ་ཚབ་ཡིན་པས། བོད་མི་རིགས་ཀྱི་བདེ་སྡུག་སྤྱི་དང༌། ཁྱད་པར་དུ་བོད་ནས་གསར་དུ་འབྱོར་མཁན་ཚོར་དགོས་ངེས་ཀྱིས་མཐུན་སྦྱོར་རོགས་རམ་གནང་རྒྱུ་ནི་ང་ཚོའི་ལས་འགན་ཡིན། ཞེས་གསུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲྭ་བས་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་གིས་སྐྱེས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྐུ་གཟུགས་བདེ་ཐང་དེ་བཞིན་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་པའི་སྨོན་འདུན་ཞུ། ། རྒྱ་གར་ལྷོ་ཕྱོགས་གྲྭ་བཀྲ་ཤིས་བསམ་འགྲུབ་ནས། ཕྱི་ལོ༢༠༠༩ཕྱི་ཟླ་༨ཚེས་༢༧ལ
ཡག་པོ་བྱུང་འདུག་ཐུགས་རྗེ་ཆེ་ལགསའ། གང་སྨྱུག་ནས



བརྗོད་གཞི་གཞན་ཁག་ལ་གཟིགས།